ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།གྲོས་ཆོགས།
ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་བྱ་བའི་འགུལ་སྐྱོད་ཆེན་མོ་བརྒྱད་ཀྱི་བརྙན་རིས་བཀོད་གཏོང་གྲོས་ཚོགས་བསྡུས།
ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།  རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།  
སྤེལ་དུས། 2023-04-30 10:44:55

  ཟླ་བཞི་པའི་ཚེས་ཉེར་བདུན་ཉིན། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་བྱ་བའི་འགུལ་སྐྱོད་ཆེན་མོ་བརྒྱད་ཀྱི་བརྙས་རིས་བཀོད་གཏོང་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། དཔྱིད་རྨོ་དཔྱིད་འདེབས་དང་། ཕྱུགས་ལས་ཐོན་སྐྱེད། རྣམ་གྲངས་འཛུགས་སྐྲུན། ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་དང་ཡོང་སྒོ་འཕར་སྣོན་སོགས་ཀྱི་གནས་ཚུལ་བཀོད་གཏོང་བྱས་ལ། མིག་སྔར་གྱི་གནས་བབ་ལ་དབྱེ་ཞིབ་དང་གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

  གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཞིང་ཕྱུགས་ལས་རིགས་ཀྱི་ཐོན་སྐྱེད་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་། ཞིབ་བཤེར་ཞིབ་འཇུག་སྤེལ་བ། ཐོལ་བརྒལ་བྱེད་ས་དང་ཤུགས་འདོན་ས་ཡང་དག་པར་བཙལ་ནས། ཞིང་ཕྱུགས་ལས་རིགས་ཀྱི་བརྟན་བརླིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་རྒྱུ་ཆར་འགན་སྲུང་དང་ཚན་རྩལ་ཞབས་ཞུ་རྒྱུན་ཆད་མེད་པར་ཤུགས་དྲག་ཏུ་བཏང་སྟེ། རྨོ་ཞིང་སྟེང་འབྲུ་རིགས་མི་འདེབས་པའི་སྣང་ཚུལ་དང་ས་རྒོད་ཀྱི་སྣང་ཚུལ་བཅོས་སྐྱོང་ལ་སྐུལ་འདེད་ནན་མོ་གཏོང་བ་དང་། སྔོ་ཚལ་འདེབས་འཛུགས་གཞི་རྒྱ་ཆེ་རུ་བསྐྱེད་པ། དཔྱིད་འདེབས་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། འབྲུ་སྣུམ་དང་སྔོ་ཚལ་འདེབས་འཛུགས་ཀྱི་ལས་འགན་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་འགྲུབ་བྱེད་དགོས། ཕྱུགས་ལས་ཐོན་སྐྱེད་དམ་འཛིན་གང་ལེགས་བྱས་ཏེ། གཟན་ཆས་ཀྱི་གསོ་སྐྱོང་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་གཏོང་བ་དང་། ནོག་གནག་གི་རྒྱུད་བཟང་སྤེལ་བའི་ལག་རྩལ་ཁྱབ་བརྡལ་དུ་གཏོང་བ།  ཕག་གསོ་ཐོན་སྐྱེད་ནུས་པ་བརྟན་པོར་བཟོ་བ། ཡུལ་བབ་དང་བསྟུན་ནས་གཟན་རྩ་འདེབས་པའི་གཞི་རྒྱ་ཆེ་རུ་གཏོང་དགོས། ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཐོན་ལས་དང་རོགས་སྐྱོར་འཁོར་ཁང་། ཁེ་ལས་འབྲིང་ཆུང་སོགས་ཀྱི་ལས་ཞུགས་ནུས་ཤུགས་སྔོག་འདོན་བྱེད་པ་དང་། རྒུད་གསབ་ལས་སྤྲོད་རྣམ་གྲངས་ཀྱིས་ལས་མི་བཀོལ་སྤྱོད་བྱེད་སྟངས་གསར་གཏོད་བྱེད་པ། རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་རྩོལ་ནུས་ཕྱིར་འདོན་བྱེད་དགོས། དབུལ་ཐར་མི་འབོར་གྱི་ཡོངས་འབབ་འགྱུར་ལྡོག་ལ་དམིགས་ཏེ། ཡོང་འབབ་ཇེ་དམའ་རུ་འགྲོ་བའི་མི་ཚོགས་ལ་གཅིག་ལ་གཅིག་གཏད་ཀྱི་རོགས་སྐྱོར་བྱེད་ཐབས་དངོས་འབེབས་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ཞིང་འབྲེལ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ཏེ། རྒྱུ་རྐྱེན་འགན་སྲུང་ཤུགས་དྲག་དང་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། ཁེ་བཟང་མཉམ་སྦྲེལ་གྱི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། རྣམ་གྲངས་ཀྱི་མ་དངུལ་དོ་དམ་ལེགས་པོ་དང་བཀོལ་སྤྱོད་ཡག་པོ་བྱེད་པ་དང་། མ་དངུལ་དེ་ཆེས་དགོས་མཁོ་ཆེ་སར་བཏང་ནས་བཟོ་སྐྲུན་མི་ལེགས་པ་གཏན་འགོག་བྱེད་དགོས། ཞིང་གསུམ་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བ་དམ་འཛིན་བྱས་ཏེ། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་བྱ་བའི་འགུལ་སྐྱོད་ཆེན་མོ་བརྒྱད་ཀྱི་བརྙན་རིས་བཀོད་གཏོང་གྲོས་ཚོགས་བསྡུས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།