AIལག་རྩལ་གྱིས་བཟོས་པའི་ནང་དོན་གྱིས་མི་གཞན་པའི་པར་དབང་ལ་གནོད་འཚེ་གཏང་མི་རུང་།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།
སྤེལ་དུས། 2023-08-04 11:19:00

རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གིས་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། སློབ་གསོ་པུའུ། ཚན་རྩལ་པུའུ་སོགས་སྡེ་ཚན་བདུན་དང་མཉམ་འབྲེལ་ཐོག《མིས་བཟོས་ནས་གྲུབ་པའི་འཕྲུལ་ཤེས་ཞབས་ཞུ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས》ཟླ8པའི་ཚེས15ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཁྱབ་སྒྲོག་བྱས།
བྱེད་ཐབས་ནང་མིས་བཟོས་འཕྲུལ་ཤེས་ཞབས་ཞུ་མཁོ་འདོན་དང་བེད་སྤྱོད་གཏང་དགོས་ན་ཤེས་བྱའི་ཐོན་དབང་དང་། ཚོང་ལས་ཀུན་སྤྱོད་ལ་བརྩི་འཇོག་བྱས་ནས་ཚོང་ལས་ཀྱི་གསང་བ་དམ་སྲུང་བྱེད་དགོས་པ་ལས་རྩིས་ཐབས་དང་། གཞི་གྲངས། ལས་སྟེགས་སོགས་ཀྱི་ལེགས་ཆར་བརྟེན་ནས་སྒེར་སྡེམ་དང་ལུགས་མཐུན་མིན་པའི་འགྲན་རྩོད་བྱ་སྤྱོད་སྤེལ་མི་ཆོག མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་དགོས་པ་དང་། མི་གཞན་གྱི་ལུས་སེམས་བདེ་ཐང་ལ་གནོད་འཚེ་གཏང་མི་རུང་། མི་གཞན་གྱི་འདྲ་པར་གྱི་བདག་དབང་དང་། མིང་གྲགས་ཐོབ་དབང་། གཟི་བརྗིད་མཚན་སྙན་གྱི་བདག་དབང་། སྒེར་གྱི་གསང་དོན་དབང་ཆ། མི་སྒེར་གྱི་ཆ་འཕྲིན་ཁེ་དབང་བཅས་ལ་གནོད་འཚེ་གཏང་མི་ཆོག ཞབས་ཞུའི་རིགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་མིས་བཟོས་འཕྲུལ་ཤེས་ཞབས་ཞུའི་གསལ་ཚད་ཇེ་མཐོར་གཏོང་བ་དང་། ནང་དོན་གྱི་གནད་འཁེལ་རང་བཞིན་དང་བློས་འགེལ་རང་བཞིན་ཇེ་ཆེར་གཏང་དགོས།
གཡང་སྐྱིད་ཀྱིས་བསྒྱུར།


