པད་མ་རྫོང་གིས2023ལོའི་བུ་བཅོལ་ཁང་གི་གནས་སྐབས་དགེ་རྒན་བསྡུ་བའི་བརྡ་སྦྱོར།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།
སྤེལ་དུས། 2023-08-02 16:07:00
པད་མ་རྫོང་གི་སློབ་ཞུགས་གོང་གི་སློབ་གསོ་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་དང་། སློབ་ཞུགས་གོང་གི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན། བུ་བཅོལ་ཁང་གི་ཆེད་ལས་དགེ་རྒན་དཀོན་པའི་གནད་དོན་ཞི་ལྷོད་ཏན་ཏིག་བཅས་གཏང་ཆེད། 《མཚོ་སྔོན་ཞིང་ཆེན་དོན་ལས་ལས་ཁུངས་ཀྱིས་ལས་བྱེད་པ་བསྡུ་ཐབས》སོགས་ཀྱི་གཏན་འབེབས་ལྟར། པད་མ་རྫོང་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་བུ་བཅོལ་ཁང་གི་དགེ་རྒན་བསྡུ་བའི་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།
གཅིག སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་བུ་བཅོལ་ཁང་གི་གནས་སྐབས་དགེ་རྒན9བསྡུ་རྒྱུ་རེད།
གཉིས། ལས་བསྡུའི་ཆ་རྐྱེན།
1.སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར། སློབ་གསོའི་བྱ་གཞག་ལ་དགའ་ཞེན། ཆབ་སྲིད་བསམ་བློའི་གོ་རྟོགས་ཅུང་མཐོ་དགོས།
2.བྱ་གཞག་སྒྲུབ་སེམས་ཅུང་ཆེ་བ་དང་། ལུས་ཕུང་བདེ་ཐང་ཡིན་ཞིང་། ལས་གནས་ལ་མཁོ་བའི་ལུས་པོའི་ཆ་རྐྱེན་ཚང་དགོས།
3.རྒྱལ་དམངས་སློབ་གསོའི་ཆེད་སྦྱོང་སློབ་གྲྭ་ཆེ་མོ་དང་དེའི་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་དགོས་པ་དང་། སློབ་ཞུགས་གོང་གི་སློབ་གསོའི་ཆེད་ལས་ཡིན་དགོས། བུ་བཅོལ་ཁང་གི་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་ཡོད་དགོས་པ་དང་། སྤྱི་སྐད་ཆུ་ཚད་ཀྱི་ཨང་རིམ་གཉིས་པའི་ཚད་རིམ་གཉིས་པ་དང་དེ་ཡན་ཡོད་དགོས།
4.ལོ35མན(1988ལོའི་ཟླ1པའི་ཚེས1ཉིན་གྱི་རྗེས་ནས་སྐྱེས་པ།)ཡིན་དགོས།
གསུམ། མིང་ཐོ་འགོད་པའི་དུས་ཚོད་ནི། 2023ལོའི་ཟླ7པའི་ཚེས31ཉིན་ནས2023ལོའི་ཟླ8པའི་ཚེས7ཉིན་གྱི་ཆུ་ཚོད18བར་ཡིན།
དྲ་ཐོག་ནས་མིང་ཐོ་འགོད་སྟངས། ཟླ7པའི་ཚེས31ཉིན་ནས་ཟླ8པའི་ཚེས7ཉིན་བར་མིང་ཐོ་འགོད་པའི་ཡིག་ཆ་ཚང་མPDFཡི་རྣམ་པའི་ཡིག་སྒམ65645001@qq.comནང་བསྐུར་དགོས།
འབྲེལ་གཏུག་བྱེད་ས། དགེ་རྒན་ཝང། ཁ་པར་ཨང་གྲངས། 13997453102
བཞི། ཡིག་རྒྱུགས་ལེན་པའི་དུས་ཚོད་ནི། 2023ལོའི་ཟླ8པའི་ཚེས9ཉིན་གྱི་སྔ་དྲོའི་ཆུ་ཚོད9སྟེང་ཡིན།
ཡིག་རྒྱུགས་ས་གནས། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཐའོ་ཤིན་སློབ་གྲྭ།
ལྔ། ཁ་རྒྱུགས་ལེན་པའི་དུས་ཚོད་ནི། 2023ལོའི་ཟླ8པའི་ཚེས16ཉིན་གྱི་སྔ་དྲོའི་ཆུ་ཚོད8དང་སྐར་མ30སྟེང་ཡིན།
ཁ་རྒྱུགས་ལེན་པའི་ས་གནས། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཐའོ་ཤིན་སློབ་གྲྭ།
འབྲེལ་གཏུག་ཁ་པར། པད་མ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། 0975-8322386
པད་མ་རྫོང་སློབ་གསོ་ཅུའུ། 0975-8322773
ལོ་ཙཱ་བ། ཡེ་ཤེ་སྒྲོལ་མ།