མཚོ་ནུབ་ཁུལ་གྱི་ན་ཊམ་ཚོགས་ཆེན་སྐབས་བརྒྱད་པ་ཚོགས་འགོ་ཚུགས་པ།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།
སྤེལ་དུས། 2023-08-03 16:42:21
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས2ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བརྒྱད་པའི་ན་ཊམ་ཚོགས་ཆེན་གཏེར་ལེན་ཁ་གྲོང་ཁྱེར་དུ་འགོ་ཚུགས།
“ན་ཊམ”ནི་སོག་སྐད་ཡིན་ཞིང་། “རོལ་རྩེད”ཅེས་པའི་དོན་ཡིན་ཞིང་། རྩྭ་ཐང་དུ་དར་ནས་ལོ་ངོ་བརྒྱད་བརྒྱ་ཙམ་གྱི་ལོ་རྒྱུས་ཕྱིན་ཡོད། དེ་ནི་རྩྭ་ཐང་མི་དམངས་ཀྱིས་རྒྱུན་འཛིན་བྱས་པའི་མི་རིགས་ཀྱི་རིག་གནས་ཚོགས་འདུ་གཟབ་རྒྱས་ཤིག་རེད། ལོ་མང་པའི་རིང་བློ་རྩེ་གཅིག་སྒྲིམ་ངང་བཏོད་པ་བརྒྱུད། མཚོ་ནུབ་ཁུལ་ན་ཊམ་ཚོགས་ཆེན་ནི་ཁུལ་དེའི་མི་རིགས་ཀྱི་ཁྱད་ཆོས་མངོན་པར་མཚོན་ལ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཅས་གཏང་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཐེངས་འདིའི་ཚོགས་འདུ་གཟབ་རྒྱས་ངང་བསྡུས་པའི་དམིགས་ཡུལ་ནི། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། མི་རིགས་སོ་སོའི་བར་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་བཅས་ལ་མུ་མཐུད་དུ་ཤུགས་བསྣན་དང་། མི་རིགས་སོ་སོས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ལ་སྐུལ་འདེད། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ནུབ་གསར་པ་འཛུགས་བསྐྲུན་ལ་ནུས་ཤུགས་ཡོད་རྒུ་འདོན་ཆེད་རེད།
སྐབས་འདིའི་ན་ཊམ་སྤྲོ་ཚོགས་ཉིན་གསུམ་རིང་སྤེལ་རྒྱུ་ཡིན་ལ། ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་ཁག་ཏུ་རེས་མོས་ངང་འཚོག་རྒྱུ་ཡིན་པ་དང་། དར་སྲོལ་དང་། ཚན་རྩལ། དམངས་ཡོངས་ཞུགས་པ་སོགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན། སྲོལ་རྒྱུན་གྱི“སྐྱེས་པའི་རྩལ་གསུམ”(སྦེ་ག་དང་། རྟ་རྒྱུག་འགྲན་བསྡུར། མདའ་འཕེན)དང་། སོག་རིགས་ཀྱི་མིག་མངས་སོགས་འགྲན་བསྡུར་ལས་གཞན། ད་དུང་རིག་རྩལ་འཁྲབ་སྟོན་དང་། འཛུགས་སྐྲུན་གྲུབ་འབྲས་འགྲེམས་སྟོན། ཚོང་དོན་དངོས་ཟོག་བརྗེ་རེས་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།
ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།


