ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།གསར་འགྱུར།
མཚོ་སྔོན་ཞིང་ཆེན་འབྲི་ཆུ་འབབ་རྒྱུད་ཀྱི་ཉ་སྲིད་ཀྱིས་སྐོར་ཞིབ་རུ་དཔུང་དང་རུ་མིར་རམ་འདེགས་བྱས་པར་ཞིང་ལས་ཞིང་གྲོང་པུའུ་ཡིས་གཟེངས་བསྟོད་གནང་།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཁོན་ཐར་འཚོ།  
སྤེལ་དུས། 2023-08-04 10:36:31

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞེ་ལམ་ཞིང་ལས་ཞིང་གྲོང་པུའུ་ཡིས“2022ལོའི་ལོ་འཁོར་གྱི་འབྲི་ཆུ་འབབ་རྒྱུད་ཀྱི་ཉ་སྲིད་ཀྱིས་རམ་འདེགས་བྱས་པའི་སྐོར་ཞིབ་ཕུལ་བྱུང་དཔུང་སྡེ་དང་ཕུལ་བྱུང་དཔུང་སྡེ”ལ་གཟེངས་བསྟོད་གནང་བའི་བྱེད་སྒོ་སྤེལ།  རང་རེའི་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་འབྲི་ཆུ་དང་། རྫ་ཆུའི་ཉ་འགོག་ཉ་སྲིད་རམ་འདེགས་སྐོར་ཞིབ་རུ་ཁག་ལ“2022ལོའི་འབྲི་ཆུ་འབབ་རྒྱུད་ཀྱི་ཉ་སྲིད་རམ་འདེགས་སྐོར་ཞིབ་དཔུང་སྡེ་ཕུལ་བྱུང་ཅན”གྱི་གཟེངས་རྟགས་ཨང་གཉིས་པ་ཐོབ།
       བློ་བཟང་རིག་འཛིན་དང་། གདུགས་དཀར་སྒྲོལ་མ།  བསོད་ནམས་གཡང་འཚོ།  སྟག་ཐར།  བསོད་ནམས་ཕུན་ཚོགས་སོགས་ཉ་སྲུང་པ5ལ“2022ལོའི་འབྲི་ཆུ་འབབ་རྒྱུད་ཀྱི་ཉ་སྲིད་རམ་འདེགས་སྐོར་ཞིབ་པ་ཕུལ་བྱུང་ཅན”གྱི་མཚན་སྙན་ཐོབ།  གཟེངས་རྟགས་ཐོབ་མཁན་གྱི་དཔུང་སྡེ་དེ་ནི2021ལོར་བཙུགས་ཤིང་། སྐོར་ཞིབ་པ66གིས་གྲུབ།  ཚོགས་པ་དེ་བཙུགས་ནས་བཟུང་སྐོར་ཞིབ་སྐོར་སྲུང་ཐེངས1135བྱས་ཡོད་ཅིང་།  སྲིད་ཇུས་དྲིལ་སྒྲོག་ཐེངས362ལྷག་བྱས།  ཨར་སྐྲུན་ཕྱོགས་བར་ཁས་ལེན་གན་རྒྱ192ལྷག་བཞག་པ་དང་། སྒྲིག་འགལ་བྱ་སྤྱོད་ལ་སློབ་སྟོན་ཐེངས183ལྷག་བྱས།  སྐོར་ཞིབ་ལམ་ཐག་ལེ་དབར14688ལ་ཕྱིན་ཡོད་པ་དང་། ཆུ་ལམ་དང་ཆུ་འགྲམ་ནས་གད་སྙིགས་ཏུན2430ལྷག་གཙང་སེལ་བྱས།
      ད་སྔ། རང་ཞིང་གིས་འབྲི་ཆུ་འབབ་རྒྱུད་དུ་སྐྱེ་ཁམས་ལྟ་སྲུང་པ1310ཡིས་གྲུབ་པའི་འབྲི་ཆུ་ཉ་འགོག་རམ་འདེགས་སྐོར་ཞིབ་རུ་ཁག་བཙུགས་ཏེ།   དྲ་རྐང་རྣམ་པའི་དོ་དམ་བྱེད་སྟངས་ལ་བརྟེན་ནས་ཉ་སྲིད་མི་སྣ་དང་མཉམ་དུ་ཉ་སྲིད་ཀྱི་ཉིན་རྒྱུན་སྐོར་སྲུང་སྐོར་ཞིབ་སྤེལ་བ་དང་།  ཁྲིམས་བསྟར་ལྟ་སྐུལ་གྱི“མཇུག་མཐའི་ལེ་དབར་གཅིག”ཏུ“ཉ་འགོག་བཀའ་རྒྱ”ལག་ལེན་དོན་འཁྱོལ་ཐུབ་པར་འགན་ལེན་བྱས་ཡོད་དོ། །
 
ལོ་ཙཱ་བ། ཁོན་ཐར་འཚོ། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
མཚོ་སྔོན་ཞིང་ཆེན་འབྲི་ཆུ་འབབ་རྒྱུད་ཀྱི་ཉ་སྲིད་ཀྱིས་སྐོར་ཞིབ་རུ་དཔུང་དང་རུ་མིར་རམ་འདེགས་བྱས་པར་ཞིང་ལས་ཞིང་གྲོང་པུའུ་ཡིས་གཟེངས་བསྟོད་གནང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཁོན་ཐར་འཚོ།