ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།གཞུང་ཡིག
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག
ཡོང་ཁུངས། རྨ་ལྷོ་བརྙན་འཕྲིན་ཁང་།  རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།  
སྤེལ་དུས། 2023-06-30 08:53:00

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

(ཨང11པ)

   《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག》ལ2023ལོའི་ཟླ2པའི་ཚེས24ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་བཞི་བའི་སྟེང་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ་དང་། 2023ལོའི་ཟླ6པའི་ཚེས2ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ཞིབ་བཤེར་གནང་སྟེ་ཆོག་མཆན་བཀོད། 2023ལོའི་ཟླ9བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ། 

   ད་ལྟ་སྤྱི་བསྒྲགས་བྱས་པ་ཡིན། 

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།

2023ལོའི་ཟླ6པའི་ཚེས29ཉིན།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག

   (2023ལོའི་ཟླ2པའི་ཚེས24ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཐེངས་བཞི་བའི་སྟེང་གྲོས་འཆམ་བྱུང་། 2023ལོའི་ཟླ6པའི་ཚེས2ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ཆོག་མཆན་བཀོད།)

   དོན་ཚན་དང་པོ། བོད་སྐད་ཡིག་གི་བྱ་བར་ཤུགས་སྣོན་པ་དང་། བོད་སྐད་ཡིག་གི་སློབ་སྦྱོང་དང་། བཀོལ་སྤྱོད། གོང་སྤེལ་བཅས་ལ་འགན་ལེན་བྱ་ཆེད། རྩ་ཁྲིམས་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས??རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག》སོགས་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ་གཞིར་བཟུང་ཞིང་། རང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན། 

   དོན་ཚན་གཉིས་པ། རང་སྐྱོང་ཁུལ་གྱི་སྲིད་འཛིན་ས་ཁོངས་ནང་གི་བོད་སྐད་ཡིག་གི་སློབ་སྦྱོང་བཀོལ་སྤྱོད་དང་། ཞིབ་འཇུག་སྲུང་སྐྱོབ། དེའི་དོ་དམ་གྱི་བྱེད་སྒོ་ལ་སྲོལ་ཡིག་འདི་སྤྱད་ཆོག་པ་ཡིན།  

   དོན་ཚན་གསུམ་པ། བོད་སྐད་ཡིག་ནི་རང་སྐྱོང་ཁུལ་ས་ཁོངས་ནང་གི་སྤྱི་སྤྱོད་ཀྱི་སྐད་ཡིག་ཅིག་ཡིན། རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་བྱ་བས་ཁྲིམས་ལྟར་དོ་དམ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྲུང་སྐྱོབ་བྱེད་པ། ཚད་ལྡན་བཀོལ་སྤྱོད་གཏོང་བ། གོང་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་ཤིང་། བོད་སྐད་ཡིག་གིས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་དང་སྐྱེ་ཁམས་དཔལ་ཡོན་བཅས་འཛུགས་སྐྱོང་བྱེད་པའི་ཁྲོད་ནུས་པ་འདོན་སྤེལ་བྱ་དགོས། 

   དོན་ཚན་བཞི་བ། རང་སྐྱོང་ཁུལ་དང་། རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་བོད་སྐད་ཡིག་གི་བྱ་བ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གཏོང་བའི་འཆར་འགོད་ནང་འཇོག་དགོས་པ་དང་། དེར་མཁོ་བའི་འགྲོ་གྲོན་རྣམས་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ཁྲོད་འཇོག་དགོས།

   དོན་ཚན་ལྔ་བ། རང་སྐྱོང་ཁུལ་དང་། རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གིས་བོད་སྐད་ཡིག་སློབ་སྦྱོང་དང་། བཀོལ་སྤྱོད། གོང་སྤེལ་གཏོང་བ་བཅས་ཀྱི་ཐད་གྲུབ་འབྲས་མངོན་གསལ་བཞག་པའི་རྩ་འཛུགས་དང་མི་སྒེར་ལ་གཟེངས་བསྟོད་དང་། བྱ་དགའ་སྟེར་དགོས།

   དོན་ཚན་དྲུག་པ། རང་སྐྱོང་ཁུལ་དང་། རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་མི་རིགས་སྐད་ཡིག་བྱ་བ་གཙོ་སྐྱོང་སྡེ་ཁག་གིས་རང་སྲིད་འཛིན་ས་ཁོངས་ནང་གི་བོད་སྐད་ཡིག་བྱ་བའི་འཆར་འགོད་དང་། མཛུབ་སྟོན། ལྟ་སྐུལ་དོ་དམ་བཅས་ལ་འགན་འཁུར་དགོས། ཆོག་མཆན་བཀོད་ནས་བཙུགས་པའམ་ཡང་ན་གཏན་འཁེལ་བྱས་ཏེ་བོད་སྐད་ཡིག་བྱ་བའི་འགན་བླངས་པའི་ལས་ཁུངས་ཀྱིས་བྱེ་བྲག་གི་ལས་དོན་བསྒྲུབ་འགན་འཁུར་དགོས། 

   རང་སྐྱོང་ཁུལ་དང་། རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་མི་རིགས་ཆོས་ལུགས་དང་། སློབ་གསོ། ཁྲོམ་རའི་ལྟ་སྐུལ་དོ་དམ། སྡོད་ཁང་དང་གྲོང་ཁྱེར་གྲོབ་གསེབ་འཛུགས་སྐྲུན། རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་སོགས་འབྲེལ་ཡོད་སྡེ་ཁག་གིས་རང་འཁྲིའི་འགན་འཁུར་གྱི་ཁྱབ་ཁོངས་ནས་བོད་སྐད་ཡིག་གི་བྱ་བ་ལེགས་པོར་བསྒྲུབ་དགོས།

   དོན་ཚན་བདུན་པ། རང་སྐྱོང་ཁུལ་དང་། རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་མི་རིགས་སྐད་ཡིག་བྱ་བ་གཙོ་སྐྱོང་སྡེ་ཁག་གིས་གཤམ་གྱི་འགན་འཁྲི་བསྒྲུབ་དགོས་པ་སྟེ།

(གཅིག) གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐད་ཀྱི་ཁྲིམས་ལུགས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་དྲིལ་སྒྲོག་དང་ལག་བསྟར་དོན་འཁྱོལ་བྱ་དགོས་པ་དང་། བོད་སྐད་ཡིག་གི་ཚད་ལྡན་བཀོལ་སྤྱོད་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་དགོས་ལ། བོད་སྐད་ཡིག་ཁྲིམས་ལྟར་བཀོལ་སྤྱོད་གཏོང་བར་འགན་ལེན་བྱ་དགོས། 

(གཉིས)བོད་སྐད་ཡིག་གི་ལོ་ཙཱ་དང་། པར་སྐྲུན། སློབ་གསོའི་སློབ་ཁྲིད། གསར་འགྱུར། རྒྱང་སྒྲོག བརྙན་འཕྲིན། མི་རིགས་དཔེ་རྙིང་འཚོལ་སྡུད་དང་དག་སྒྲིག་སོགས་ཀྱི་བྱ་བར་མཛུབ་སྟོན་བྱ་དགོས།

(གསུམ)ཁྲིམས་ལུགས་ཁྲིམས་སྲོལ་དང་། སྲིད་ཇུས་དྲིལ་སྒྲོག  ཚན་ཁྱབ། རིག་གནས་སོགས་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་གི"སྐད་གཉིས"ཀློག་དེབ་རྩ་འཛུགས་བྱས་ནས་སྒྲིག་སྒྱུར་བྱ་དགོས། 

(བཞི)གསར་འགྱུར་པར་སྐྲུན་དང་། རྒྱང་སྒྲོག་བརྙན་འཕྲིན། མཉམ་སྦྲེལ་དྲ་ལམ་དོ་དམ་སོགས་ཀྱི་སྡེ་ཁག་ལ་རོགས་འདེགས་བྱས་ཏེ་བོད་སྐད་ཡིག་གི་མངོན་གསལ་པར་སྐྲུན་ཡིག་རིགས་དང་། རྒྱང་སྒྲོག་བརྙན་འཕྲིན་བརྩམས་ཆོས། སྒྲ་བརྙན་བརྩམས་ཆོས། མཉམ་སྦྲེལ་དྲ་ལམ་བཅས་སུ་བོད་སྐད་ཡིག་ཚད་ལྡན་བཀོལ་སྤྱོད་གཏོང་བར་ལྟ་སྐུལ་ཞིབ་བཤེར་བྱ་དགོས། 

(ལྔ)བོད་སྐད་ཡིག་གི་ལག་རྩལ་ཞབས་ཞུ་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་མཐུན་འགྱུར་དང་མཛུབ་སྟོན་བྱ་དགོས། 

(དྲུག)བོད་ཡིག་ཐ་སྙད་གསར་པའི་ཁྱབ་གདལ་དང་བཀོལ་སྤྱོད་ལ་ལྟ་སྐུལ་ཞིབ་བཤེར་བྱ་དགོས།

(བདུན)བོད་སྐད་ཡིག་གི་རིག་གཞུང་ཞིབ་འཇུག་དང་། མཉམ་ལས་བརྗེ་རེས། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ལ་སྐུལ་འདེད་གཏང་དགོས།

(བརྒྱད)རང་སྲིད་འཛིན་ས་ཁོངས་ནང་གི་རྩ་འཛུགས་དང་མི་སྒེར་གྱིས་བོད་སྐད་ཡིག་བཀོལ་སྤྱོད་གཏོང་བའི་བྱ་བའི་ཁྲོད་འབྱུང་བའི་གནད་དོན་མཐུན་འགྱུར་ཐག་གཅོད་བྱ་དགོས།  

   དོན་ཚན་བརྒྱད་པ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་སློབ་གྲྭ་དང་། སློབ་གསོ་ལས་ཁུངས་ལ་མཛུབ་སྟོན་གནང་སྟེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོ་སྐུལ་སྤེལ་གཏོང་བའི་དུས་མཚུངས་སུ། དགོས་མཁོ་ལྟར་བོད་སྐད་ཡིག་གི་སློབ་ཐུན་འཛུགས་དགོས།

   དོན་ཚན་དགུ་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དོན་ལས་ལས་ཁུངས། རྩ་འཛུགས་གཞན་དག་བཅས་ཀྱིས་རྒྱལ་ཁབ་དང་ཞིང་ཆེན་གྱི་བོད་ཡིག་ཐ་སྙད་ཚད་ལྡན་ཞིབ་བཤེར་གཏན་འབེབས་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཐ་སྙད་གསར་པ་ཚད་ལྡན་སྒོས་བཀོལ་སྤྱོད་གཏང་དགོས།  

   དོན་ཚན་བཅུ་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་གཏན་འབེབས་དང་ཁྱབ་བསྒྲགས་བྱས་པའི་ཚད་ལྡན་ཡིག་ཆ་སྣ་ཚོགས། དགོས་མཁོ་ལྟར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་གཉིས་མཉམ་དུ་བཀོལ་སྤྱོད་གཏང་དགོས། 

   དོན་ཚན་བཅུ་གཅིག་པ། རང་སྐྱོང་ཁུལ་གྱིས་གཏན་འབེབས་བྱས་པའམ་ཁྱབ་བསྒྲགས་བྱས་པའི་འདེམས་བསྐོའི་ཡིག་ཆ་དང་། འདེམས་དམངས་ཀྱི་མིང་ཐོ། འདེམས་དམངས་ལག་ཁྱེར། འཐུས་མིའི་འོས་མིའི་མིང་ཐོ། འདེམས་ཤོག འཐུས་མི་བདམས་ཐོན་ལག་ཁྱེར། འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཐམ་ག་སོགས་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་གཉིས་མཉམ་དུ་བཀོལ་སྤྱོད་གཏང་དགོས། 

