མགོ་ལོག་ཁུལ་སྤྱི་བདེ་ཅུའུ་ཡིས2023ལོའི་ཉེན་རྟོག་ལས་རོགས་པ་བསྡུ་བའི་བརྡ་སྦྱོར།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།
སྤེལ་དུས། 2023-07-21 14:51:33
མགོ་ལོག་སྤྱི་བདེའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ནས། ཉེན་རྟོག་སྟོབས་ཤུགས་མི་འདང་བའི་དོན་དངོས་ཐག་གཅོད་ཆེད། 《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་ལས་རོགས་པའི་དོ་དམ་བྱ་ཐབས》(མཚོ་སྔོན་ཆབ་སྲིད་གཞུང་ལས་ཁང[2016]ཨང167པ)《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཉེན་རྟོག་ལས་རོགས་པ་བཀོལ་སྤྱོད་དོ་དམ་བྱ་ཐབས》(མཚོ་སྔོན་སྤྱི་བདེ་པུའུ་དང་འགྲིམ་འགྲུལ་པུས་མཉམ་འབྲེལ་ཐོག་སྤེལ་བའི་ཡིག་ཆ། [2017]ཨང14པ།)《སྤྱི་བདེ་ལས་ཁུངས་ཉེན་རྟོག་ལས་རོགས་པ་དང་མི་དམངས་ཁྲིམས་ཁང་མི་དམངས་ཞིབ་བཤེར་ཁང་གི་གདན་ཞུའི་དྲུང་ཡིག་གི་གླ་ཕོགས་ཐོབ་ཐང་ཚད་ལྡན་གཏང་བའི་སྐོར་གྱི་བརྡ་ཐོ།》(མཚོ་སྔོན་ནོར་སྲིད་བཅའ་ཁྲིམས་ཀྱི་ཡིག་ཆ[2020]ཨང20པ།)སོགས་ཀྱི་གཏན་འབེབས་ལྟར། ད་ལྟ་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་པ་གཤམ་གསལ།
ལས་གནས་ཀྱི་དགོས་མཁོ།

ལས་མི་བཀོལ་སྤྱོད་བྱེད་སྟངས།
གན་འཇོག་ལམ་ལུགས་ཀྱི་ལས་མི་བཀོལ་བ།
གཉིས། འཛོམས་དགོས་པའི་ཆ་རྐྱེན།
1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་བྱེད་པ། སྤྱི་བདེ་ལས་དོན་ལ་དགའ་ཞིང་སྤྱོད་ལམ་ལེགས་པ། ཁྲིམས་འགལ་ཉེས་གསོག་གི་ཟིན་ཐོ་མེད་པ།
2.མཚོ་སྔོན་གྱི་ཁྱིམ་ཐོ་ཡིན་དགོས།
3.ལོ18ལ་སོན་པ་དང་། ལོ30མན (1992.7.20—2005.7.20)ཡིན་དགོས།
4.མཐོ་འབྲིང་དང་དེའི་ཡན་གྱི་ཡོན་ཚད་ལྡན་དགོས།
5.རྒྱུན་གཏན་གྱི་འགན་སྒྲུབ་ལ་མཁོ་བའི་ལུས་པོའི་བྱང་ཚད་དང་ནུས་པ་ལྡན་པ།
6.སྤྱི་བདེ་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་འཛོམས་དགོས།
7.ཆ་རྐྱེན་འདི་དག་ཚང་བའི་འོག་སྤྱི་བདེ་དང་ཁྲིམས་འཛིན་སློབ་གླིང་གི་མཐར་ཕྱིན་སློབ་མ་དང་རུ་འཁྱུར་དམག་མི། དྲག་ཆས་ཉེན་རྟོག་དམག་བཅས་ལ་དམིགས་གསལ་ཡོད།
1.དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད་ནི། 2023ལོའི་ཟླ7པའི་ཚེས20ཉིན་གྱི་ཆུ་ཚོད9ནས2023ལོའི་ཟླ7པའི་ཚེས30ཉིན་གྱི་ཆུ་ཚོད24བར་རེད།
2. དྲ་ཐོག་ནས་ཞིབ་བཤེར་གཏན་འབེབས་བྱེད་པའི་དུས་ཚོད་ནི། 2023ལོའི་ཟླ7པའི་ཚེས20ཉིན་གྱི་ཆུ་ཚོད9ནས2023ལོའི་ཟླ7པའི་ཚེས31ཉིན་གྱི་ཆུ་ཚོད18བར་རེད།
3.དྲ་ཐོག་ནས་དངུལ་སྤྲོད་པའི་དུས་ཚོད་ནི། 2023ལོའི་ཟླ7པའི་ཚེས20ཉིན་གྱི་ཆུ་ཚོད9ནས2023ལོའི་ཟླ8པའི་ཚེས1ཉིན་གྱི་ཆུ་ཚོད18བར་རེད།
4.མིང་ཐོ་འགོད་སྟངས། ཐེངས་འདིའི་ལས་བསྡུའི་ཡིག་རྒྱུགས་ལ་དྲ་ཐོག་ནས་མིང་ཐོ་འགོད་དགོས་པ་དང་། མིང་ཐོ་འགོད་མཁན་གྱིས་གློག་ཀླད་ཀྱི་སྣེ་ནས་ཁུ་ནུ་འཇོན་མིའི་དྲ་བའི(www.klycw.cn)སྟེང་ནས་མིང་ཐོ་འགོད་དགོས།
འབྲེལ་གཏུག་བྱེད་སྟངས།
ཐོ་འགོད་བྱ་ཡུལ་ལས་ཁུངས། མཚོ་སྔོན་ཀྲི་ཕིན་ལས་བསྡུ་མི་ཤུགས་ཐོན་ཁུངས་ཁྲོམ་ར་ཚད་ཡོད་ཀུང་སི་ཡིན།
ས་གནས། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཤིན་ཉིང་ལམ་ཨང36པ(ཞིང་ཆེན་མ་འཇོག་སྡེ་ཚོགས་ཐོག་ཁང་ཆེན་མོའི་ཐོག་བརྩེགས་བདུན་པ)ཡིན།
ཁ་པར་ཨང་གྲངས། 0971-6337153
མི་སྤྱོད་ལས་ཁུངས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ།
སྡོད་གནས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་མཐུན་སྒྲིལ་ལམ་ཨང212པ།
ལྟ་སྐུལ་ཁ་པར་ཨང་གྲངས། 0975-8384437
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ།
2023ལོའི་ཟླ7པའི་ཚེས19ཉིན།
ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།