ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།གྲོས་ཆོགས།
ལིས་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།  རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།  
སྤེལ་དུས། 2023-06-17 10:24:23

  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། དཔལ་འབྱོར་རྒྱུན་སྲིང་ངང་ལེགས་ཕྱོགས་སུ་བསྐྱར་འཕེལ་འབྱུང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་སྐོར་ཞིག་ལ་ཞིབ་འཇུག་བྱས་པ་དང་། ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་དངུལ་བསྡུའི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བའི་ཇུས་གཞི་དང་སྒེར་བསྡུས་དངུལ་གཏོང་ཐེབས་རྩའི་ལྟ་སྐུལ་དོ་དམ་སྲོལ་ཡིག་འཆར་ཟིན་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ཞིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསླབ་གནས་བཅའ་ཁྲིམས་འཆར་ཟིན་ལ་གྲོས་སྡུར་བྱས།

  གྲོས་ཚོགས་ནས་བསྟན་དོན། དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ལེགས་ཕྱོགས་སུ་བསྐྱར་འཕར་འབྱུང་བཞིན་ཡོད་ལ། དུས་སྐབས་སྔོན་མར་སྲིད་ཇུས་བྱེད་ཐབས་བཏོན་ནས་ལག་བསྟར་བྱས་པར་བསྟུན་ནས། ཁྲོམ་རའི་དགོས་མཁོ་རིམ་བཞིན་སླར་གསོ་བྱུང་བ་དང་། ཐོན་སྐྱེད་དང་འདོན་སྤྲོད་བསྟུད་མར་འཕར་ལ། དངོས་གོང་དང་ལས་ཞུགས་སྤྱིའི་ཆ་ནས་བརྟན་འཇགས་ཡིན་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གོམ་སྟབས་བརྟན་པོས་སྐུལ་འདེད་བཏང་ཡོད། དེ་དང་མཉམ་དུ་ཕྱིའི་ཁོར་ཡུག་ཀྱང་སྔར་བཞིན་ཚབས་ཆེན་དུ་གྱུར་པ་དང་། འཛམ་གླིང་ཧྲིལ་བོའི་ཉོ་ཚོང་དངུལ་གཏོང་ཇེ་དལ་དུ་སོང་བ་སོགས་ཀྱིས་ཐད་ཀར་དུ་རང་རྒྱལ་གྱི་དཔལ་འབྱོར་སླར་གསོའི་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། དཔལ་འབྱོར་གནས་བབ་ཀྱི་འགྱུར་ལྡོག་ལ་ཁ་གཏད་ནས། ངེས་པར་དུ་སྔར་ལས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ། འཕེལ་རྒྱས་ཀྱི་བྱེད་ནུས་ཇེ་ཆེར་གཏོང་བ་དང་། དཔལ་འབྱོར་གྱི་སྒྲིག་གཞི་ཇེ་ལེགས་སུ་བཏང་ནས། དཔལ་འབྱོར་བསྟུད་མར་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས། གྲོས་ཚོགས་ནས་ཆེ་ཕྱོགས་སྲིད་ཇུས་ཀྱི་སྙོམ་སྒྲིག་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ནུས་ལྡན་དགོས་མཁོ་ཧུར་ཐག་གིས་རྒྱ་བསྐྱེད་པ། དངོས་ཕུང་དཔལ་འབྱོར་ཇེ་རྒྱས་ཇེ་དར་དུ་གཏོང་བ། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་འགོག་སེལ་བྱེད་པ་བཅས་ཕྱོགས་བཞི་ལ་དམིགས་ནས། ཞིབ་འཇུག་བྱས་ཏེ་སྲིད་ཇུས་དང་བྱེད་ཐབས་སྐོར་ཞིག་བཏོན། གྲོས་ཚོགས་ནས་ཆ་རྐྱེན་ཚང་བའི་སྲིད་ཇུས་དང་བྱེད་ཐབས་དུས་ལྟར་འདོན་པ་དང་། མྱུར་དུ་ལག་བསྟར་བྱེད་དགོས་པ་དང་མཉམ་དུ། སྲིད་ཇུས་དང་བྱེད་ཐབས་ཀྱི་གསོག་འཇོག་ལ་ཤུགས་བསྣན་ཏེ། ཚད་ཆེས་མཐོ་བའི་སྒོ་ནས་སྲིད་ཇུས་ཀྱི་ཕྱོགས་བསྡུས་ནུས་པ་འདོན་དགོས་ཞེས་ནན་གྱིས་བསྟན།

  གྲོས་ཚོགས་ནས་ནན་གྱིས་བསྟན་དོན། དངུལ་རྩའི་ལས་ཁུངས་ཀྱིས་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བའི་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་དགོས་མཁོ་མི་འདྲ་བ་གཞིར་བཟུང་ནས། ཐོན་རྫས་དང་ཁྲོམ་ར། ཞབས་ཞུ་བཅས་ཀྱི་མ་ལག་སྔར་ལས་ལེགས་སྒྱུར་བྱས་ཏེ། ཚན་རྩལ་རྣམ་པའི་ཁེ་ལས་ལ་ཚེ་སྲོག་ཧྲིལ་བོའི་དུས་སྐབས་ཀྱི་སྣེ་མང་རྒྱུན་སྲིང་ཅན་གྱི་དངུལ་རྩའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས། ཐོག་མའི་གསར་གཏོད་དུས་རིམ་གྱི་ཚན་རྩལ་རྣམ་པའི་ཁེ་ལས་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། རྐང་དབང་དངུལ་གཏོང་གཙོ་བོ་ཡིན་ཞིང་རྐང་བསྐྱི་བུན་སྲུང་མཉམ་འགུལ་གྱི་དངུལ་རྩ་ཞབས་ཞུའི་རྒྱབ་རྟེན་མ་ལག་མྱུར་དུ་གྲུབ་པར་བྱེད་དགོས། ཚན་རྩལ་གསར་གཏོད་གདེང་འཇོག་ཚད་གཞི་དང་ཤེས་བྱའི་ཐོན་དབང་ཉོ་ཚོང་། ཡིད་རྟོན་ཆ་འཕྲིན་མ་ལག་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། དངུལ་རྩ་རྒྱབ་སྐྱོར་དང་ཉེན་ཁ་དོགས་ཟོན་གཉིས་གཅིག་འདོམས་ཀྱིས་བཟང་བོར་སྒྲུབ་ནས་དངུལ་རྩའི་བརྟན་འཇགས་ལ་ཕན་ནུས་ལྡན་པར་སྲུང་སྐྱོབ་བྱེད་དགོས།

  གྲོས་ཚོགས་ནས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱི་སྒེར་བསྡུས་དངུལ་གཏོང་ཐེབས་རྩ་ལས་རིགས་གོང་འཕེལ་བྱུང་བ་ཅུང་མགྱོགས་ལ། དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་ལས་སྐྲུན་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཕྱོགས་སུ་དགེ་མཚན་ལྡན་པའི་ལྡན་པ་བཏོན་ཡོད། ཆེད་དམིགས་ཀྱི་སྲིད་འཛིན་ཁྲིམས་སྲོལ་གཏན་འབེབས་བྱས་ཏེ། སྒེར་བསྡུས་དངུལ་གཏོང་ཐེབས་རྩའི་ཁེ་ལས་ཀྱི་ལས་སྒོ་བྱེད་སྒོ་དེ་ཁྲིམས་སྐྱོང་ཅན་དང་ཚད་གཞི་ཅན་གྱི་ཁོངས་སུ་བཞག་སྟེ་ལྟ་སྐུལ་དོ་དམ་བྱས་ན། དངུལ་གཏོང་པའི་ཁྲིམས་མཐུན་ཁེ་དབང་ལ་སྔར་ལས་བཟང་བོར་སྲུང་སྐྱོབ་བྱེད་པར་ཕན་ལ། ལས་རིགས་ཚད་ལྡན་དང་བདེ་ཐང་ངང་གོང་དུ་འཕེལ་བར་ཡར་སྐུལ་བྱེད་ཐུབ། ལས་རིགས་ཀྱི་འབུར་ཐོན་གནད་དོན་ལ་དམིགས་ནས་མགོ་ཁུངས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ་དང་། ལྟ་སྐུལ་དོ་དམ་གྱི་མཐའ་ཚད་གཏན་འབེབས་བྱས་ཏེ། སྒེར་བསྡུས་ཐེབས་རྩའི་མིང་བཟུང་ནས་ཁྲིམས་འགལ་གྱིས་མ་རྩ་བསྡུ་བ་སོགས་ཁྲིམས་འགལ་དངུལ་རྩའི་བྱེད་སྒོར་རྡུང་རྡེག་ནན་མོ་གཏོང་དགོས། ལྟ་སྐུལ་དོ་དམ་དང་འཕེལ་རྒྱས་སྲིད་ཇུས་ཀྱི་མཐུན་སྦྱོར་གཞོགས་འདེགས་ཤུགས་སྣོན་པ་དང་། རིགས་མི་འདྲ་བའི་སྒེར་བསྡུས་དངུལ་གཏོང་ཐེབས་རྩ་དང་ལྷག་པར་དུ་ཁེ་ལས་ཀྱི་དངུལ་གཏོང་ཐེབས་རྩ་ལ་ཁྱད་པར་ཅན་གྱི་ལྟ་སྐུལ་དོ་དམ་ལག་བསྟར་བྱེད་དགོས་ཤིང་། ལས་སྐྲུན་དངུལ་གཏོང་ཐེབས་རྩའི་གོང་འཕེལ་ལ་ཡར་སྐུལ་བྱེད་པའི་བྱེ་བྲག་གི་སྲིད་ཇུས་མྱུར་དུ་འདོན་དགོས།

  གྲོས་ཚོགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསླབ་གནས་བཅའ་ཁྲིམས་འཆར་ཟིན་ལ་གྲོས་སྡུར་བྱས་པར་མ་ཟད་རྩ་དོན་ཐོག་གྲོས་འཆམ་བྱུང་བ་དང་། འཆར་ཟིན་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

  གྲོས་ཚོགས་ནས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
ལིས་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།