སྟོང་སྐོར་རྫོང་གིས་བརྗོད་དོན་སློབ་གསོ་སྤེལ།
ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།
སྤེལ་དུས། 2023-09-30 11:02:17
བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་བའི་ཚུན་ལ། སྟོང་སྐོར་རྫོང་གིས་བརྗོད་དོན་གཙོ་བོ་དང་རྩ་བའི་ལས་འགན་ལ་དམ་དུ་སྦྲེལ་ནས། སློབ་པ་དང་སྒྲུབ་པ་གཉིས་ཟུང་འབྲེལ་བྱས་ཤིང་། བརྗོད་དོན་སློབ་གསོའི་བྱ་བའི་བྱེད་ཐབས་ཞིབ་ཚགས་ཀྱིས་འཆར་འགོད་བྱས་ལ། དངོས་སློབ་དངོས་གཉེར་རྒྱུན་འཁྱོངས་བྱས་ཏེ། བརྗོད་དོན་སློབ་གསོ་དེ་གོ་རིམ་ལྡན་པའི་ངང་སྤེལ།
འགོ་ཁྲིད་བྱ་བའི་རྐྱེན་སྲོལ་བཙུགས་ནས། རྫོང་ཨུའི་རྒྱུན་ལས་ཨུ་ཡོན་དྲུག་གིས་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་རེའི་ཚན་གཙོའི་འགན་འཁུར་ཞིང་། རྫོང་ཨུའི་འགོ་ཁྲིད་གཙོ་བོས་ཚན་ཆུང་གི་ཚོགས་འདུ་ཐེངས་གཉིས་ལ་ཚོགས་ལ། ཆེད་དོན་ཟབ་སྦྱོང་ཐེངས་གཅིག་ལ་སྒྲུབ། བརྗོད་དོན་གྱི་གཙོ་ཐིག་ལ་དམིགས་ནས། རྫོང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཀོད་སྒྲིག་བྱས་ཏེ། སྔོན་བསྐྱོད་དཔེ་སྟོན་གྱི་རྣམ་པས་རྫོང་ཨུའི་ཏང་གི་སློབ་གྲྭའི་ནང་དུ་ཆེད་དོན་དཔེ་ཀློག་འཛིན་གྲྭ་སྒྲུབ་ཅིང་། ལས་ཀ་དང་བྲལ་ནས་ཚང་མ་གཅིག་བསྡུས་ཀྱིས་སློབ་སྦྱོང་དཔྱད་གླེང་བྱས་ལ། དེའི་ཁྲོད་སློབ་ཁྲིད་ལ་ཆག་པའི་སློབ་མ་བཅུ་གཅིག་ལ་གསབ་ཁྲིད་བྱས།
རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་དགུས་དུས་ལྟར་བརྗོད་དོན་སློབ་གསོའི་རེ་བ་དམ་འཛིན་བྱས་ནས། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱས། པོ་ཧང་ཡུལ་ཚོས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་ཐུན་མོང་སློབ་སྦྱོང་ཐེངས་བདུན་སྤེལ་ལ། ཡུལ་ཚོའི་ལས་བྱེད་པ་དག་འབྲེལ་གཏུག་བྱ་ཡུལ་གྱི་སྡེ་བར་སོང་ནས་སྡེ་བའི་ཏང་ཀྲི་པུའུ་ལ་ཏང་གི་སློབ་ཁྲིད་ཐེངས་དྲུག་བྱས། ལོ་ལོན་དང་འགྲོ་འདུག་སྟབས་བདེ་མིན་པའི་ཏང་ཡོན་སུམ་ཅུ་ལྷག་ལ་ཁྱིམ་ཚང་ནང་སོང་ནས་སློབ་ཁྲིད་བྱས། ཏུང་ཞྭ་ཡུལ་ཚོས་ཞིང་སྡེ་ཡུལ་སྐོར་ལ་དམ་དུ་དམིགས་ནས། ཞིང་སྡེ་འཛུགས་སྐྲུན་དང་འཕེལ་རྒྱས་སྐོར་གྱི་རྣམ་གྲངས་ཉེར་གཉིས་ལག་བསྟར་བྱེད་ཚད་ཉེ་མགྱོགས་སུ་བཏང་། ཉི་ཟླ་བོད་རིགས་ཡུལ་ཚོས་མང་ཚོགས་ལ་འཚམ་འདྲི་བྱེད་དུ་འགྲོ་བའི་རྣམ་པ་སྤྱད་དེ་ལྟ་བཤེར་བསམ་འཆར་གྱི་གནད་དོན་ཉེར་དྲུག་འཚོལ་བསྡུ་ལེགས་སྒྲིག་བྱས་ཤིང་། ལྟ་བཤེར་དག་ཐེར་བཅོས་སྐྱོང་གི་བྱ་བ་དེ་དམངས་ཕན་ལ་གཞོལ་བར་ཁག་ཐེག་བྱས།