   དོན་ཚན་བཅུ་གཉིས་པ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་དང་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྙན་ཞུ་དང་། གྲོས་ཆོད། ཆོད་དོན་སོགས་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་གཉིས་མཉམ་དུ་བཀོལ་སྤྱོད་གཏང་དགོས། གྲོས་ཚོགས་ཀྱི་སྐབས་སུ་ས་ཁུལ་དང་ཁ་གཏད་ཡུལ་མི་འདྲ་བར་གཞིགས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གམ་ཡང་ན་བོད་སྐད་ཡིག་གི་ཐོག་ནས་སྙན་ཞུ་འབུལ་ཆོག་པ་མ་ཟད་དེར་ལོ་ཙཱ་འདོན་སྤྲོད་བྱ་དགོས། 

   གྲངས་ཉུང་མི་རིགས་ཀྱི་གལ་ཆེའི་དུས་ཆེན་དང་རིག་གནས་ལུས་རྩལ་གྱི་བྱེད་སྒོ་སྤེལ་བའི་སྐབས་སུ། དགོས་མཁོ་ལྟར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་བཀོལ་སྤྱོད་བྱེད་ཆོག་པ་མ་ཟད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་ཕན་ཚུན་ལོ་ཙཱ་བྱ་དགོས། 

   དོན་ཚན་བཅུ་གསུམ་པ། རང་སྐྱོང་ཁུལ་གྱི་སྲིད་འཛིན་ས་ཁོངས་ནང་དུ་གཤམ་གྱི་དོན་ཚན་དག་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་གཉིས་མཉམ་དུ་བཀོལ་སྤྱོད་གཏང་དགོས་ཏེ།  

(གཅིག)རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དོན་ལས་ལས་ཁུངས་བཅས་ཀྱི་གཞུང་ཡིག་གི་མགོ་བྱང་དང་། གཞུང་ཐེལ། བྱང་བུ་སྣ་ཚོགས། དྲ་ཚིགས་ཀྱི་མིང་སོགས།  

(གཉིས)རང་སྐྱོང་ཁུལ་ནང་ཁུལ་གྱི་ཚགས་པར་དང་། དུས་དེབ་ཀྱི་མགོ་བྱང་། རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མཚོན་རྟགས་སོགས། 

(གསུམ)རང་སྐྱོང་ཁུལ་གྱི་སྲིད་འཛིན་ས་ཁོངས་ནང་གི་ས་ཁམས་ཀྱི་མིང་དང་། ཡུལ་སྐོར་ལྗོངས་གནས། གནའ་ཤུལ་གྲགས་ཅན། རང་བྱུང་སྲུང་སྐྱོབ་ཁུལ། རིག་རྫས་སྲུང་སྐྱོབ་ལས་ཁུངས་ཀྱི་མཚོན་རྟགས་བྱང་བུ། དེ་མིན་མི་མང་འདུ་ས་སྣ་ཚོགས་ཀྱི་དྲན་སྐུལ་དང་། ཉེན་བརྡ། གསལ་བརྡ། ཕྱོགས་སྟོན། ཕྱོགས་ཁྲིད། ཞབས་ཞུའི་བྱང་བུ་སོགས། 

(བཞི)རོང་འབྲོག་མང་ཚོགས་ལ་འགྲེམ་གཏོང་བྱེད་པའི་སྲིད་ཇུས་ཀྱི་ཡིག་ཆ་དང་། ཁྲིམས་ལུགས་དང་ཁྲིམས་སྲོལ། ཚན་ཁྱབ། སློབ་གསོ། རིག་གནས། འཕྲོད་བསྟེན་སོགས་ཐད་ཀྱི་དྲིལ་སྒྲོག་རྒྱུ་ཆ་སོགས། 

