ཝང་ཧུའུ་ཉིང་གིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།
སྤེལ་དུས། 2023-09-29 11:58:17
སྲིད་གྲོས་སྐབས་བཅུ་བཞི་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་དགུ་བ་ཚེས་ཉེར་བརྒྱད་ཉིན་པེ་ཅིང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མགོ་འཛིན་བྱས་ཏེ་གཏམ་བཤད་སྤེལ།
གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་སྔོན་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས། ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱི་བརྗོད་དོན་གཏིང་ཟབ་པ་དང་ནང་དོན་ཕུན་སུམ་ཚོགས་ལ། ཆབ་སྲིད་རང་བཞིན་དང་དགོངས་པའི་རང་བཞིན། འཐབ་ཇུས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཆེན་པོ་ལྡན། རྒྱལ་ཡོངས་སྲིད་གྲོས་ཀྱིས་གཏིང་ཟབ་ཏུ་སློབ་སྦྱོང་བྱས་ནས་གོ་བ་ལེན་པ་དང་། ནན་ཏན་གྱིས་ལག་ལེན་དངོས་འབེབས་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དེ་དམ་འཛིན་བྱས་ཤིང་། དཀྱིལ་སྙིང་ལ་དམིགས་པ་དང་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བ། སྲིད་གྲོས་ཀྱི་ཨུ་ཡོན་རྩ་འཛུགས་བྱས་ནས་གཏིང་ཟབ་ཏུ་རྟོག་དཔྱོད་ཞིབ་འཇུག་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་བ་ཆགས་པར་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྲིད་གྲོས་ཀྱི་སྟོབས་ཤུགས་འབུལ་དགོས། བསྟུད་མར་མི་རིགས་མཐུན་སྒྲིལ་དང་སེམས་ཤུགས་གཅིག་སྒྲིལ་བྱ་བ་བཟང་བོར་བསྒྲུབས་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་དེ་མི་སོ་སོ་དང་ཁྱད་པར་དུ་ན་གཞོན་དག་གི་སེམས་ཀྱི་ཟབ་སར་འཇོག་དགོས།
ལུས་རྩལ་གཞི་རིམ་དུ་སྐྱེལ་བ་དང་དམངས་འཚོར་ཕན་པར་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ་བ་དང་། ཧུར་ཐག་སྒོས་ལུས་རྩལ་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལུས་རྩལ་ལས་གྲོགས་པོ་སྒྲིག་པ་དང་ལུས་རྩལ་ལས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་བྱ་བ་བཟང་བོར་བསྒྲུབ་དགོས་ཞེས་གསུངས།
གྲོས་ཚོགས་ནས་སྐབས་བཅུ་བཞི་བའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་གཅིག་བསྡུས་སློབ་སྦྱོང་གསོ་སྦྱོང་འཆར་འགོད་དང་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་གཅིག་བསྡུས་སློབ་སྦྱོང་གསོ་སྦྱོང་བྱ་བའི་ཚོད་ལྟའི་བྱེད་ཐབས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཝང་ཧུའུ་ཉིང་གིས་བསྟན་དོན། སློབ་གསོའི་གསོ་སྦྱོང་ལ་དོན་དངོས་ཕན་འབྲས་ཐོན་པར་བྱེད་པ་དང་། སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱུན་འཁྱོངས་བྱས་ནས་གནས་བབ་གསར་བར་ལྟ་ཞིབ་བྱེད་པ་དང་། གནས་ཚུལ་གསར་བར་ཞིབ་འཇུག་བྱེད་པ། གནད་དོན་གསར་བ་ཐག་གཅོད་བྱེད་པ་བཅས་བྱས་ཏེ། བྱ་བ་སྣ་ཚོགས་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་བྱེད་པར་སྣེ་ཁྲིད་བྱེད་དགོས།
གྲོས་ཚོགས་ནས་ད་རུང་སྲིད་གྲོས་སྐབས་བཅུ་བཞི་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་གྲོས་རིམ་འཆར་ཟིན་དང་ཉིན་རིམ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་འདོན་བྱ་བའི་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། གོང་གི་ཡིག་ཆའི་འཆར་ཟིན་དེ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་སྟེང་གྲོས་ཞིབ་བྱེད་པར་ཕུལ་རྒྱུ་ཐག་བཅད། ཀྲུའུ་ཞིའི་གྲོས་ཚོགས་ནས་ཉིས་སྟོང་ཉེར་གསུམ་ལོའི་ཐུན་མོང་སློབ་སྦྱོང་ཐེངས་གཉིས་པ་སྤེལ་བ་དང་། བརྗོད་སྙིང་ནི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། ཀྲུང་དབྱང་སྤྱི་ཚོགས་བྱ་བའི་པུའུ་ཡི་པུའུ་ཀྲང་ལིའུ་ཀྲིན་གྱིས་གདན་ཞུས་ལྟར་སྙན་ཞུ་ཕུལ།
ཀྲིག་ཆང་དང་ཧི་ཧིག་ཧྭ། པཱ་ཐུར། ཧྲའོ་ཧོང་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་སྔོན་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་བྱེད་པར་དམིགས་ནས་གཏམ་བཤད་སྤེལ།