ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།གསར་འགྱུར།
《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་ཀློག》ཅེས་པའི་དེབ་དང་པོ་དང་གཉིས་པ་མི་རིགས་ཀྱི་ཡི་གེར་བསྒྱུར་ཏེ་པར་སྐྲུན་འགྲེམ་སྤེལ་བྱས་པ།
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།  
སྤེལ་དུས། 2023-08-04 10:36:31

《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་ཀློག》ཅེས་པའི་དེབ་དང་པོ་དང་གཉིས་པ་སོག་ཡིག་དང་བོད་ཡིག ཡུ་གུར་གྱི་ཡི་གེ ཧ་སག་གི་ཡི་གེ ཁྲའོ་ཞན་གྱི་ཡི་གེ དབྱིས་རིགས་ཀྱི་ཡི་གེ ཀྲོང་རིགས་ཀྱི་ཡི་གེ་སོགས་མི་རིགས་བདུན་གྱི་ཡི་གེར་བསྒྱུར་ཏེ། ཉེ་ལམ་རྒྱལ་ཡོངས་སུ་པར་སྐྲུན་འགྲེམ་སྤེལ་བྱས།

 ཀྲུང་གུང་ཀྲུང་དབྱང་ཡིག་ཚགས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་ཀློག》ཅེས་པའི་དེབ་དང་པོ་དང་གཉིས་པ་དེ། 2023ལོའི་ཟླ4པར་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཐུན་སྦྱོར་བྱས་འོག  ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་དཔུང་སྡེ་རྩ་འཛུགས་བྱས་ཏེ། 2023ལོའི་ཟླ7པར《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་ཀློག》ཅེས་པའི་དེབ་དང་པོ་དང་གཉིས་པ་མི་རིགས་བདུན་གྱི་ཡི་གེར་བསྒྱུར་བའི་བྱ་བ་ཡོངས་འགྲུབ་བྱས། 《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་ཀློག》ཅེས་པའི་དེབ་དང་པོ་དང་གཉིས་པ་མི་རིགས་ཡི་གེའི་པར་གཞིར་པར་སྐྲུན་འགྲེམ་སྤེལ་བྱས་པ་དེས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་བའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་སྒོས་སློབ་སྦྱོང་བྱེད་པར་སྔར་བས་སྐུལ་འདེད་གཏོང་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“རང་རྟོན་བཞི”བརྟན་པོར་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ། རང་འགུལ་གྱིས་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ་བཅས་ཀྱིས།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་པའི་ཆེད་དུ་མཐུན་སྒྲིལ་འབད་འཐབ་བྱེད་ངེས།

 《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་ཀློག》ཅེས་པའི་དེབ་དང་པོ་དང་གཉིས་པའི་སོག་ཡིག་དང་བོད་ཡིག ཡུ་གུར་གྱི་ཡི་གེ ཧ་སག་གི་ཡི་གེ ཁྲའོ་ཞན་གྱི་ཡི་གེ་བཅས་ཀྱི་པར་གཞི་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། དབྱིས་རིགས་ཀྱི་ཡི་གེ་དང་ཀྲོང་རིགས་ཀྱི་ཡི་གེའི་པར་གཞི་དེ་མི་རིགས་དཔེ་སྐྲུན་ཁང་གིས་སོ་སོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་ཀོང་ཞི་མི་རིགས་དཔེ་སྐྲུན་ཁང་ལ་མཉམ་འབྲེལ་བྱས་ཏེ་དཔར་སྐྲུན་འགྲེམས་སྤེལ་བྱས། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་ཀློག》ཅེས་པའི་དེབ་དང་པོ་དང་གཉིས་པ་མི་རིགས་ཀྱི་ཡི་གེར་བསྒྱུར་ཏེ་པར་སྐྲུན་འགྲེམ་སྤེལ་བྱས་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།