(ལྔ)རང་བྱུང་གནོད་འཚེ་དང་། དོན་རྐྱེན་གནོད་འཚེ། སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་དང་སྤྱི་ཚོགས་བདེ་འཇགས་ཀྱི་དོན་རྐྱེན་སོགས་ཐོལ་བྱུང་སྤྱི་པའི་དོན་རྐྱེན་གལ་ཆེན་གྱི་སྐབས་སུ་སྒྲོག་སྤེལ་བྱེད་པའི་སྤྱི་བསྒྲགས་དང་། བརྡ་ཁྱབ། ཆ་འཕྲིན་སོགས། 

(དྲུག)རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་མཉམ་དུ་བཀོལ་སྤྱོད་བྱ་དགོས་པའི་རིགས་གཞན་དག  

   དོན་ཚན་བཅུ་བཞི་བ། དངུལ་རྩ་དང་། འཕྲིན་གཏོང་། སྨན་བཅོས་འཕྲོད་བསྟེན། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་སྤྱི་པའི་ཞབས་ཞུའི་ལས་ཁུངས་ཀྱིས་དངོས་ཡོད་ཀྱི་དགོས་མཁོ་ལྟར། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་གི་སྐད་གཉིས་ཞབས་ཞུ་འདོན་སྤྲོད་བྱ་དགོས། 

   དོན་ཚན་བཅོ་ལྔ་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་གི་གཏུག་བཤེར་བྱེད་སྒོའི་ཁྲོད་དང་། རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་དོན་ཞིབ་གཅོད་བྱེད་སྐབས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གམ་ཡང་ན་བོད་སྐད་ཡིག་མི་ཤེས་པའི་གཏུག་བཤེར་བྱེད་མཁན་རྣམས་ལ་དགོས་མཁོ་ལྟར་ལོ་ཙཱ་འདོན་སྤྲོད་བྱ་དགོས།  དོ་བདག་གིས་བོད་སྐད་དང་ཡང་ན་བོད་ཡིག་གིས་རེ་ཞུ་དང་། ཞུ་སྦྱོར།  གོང་གཏུག དག་ཞུ་བཅས་བྱེད་ན། ཁྲིམས་འཛིན་ལས་ཁུངས་ཀྱིས་སྒྲུབ་གཉེར་དང་ལེན་བྱ་དགོས།

   རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གི་བཅད་ཁྲ་དང་། འདུམ་ཁྲ། ཁྲུན་གཅོད་ཡི་གེ  ལག་བསྟར་བརྡ་སྦྱོར་སོགས་དཔྱད་གཅོད་ཡིག་རིགས་དང་།མི་དམངས་ཞིབ་དཔྱོད་ཁང་གི་ཞུ་སྦྱོར་ཡི་གེ་བཅས་ལ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་སྤྱོད་དགོས་པ་དང་། དགོས་མཁོ་ལྟར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་གཉིས་མཉམ་དུ་བཀོལ་སྤྱོད་གཏང་ཆོག

   དོན་ཚན་བཅུ་དྲུག་པ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དོན་ལས་ལས་ཁུངས་བཅས་ཀྱིས་བོད་སྐད་ཡིག་སྤྱོད་མཁན་སྤྱི་དམངས་ཀྱི་ཡིག་བསྐུར་བདག་སྤྲོད་དང་ངོ་བཅར་སྣེ་ལེན་བྱེད་སྐབས། དགོས་མཁོ་ལྟར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་སྤྱད་ནས་ལན་འདེབས་པ་དང་ཐག་གཅོད་བྱ་དགོས། 

