མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བྱེད་པ། མཚོ་སྔོན་དར་སྤེལ་གཏོང་བའི་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པའི་ཡིག་རིས་འགྲེམ་སྟོན་ཟི་ལིང་དུ་བསྡུས།
ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།
སྤེལ་དུས། 2023-09-30 10:31:12
ཟླ་དགུ་པའི་ཚེས་ཉེར་ལྔ་དང་ཚེས་ཉེར་བདུན་ཉིན་བར། ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུའུ་ཡིས་ཞིང་ཆེན་ལས་བྱེད་པ་རྒན་པའི་བྱ་འགུལ་ལྟེ་གནས་ནས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བྱེད་པ། མཚོ་སྔོན་དར་སྤེལ་གཏོང་བའི་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པའི་ཡིག་རིས་འགྲེམ་སྟོན་བསྡུས།
ཐེངས་འདིའི་ཡིག་རིས་འགྲེམ་སྟོན་གྱིས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བྱེད་པ། མཚོ་སྔོན་དར་སྤེལ་གཏོང་བ་གསར་རྩོམ་གྱི་བརྗོད་དོན་དུ་བྱས་པ་དང་། བློ་མཐུན་རྒན་པ་ཚོས་ཡིག་རིས་ལ་བརྟེན་ནས་བརྩེ་སེམས་མཚོན་པར་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ་མཚོ་སྔོན་གྱིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ནས་བླངས་པའི་གྲུབ་འབྲས་ཆེན་པོར་བསྔགས་བརྗོད་བྱས། ཡིག་རིས་འགྲེམ་སྟོན་གྱིས་བསྡོམས་པས་ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོའི་ལས་བྱེད་པ་རྒན་པའི་ཡིག་རིས་བརྩམས་ཆོས་བརྒྱད་བརྒྱ་ལྷག་བསྡུ་རུབ་བྱས་པ་དང་། ཆེད་མཁས་པའི་དཔྱད་འདེམས་བརྒྱུད་དེ། བརྩམས་ཆོས་སུམ་བརྒྱ་བདམས་ནས་འགྲེམ་སྟོན་བྱས་ལ། བརྩམས་ཆོས་ཀྱི་བརྗོད་དོན་མངོན་གསལ་ཡིན་པ་དང་ནང་དོན་རྒྱ་ཆེ་ལ། རྣམ་པ་ཧ་ཅང་མང་བ་དང་། དེས་ཞིང་ཆེན་ཡོངས་ཀྱི་ཡིག་རིས་ལ་དགའ་བའི་ལས་བྱེད་པ་རྒན་པའི་སྒྱུ་རྩལ་གྱི་རྨང་གཞི་མངོན་པར་བྱས་ལ། ཁོ་ཚོས་བྱ་སྤྱོད་དངོས་ཀྱི་སྟེང་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་དགོངས་པ་འགྲེམ་སྟོན་བྱས།
ཞིང་ཆེན་ལས་བྱེད་པ་རྒན་པའི་ཡིག་རིས་སློབ་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཡུས་ཨི་ཡིས་བསྟན་དོན། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཡིག་རིས་འགྲེམ་སྟོན་བསྡུས་པ་ནི། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཡིག་རིས་ལ་དགའ་བའི་བློ་མཐུན་རྒན་པ་ཚོར་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ་དང་། ཏང་དང་མེས་རྒྱལ། རང་ཉིད་ཀྱི་ཕ་ཡུལ་ལ་དགའ་བའི་སྟེགས་བུ་བཟང་བོ་བཙུགས་པ་དང་། ལས་བྱེད་པ་རྒན་པས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བྱེད་པ། མཚོ་སྔོན་དར་སྤེལ་གཏོང་བའི་ཁྲོད་ནུས་པ་འདོན་སྤེལ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན།