ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།གསར་འགྱུར།
མཚོ་སྔོན་ཞིང་ཆེན་གྱིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི2023ལོའི་ལས་ཀའི་གཙོ་གནད་པར་འགྲེམས་བྱས།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཁོན་ཐར་འཚོ།  
སྤེལ་དུས། 2023-08-04 10:25:02

ཉེ་ལམ་གསར་འགོད་པས་མཚ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན།  ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལག་ལེན་དོན་འཁྱོལ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏང་ཟབ་བཅས་བྱ་ཆེད། ཉེ་ལམ་ཞིང་ཆེན་སྲིད་གཞུང་གི་མོས་འཐད་བརྒྱུད། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་ནུབ་རྒྱུད་གསར་སྤེལ་ཆེན་མོའི་2023ལོའི་ལས་ཀའི་གཙོ་གནད་པར་འགྲེམ་བྱས།

ལས་ཀའི་གཙོ་གནད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་ཐེངས་གཉིས་དང་།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཐེངས་གཉིས་ཞུགས་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།  མཚོ་སྔོན་གྱི་ལས་ཀར་སློབ་སྟོན་དང་མཆན་འགོད་གནང་བའི་དགོངས་དོན་གལ་ཆེན་ལ་དམིགས་ཏེ། “ལོ་ལྔ་ཚན་བཅུ་བཞི་བའི” ནུབ་རྒྱུད་གསར་སྤེལ་ཆེན་མོའི་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་ཇུས་གཞི་དང་། 《<ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་པོར་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏང་བའི་སྐོར་གྱི་སློབ་སྟོན་བསམ་འཆར>གྱི་བྱེད་ཐབས་འགའ་ལག་ལེན་དོན་འཁྱོལ》ཞེས་པར་ཟུང་དུ་འབྲེལ་ནས་སྲུབ་སྐྱོབ་ཆེན་མོ་དང་བསྡམས་གློད་ཆེན་པོ། སྤུས་ལེགས་གོང་སྤེལ་དམིགས་འཛིན་གྱིས་རང་ཞིང་གི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལས་ཀའི་འོས་འགན་གཙོ་བོ་ཞིབ་འཇུག་ཐོག་གཏན་ལ་ཕབ།   དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོད་སྲ་བརྟན།   ཆུ་ཚད་མཐོ་ཤོས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད། གྲོང་ཁྱེར་དང་གྲོང་གསེབ་མངའ་ཁོངས་ཀྱི་མཐུན་སྦྱོར་གོང་སྤེལ་ལ་སྐུལ་འདེད།  རྨང་གཞི་སྒྲིག་ཆས་འགན་སྲུང་ནུས་པ་དང་ཆུ་ཚད་མཐོར་འདེགས།  དམངས་ཚིས་ཕན་བདེ་འཕེལ་རྒྱས་སོགས་ཕྱོགས་དྲུག་ལྟེ་བར་བཟུང་སྟེ། ལས་འགན་གལ་ཆེན24བཀོད་སྒྲིག་བྱས་ནས་རང་ཞིང་གི་2023ལོའི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལས་དོན་ལག་ལེན་དོན་འཁྱོལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།

སླད་ཕྱིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལྟར་དུ།  ས་གནས་སོ་སོ་དང་སྡེ་ཚན་སོ་སོར་གཅིག་གྱུར་ཐོག་འབྲེལ་སྦྱོར་བྱས་ཐོག  ཞིང་ཆེན་ཡོངས་ཀྱི་ལོ་འཁོར་གྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་དམིགས་འབེན་འོས་འགན་སོ་སོ་དམིགས་སུ་བཟུང་སྟེ།  འགོ་ཁྲིད་རྩ་འཛུགས་དང་།  སྡེ་ཚན་མཉམ་འགུལ།  ལྟ་སྐུལ་ཞིབ་བཤེར་བཅས་ལ་ཤུགས་བསྣན་དང་། དྲིལ་སྒྲོག་ལ་ཁྲིད་སྟོན་བྱས་ནས་བྱེད་ཐབས་གལ་ཆེན་ལག་ལེན་དོན་འཁྱོལ་ཡོང་བར་འགན་ལེན་བྱ་རྒྱུ་དང་།  དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལས་ཀར་ཡར་རྒྱས་གསར་པ་དང་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏང་རྒྱུའོ། །
 
ལོ་ཙཱ་བ། ཁོན་ཐར་འཚོ། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
མཚོ་སྔོན་ཞིང་ཆེན་གྱིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི2023ལོའི་ལས་ཀའི་གཙོ་གནད་པར་འགྲེམས་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཁོན་ཐར་འཚོ།