གློག་འཕྲིན།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།
སྤེལ་དུས། 2023-08-03 16:42:21
མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ལ་བརྒྱུད་སྐུར་གནང་བ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་དུས་འདིར། ཁྱེད་ཅག་དང་ཁྱེད་ཅག་བརྒྱུད་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་། ཁུལ་དུ་བཅའ་སྡོད་བྱས་པའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་རུ་ཁག་གི་དཔོན་དམག སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་སྙིང་ཉེ་བའི་འཚམས་འདྲི་ཞུས་པ་ཡིན།
ལོ་ངོ70ཡི་རིང་ལ། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་སྡུག་རུས་ལས་སྐྲུན་བྱས་པས། རང་སྐྱོང་ཁུལ་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག རང་སྐྱོང་ཁུལ་གྱི་དཔལ་འབྱོར་མགྱོགས་པོར་འཕེལ་ཏེ། མི་རིགས་བར་མཐུན་སྒྲིལ་ཆེ་ཞིང་སྤྱི་ཚོགས་བརྟན་ཞིང་བརླིང་བ། མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་ཕྱིན་པ་སོགས་མངོན་གསལ་ཡིན་ཞིང་། དབུལ་ཐར་འགག་སྒྲོལ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། བྱ་བ་ཐམས་ཅད་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་། ལོ་ངོ70ཡི་རིང་ལ་བླངས་པའི་གཟི་བྱིན་འབར་བའི་གྲུབ་འབྲས་ལས། ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་རྒྱལ་ཁའི་ལག་ལེན་དེ་གསོན་ཉམས་ལྡན་པའི་ངང་ཕྱིར་མངོན་ཡོད། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་བགྲོད་ལམ་གསར་པའི་སྟེང་དུ། རང་སྐྱོང་ཁུལ་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས། “འདུ་ཤེས་བཞི”ཇེ་དྲག་དང“གདེང་ཚོད་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”ལེགས་པོར་བསྒྲུབས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཙོ་གནད་དུ་བཟུང་སྟེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱིས་མི་རིགས་གནད་དོན་ཐག་གཅོད་པའི་བགྲོད་ལམ་དུ་སྐྱོད་ཅིང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་པ་དང་། ཏང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར། ཁྱོན་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བར་སྐུལ་སྤེལ་བྱས་ནས་རིགས་སོ་སོའི་མི་རིགས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བ་རྒྱུན་འཁྱོངས་བྱས། རིགས་སོ་སོའི་མི་རིགས་སེ་འབྲུའི་རྡོག་ལྟར་དམ་པོར་འབྲེལ་བར་སྐུལ་སྤེལ་བྱས་ཏེ། རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པ་དེ་མགོ་ཚུགས་ས་གསར་པ་བྱས་ནས་བསམ་བློ་བཅིངས་འགྲོལ་དང་བཅོས་སྒྱུར་སྒོ་འབྱེད། འབད་འབུངས་ཡར་བསྐྱེད་དང་དམ་འཛིན་ལྷོད་མེད་བྱས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ཏེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཁྱོན་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་བརྩོན་བྱེད་པར་རེ་བ་བཅངས་ཡོད།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་མི་དམངས་བདེ་ཞིང་སྐྱིད་པའི་སྨོན་འདུན་ཞུ།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་།
2023ལོའི་ཟླ8པའི་ཚེས3ཉིན།
ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།


