ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།གསར་འགྱུར།
《བོད་ཀྱི་གསོ་རིག་ཀུན་བཏུས་བསྟུད་སྒྲིག་མ》(61-80)མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས།
ཡོང་ཁུངས། མི་རིགས་དཔེ་སྐྲུན་ཁང་།  རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།  
སྤེལ་དུས། 2023-08-23 15:09:20

《བོད་ཀྱི་གསོ་རིག་ཀུན་བཏུས་བསྟུད་སྒྲིག་མ་》(61-80)ནི་དེ་སྔར་དཔེ་སྐྲུན་བྱས་པའི་《བོད་ཀྱི་གསོ་རིག་ཀུན་བཏུས་》ཞེས་པའི་དཔེ་ཚོགས་ཀྱི་བརྗོད་བྱའི་ནང་དོན་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས་མིང་དོན་མཚུངས་པའི་ཀུན་འདུས་རང་བཞིན་ཅན་དང་། ཚན་རིག་རང་བཞིན་ཅན། བཀོལ་སྤྱོད་རང་བཞིན་ཅན་བཅས་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཏུ་བསྐྲུན་ཆེད། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གིས་སྔར་བཞིན་དཔེ་རྙིང་ཞིབ་འཇུག་ཚན་ཁག་གཞིར་བྱས་ཐོག་གསོ་རིག་མཁས་པ་གདན་ཞུ་དང་། ཆེད་ལས་ཞུ་དག་པ་དང་རྩོམ་སྒྲིག་མི་སྣ་སྒྲིག་འཛུགས་བྱས་ཏེ། མི་ལོ་བཅུ་ལྷག་གི་ཡུན་ལ་རྒྱལ་ཁབ་ཕྱི་ནང་དང་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་ཁག་ཏུ་དངོས་ཤུགས་བརྒྱུད་གསུམ་གྱིས་གསོ་རིག་གི་དཔེ་རྙིང་རྩད་གཅོད་དང་འཚོལ་སྡུད་བགྱིས་ཤིང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་རང་བབ་ཀྱི་ལས་ལ་གཞོལ་བའི་སྐྱེས་བུ་ལྷག་བསམ་ཅན་རྣམས་ཀྱིས་ཁ་ཞེ་གཉིས་མེད་ཀྱིས་མཐུན་རྐྱེན་གང་ལེགས་སྦྱར་བ་ལ་བརྟེན་ནས་གསོ་རིག་གི་དཔེ་རྙིང་མི་འདྲ་བ་ཉིས་སྟོང་ཉིས་བརྒྱ་ལྷག་ལག་སོན་བྱུང་བ་ལས་ཡོངས་སུ་གྲགས་ཞིང་ཚད་མར་འཛིན་ལ་སྤྱོད་སྒོ་ཆེ་བ་དང་། ཞིབ་འཇུག་དང་ཉར་ཚགས་ཀྱི་རིན་ཐང་ལྡན་པའི་དཔེ་རྙིང་ཉིས་བརྒྱ་དང་གོ་གཉིས་བདམས་ཏེ། ས་བཅད་ཀྱི་སྒྲིག་སྟངས་ལ་སྔར་བཞིན་གསོ་རིག་ལོ་རྒྱུས་ཀྱི་སྐོར་དང་། གནའ་རབས་གསོ་རིག་གི་སྐོར། རྒྱུད་བཞི་དང་རྒྱུད་འགྲེལ་གྱི་སྐོར། ནད་ཐོག་ཉམས་ཡིག་གི་སྐོར། སྨན་ངོ་ངོས་འཛིན་གྱི་སྐོར། སྨན་སྦྱོར་ལག་ལེན་གྱི་སྐོར། སྨན་རྫས་འདུལ་སྦྱོང་གི་སྐོར། སྙིང་ཐིག་ལས་ཚོགས་ཀྱི་སྐོར་བཅས་སྤྱི་དོན་ཆེན་མོ་བརྒྱད་དུ་བསྡུས་ནས་པོད་ཉི་ཤུའི་བདག་ཉིད་ཅན་གྱི་དཔེ་ཚོགས་ངེད་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
《བོད་ཀྱི་གསོ་རིག་ཀུན་བཏུས་བསྟུད་སྒྲིག་མ》(61-80)མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས།

ཡོང་ཁུངས། མི་རིགས་དཔེ་སྐྲུན་ཁང་།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།