   དོན་ཚན་བཅུ་བདུན་པ། རང་སྐྱོང་ཁུལ་དང་། རྫོང(གྲོང་ཁྱེར)གིས་བོད་སྐད་ཡིག་གི་ཚགས་པར་དང་། དུས་དེབ། རྒྱང་སྒྲོག བརྙན་འཕྲིན་བཅས་ཀྱི་བྱ་བར་ཤུགས་བསྣན་དགོས་པ་དང་། བོད་སྐད་ཀྱི་འགུལ་ཚད་དང་། འཕྲིན་ལམ་མམ་ཡང་ན་ལེ་ཚན་འཛུགས་དགོས། བོད་སྐད་ཡིག་གི་རྒྱང་སྒྲོག་བརྙན་འཕྲིན་ལས་སྒྲུབ་དཔུང་སྡེ་འཛུགས་སྐྱོང་བྱེད་པར་ཤུགས་བསྣན་ནས། སྒྲིག་གཏོང་གི་ཆུ་ཚད་ཇེ་མཐོར་གཏང་བ་དང་། ལེ་ཚན་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས། 

   རང་སྐྱོང་ཁུལ་དང་། རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་འབྲེལ་ཡོད་ལས་ཁུངས་ནས་བོད་སྐད་ཡིག་བཀོལ་སྤྱོད་བྱས་ཏེ་རྩོམ་སྒྱུར་བྱེད་པ་དང་། དཔེ་དེབ་དང་ཚགས་པར། དུས་དེབ་སྣ་ཚོགས་པར་སྐྲུན་བྱེད་པ། སྒྲ་བརྙན་བརྩམས་ཆོས་པར་སྐྲུན་བྱེད་པ་བཅས་ལ་སྐུལ་འདེད་དང་རྒྱབ་སྐྱོར་བྱ་དགོས། གློག་བརྙན་བརྩམས་ཆོས་བོད་སྐད་ཡིག་གི་ལམ་ནས་སྒྱུར་སྐྲུན་དང་སྒྲ་སྦྱོར། འགྲེལ་བཤད་བཅས་བྱེད་པར་སྐུལ་འདེད་དང་རྒྱབ་སྐྱོར་བྱ་དགོས། བོད་སྐད་ཡིག་གྲངས་འཛིན་ཅན་གྱི་ཆ་འཕྲིན་ལས་སྟེགས་བསྐྲུན་པར་སྐུལ་འདེད་དང་རྒྱབ་སྐྱོར་བྱས་ཏེ། རྒྱང་བསྟེན་སློབ་གསོ་དང་། བོད་སྐད་ཡིག་གི་དྲ་ཚིགས། གསར་དར་ཁྱབ་སྤེལ་གཞི་རྟེན་བཅས་གོང་དུ་སྤེལ་བར་སྐུལ་འདེད་གཏང་དགོས། 

   དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ཁུལ་གྱིས་བོད་སྐད་ཡིག་སྤྱད་ནས་ཚན་རིག་ཞིབ་འཇུག་དང་གསར་གཏོད་གསར་སྐྲུན་བྱེད་པ། དཔྱད་རྩོམ་དང་ཆེད་རྩོམ་འབྲི་བ། རྩོམ་རིག་སྒྱུ་རྩལ་གསར་རྩོམ་དང་འཁྲབ་སྟོན་བྱེད་པར་སྐུལ་མ་དང་རྒྱབ་སྐྱོར་བྱ་དགོས། 

   དོན་ཚན་བཅུ་དགུ་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དོན་ལས་ལས་ཁུངས། རྩ་འཛུགས་གཞན་དག་བཅས་ཀྱིས་དངོས་ཡོད་ཀྱི་དགོས་མཁོ་ལྟར། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་གཉིས་ཀ་ཤེས་པའི་སྐད་གཉིས་མི་སྣ་བཀོད་སྒྲིག་བྱས་ཏེ། རང་ལས་ཁུངས་ཀྱི་བོད་སྐད་ཡིག་གི་བྱ་བར་འགན་འཁུར་དགོས། 

