ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།གསར་འགྱུར།
མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པས་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་བསྡུས།
ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།  རྩོམ་སྒྲིག་པ། ཨ་གཡང་སྐྱིད།  
སྤེལ་དུས། 2023-09-29 11:59:54

ཟླ་དགུ་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པས་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ཐད་ནས་ཆེད་དོན་འདྲི་ཞིབ་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་དང་། ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་དང་ལོའུ་ཀང་། དྲུང་ཡིག་ཆེན་མོ་ཁྲིན་ཏུང་ཁྲང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་གྲོས་ཚོགས་ལ་ཞུགས། ཀྲུའུ་རིན་གཞོན་པ་ཀྲང་ཧོང་ཡོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གཏམ་བཤད།

ཆེད་དོན་འདྲི་ཞིབ་བྱེད་སྐབས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་བརྒྱད་ཀྱིས་རང་ཞིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་དམིགས་ནས་འདྲི་ཞིབ་བྱས། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་བདུན་གྱི་འགན་ཁུར་མི་སྣ་གཙོ་བོས་ཡུལ་དངོས་ནས་འདྲི་ཞིབ་དང་ལེན་བྱས།

ཝང་ལིས་མེན་གྱིས་བསྟན་དོན། ཐེངས་འདིའི་ཆེད་དོན་འདྲི་ཞིབ་ལ། ཕྱོགས་སོ་སོས་ཧ་ཅང་མཐོང་ཆེན་བྱས་པ་དང་སེམས་ཞིབ་མོས་བཀོད་སྒྲིག་བྱས་ལ། བརྗོད་དོན་ལ་དམིགས་པ་དང་རྟོག་ཞིབ་བཟང་བོ་བྱས་ནས། གྲ་སྒྲིག་བཟང་བོ་བྱས་པའི་རྨང་གཞིའི་སྟེང་། དྲི་བར་ལན་འདེབས་པ་བརྒྱུད་དེ། གནད་འགག་དམ་འཛིན་བྱེད་པ་དང་སེམས་ཁུར་བྱེད་པའི་གནད་དོན་ལ་ཕྱིར་ལན་བཏབ་པ་དང་། གནད་དོན་གཙིགས་སུ་འཛིན་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ། བློ་བསྡུས་དགེ་འཚོལ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་མངོན་འགྱུར་བྱས། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། བསམ་བློའི་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། དག་ཐེར་ལེགས་བཅོས་དམ་འཛིན་བྱེད་དགོས། བྱ་བའི་མཉམ་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། འཛུགས་སྐྲུན་གྱི་གྲུབ་འབྲས་མཐོར་འདེགས་གཏོང་དགོས། གྲུབ་འབྲས་སྲ་བརྟན་དུ་བཏང་ནས། ཆེད་དོན་འདྲི་ཞིབ་ཀྱི་ལེའུ་རྗེས་མའི་རྩོམ་ཡིག་བཟང་བོར་འབྲི་དགོས།

དབྱང་ཀྲི་ཝུན་གྱིས་གཏམ་བཤད་སྐབས་བཤད་རྒྱུར། ཐེངས་འདིའི་ཆེད་དོན་འདྲི་ཞིབ་གོ་སྐབས་སུ་བརྩིས་ནས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་མཐོར་གཏོང་བར་བརྟེན་ནས་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་། བསམ་བློའི་བྱེད་ཐབས་བཟང་བོར་བརྟེན་ནས་འཛུགས་སྐྲུན་དམ་འཛིན་བྱེད་པ། འགན་འཁྲི་ཁག་ཁུར་ཆེན་པོར་བརྟེན་ནས་འཛུགས་སྐྲུན་དམ་འཛིན་བྱས་ཏེ།  སྟོབས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བ་གདང་འདེགས་རིམ་སྤར་བྱེད་པ་དང་། དུས་རབས་གསར་བའི་མཚོ་སྔོན་གྱི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་བསྐྲུན་དགོས།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པས་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་བསྡུས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།