   དོན་ཚན་ཉི་ཤུ་བ། རང་སྐྱོང་ཁུལ་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་ཤེས་པའི་སྐད་གཉིས་ཤེས་ལྡན་པ་གསོ་སྐྱོང་བྱ་དགོས། རིམ་པ་སོ་སོའི་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དོན་ལས་ལས་ཁུངས། རྩ་འཛུགས་གཞན་དག་བཅས་ཀྱིས་ལས་བྱེད་པ་དང་ལས་བཟོ་བའི་སློབ་གསོའི་གསོ་སྦྱོང་གི་འཆར་གཞིའི་ནང་བོད་སྐད་ཡིག་འཇོག་པར་སྐུལ་མ་གཏང་དགོས། 

   དོན་ཚན་ཉེར་གཅིག་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ལ། ཁྲིམས་ལུགས་དང་ཁྲིམས་སྲོལ་ནང་ཆད་གཅོད་སྐོར་གྱི་གཏན་འབེབས་ཡོད་ཚེ་གཏན་འབེབས་དེ་དང་བསྟུན་དགོས། 

   དོན་ཚན་ཉེར་གཉིས་པ། སྲོལ་ཡིག་འདིའི་དོན་ཚན་བཅུ་གསུམ་པའི་གཏན་འབེབས་དང་འགལ་ཏེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་སྐད་ཡིག་ཚད་ལྡན་གྱིས་བཀོལ་སྤྱོད་མི་བྱེད་མཁན་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་མི་རིགས་སྐད་ཡིག་བྱ་བ་གཙོ་སྐྱོང་སྡེ་ཁག་གིས་བཀའ་ཕབ་སྟེ་དུས་ལྟར་ཡོ་བསྲང་བྱེད་དུ་འཇུག་དགོས།

   དོན་ཚན་ཉེར་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཞིང་། འབྲེལ་ཡོད་སྡེ་ཁག་དང་དེའི་ལས་སྒྲུབ་མི་སྣས་ཁྲིམས་ལྟར་འགན་འཁྲི་མ་བསྒྲུབས་ཚེ། དེའི་གོང་རིམ་གཙོ་སྐྱོང་སྡེ་ཁག་དང་ཡང་ན་ལས་ཁུངས་ཀྱིས་བཀའ་ཕབ་ནས་ཡོ་བསྲང་བྱ་དགོས་པ་དང་། གནས་ཚུལ་ཚབས་ཆེ་བ་ལ། འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཐད་ཀར་གྱི་འགན་ཁུར་བ་གཞན་དག་ལ་ཁྲིམས་ལྟར་འབྲེལ་ཡོད་འགན་འཁྲི་རྩད་གཅོད་བྱ་རྒྱུ། 

   དོན་ཚན་ཉེར་བཞི་བ། རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གི་མི་རིགས་སྐད་ཡིག་བྱ་བ་དེ་རང་སྐྱོང་རྫོང་རང་གིས་གཏན་ལ་དབབ་དགོས།  

   དོན་ཚན་ཉེར་ལྔ་བ། རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གིས་སྲོལ་ཡིག་འདི་གཞིར་བཟུང་ནས་ཞིབ་ཕྲའི་ལག་བསྟར་བྱེད་ཐབས་སམ་ལག་བསྟར་ཞིབ་སྲོལ་གཏན་ལ་དབབ་ཆོག 

   དོན་ཚན་ཉེར་དྲུག་པ། སྲོལ་ཡིག་འདི2023ལོའི་ཟླ9བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ། 1993ལོའི་ཟླ5བའི་ཚེས30ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གྲོས་འཆམ་བྱུང་བའི《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་སྲོལ་ཡིག》དུས་མཉམ་དུ་མེད་པར་བཟོས་པ་ཡིན།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག

ཡོང་ཁུངས། རྨ་ལྷོ་བརྙན་འཕྲིན་ཁང་།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།