ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།གྲོས་ཆོགས།
མཚོ་སྔོན་ཏང་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཟི་ལིང་ནས་བསྡུས།
ཡོང་ཁུངས། གངས་ལྗོངས་མེ་ལོང་།  རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།  
སྤེལ་དུས། 2023-04-05 11:07:26

  ཟླ་གསུམ་པའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཚང་འཛོམས་གྲོས་ཚོགས་བསྡུས། ཚོགས་ཐོག་ཏུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཤེས་ལྡན་མི་སྣའི་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་ནན་མོ་བྱས་ལ། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་ཤེས་ལྡན་མི་སྣའི་འཕེལ་རྒྱས་འཆར་གཞི་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི2023ལོའི་བྱ་བ་གཙོ་བོར་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་དང་། 2022ལོའི་ཏང་ཙུའུ་དང་ཏང་ཨུའི་ཧྲུའུ་ཅིས་ཤེས་ལྡན་མི་སྣའི་བྱ་བ་དམ་འཛིན་བྱེད་པའི་བྱ་བའི་སྙན་ཞུའི་ཐད་ཀྱི་དཔྱད་འཇོག་སྤེལ་ལ། ད་ལོའི་ཞིང་ཆེན་ཡོངས་ཀྱི་ཤེས་ལྡན་མི་སྣའི་བྱ་བ་བཀོད་སྒྲིག་བྱས།

  གྲོས་ཚོགས་དུས་རིམ་གཉིས་སུ་བགོས་ནས་བསྡུས་པ་དང་། དུས་རིམ་དང་པོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་གིས་གཏམ་བཤད། ཧྲིན་ཀྲང་། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཝུའུ་ཞའོ་ཅུན་གྱི་མགོ་འཛིན་བྱས། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀྲའོ་ཡུའེ་ཞ་དང་ཝང་ཏ་ནན། དབྱང་ཀྲི་ཝུན་བཅས་གྲོས་ཚོགས་ལ་ཞུགས།

  ཁྲིན་ཀང་གིས་རང་ཞིང་གི་ཤེས་ལྡན་མི་སྣའི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། སྲིད་ཇུས་ཀྱི་མཁོ་སྤྲོད་ལ་ཤུགས་སྣོན་པ་དང་ཁ་གཏད་རོགས་སྐྱོར་སོགས་ཀྱི་རྐྱེན་སྲོལ་བཀོལ་སྤྱོད་བཟང་བོ་བྱེད་པ། ཤེས་ལྡན་མི་སྣ་དང་ལས་གཞི་མཉམ་འབྲེལ་གྱི་ཞབས་ཞུའི་བྱེད་ཐབས་སྤྱོད་པ། མངག་ཐོ་རང་བཞིན་གྱིས་རང་ས་ཆའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་སོགས་ཀྱི་ཉམས་མྱོང་བྱེད་ཐབས་ལ་བསྔགས་བརྗོད་བྱས། ཁོས་ནན་གྱིས་བསྟན་དོན། ཤེས་ལྡན་མི་སྣ་དཀོན་པ་ནི་མཚོ་སྔོན་གྱི་འཕེལ་རྒྱས་ལ་བཀག་སྡོམ་བྱེད་པའི་ཆེས་ཆེ་བའི་ཞན་ཆ་ཡིན་པས། ཞིབ་འཇུག་གཏིང་ཟབ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་པ་དང་མཉམ་དུ་ཐག་གཅོད་དགོས། ཐབས་ལམ་སྟེང་གོ་ཆོད་པ་འབུར་དུ་ཐོན་པར་བྱེད་པ་དང་། ཤེས་ལྡན་མི་སྣ་མཉམ་སྤྱོད་བྱེད་པའི་འདུ་ཤེས་དང་ཤེས་ལྡན་མི་སྣ་ནང་འདྲེན་དང་བཀོལ་སྤྱོད་བྱེད་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། གནས་སྤོར་རང་བཞིན་དང་རྒྱང་བརྟེན་རང་བཞིན། རོགས་སྐྱོར་རང་བཞིན། ཚོགས་སྒྲིག་རང་བཞིན་གྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་ཐབས་ལ་བརྟེན་ནས། ཤེས་ལྡན་མི་སྣའི་བྱ་བའི་བབ་བསྟུན་རང་བཞིན་ཇེ་མཐོར་གཏོང་བ་དང་། ཤེས་ལྡན་མི་སྣ་ནང་འདྲེན་དང་ཤེས་ལྡན་མི་སྣ་བཀོལ་སྤྱོད་བྱེད་པའི་འཁོར་རྒྱུག་བཟང་བོའི་རྐྱེན་སྲོལ་གྲུབ་པར་བྱས་ཏེ། བློ་གྲོས་དང་སྟོབས་ཤུགས་བཀོལ་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་དགོས། བསམ་ཕྱོགས་སྟེང་མཚོ་སྔོན་གྱི་ཁྱད་ཆོས་མངོན་པར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པར་དོ་སྣང་བྱེད་པ། མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་གཙིགས་སུ་འཛིན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་། ཚྭ་མཚོ་ཐོན་ལས། ནུས་ཁུངས་གསར་བ་དང་རྒྱུ་ཆས་གསར་བ། མཐོ་སྒང་གི་གསོ་རིག སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས། མཐོ་སྒང་གི་ཕྱུགས་རྩྭ་སོགས་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པར་དམིགས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཤེས་ལྡན་མི་སྣའི་མཐོ་ས་འཛུགས་སྐྲུན་བྱེད་དགོས། སྲིད་ཇུས་སྟེང་ནས་གསར་གཏོད་བྱེད་པར་ཤུགས་སྣོན་པ་དང་། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ཤེས་ལྡན་མི་སྣའི་སྲིད་ཇུས་གཏན་འབེབས་བྱེད་པ། ད་ཡོད་ཀྱི་སྲིད་ཇུས་ལ་ཚན་སྒྲིག་ལེགས་བསྒྱུར་བྱེད་པ། སྲིད་ཇུས་ཀྱི་རྩ་དོན་རང་བཞིན་དང་བབ་བསྟུན་རང་བཞིན་ལ་དོ་སྣང་བྱེད་པ། སྤུན་ཟླ་ཞིང་ཆེན་དང་གྲོང་ཁྱེར་གྱི་ཉམས་མྱོང་བཟང་བོར་དཔེ་ལྟ་བྱས་ཏེ། མཐོ་རིམ་ཇུས་འགོད་སྔར་ལས་བཟང་བོ་བྱེད་དགོས། རྩ་འཛུགས་སྟེང་ནས་འགན་སྲུང་གི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་ནམ་ཡང་རྒྱུན་འཁྱོངས་བྱེད་པ། གོང་འོག་སེམས་གཅིག་དང་མཉམ་འཛིན་མཉམ་སྡོམ་བྱེད་པ། ཤེས་ལྡན་མི་སྣའུ་རེ་སྒུག་དང་ཤེས་ལྡན་མི་སྣའི་དགོས་མཁོར་དམིགས་ནས་གནད་དོན་དངོས་ཐག་གཅོད་པར་རོགས་བྱེད་པ། གནད་དོན་ཐག་གཅོད་པ་འབུར་དུ་ཐོན་པར་བྱས་ནས་ཤེས་ལྡན་མི་སྣའི་བྱ་བ་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་སྟེ། ཤེས་ལྡན་མི་སྣ་བཀོལ་སྤྱོད་དང་དོ་དམ་བྱེད་པའི་ཆུ་ཚད་མཐོར་འདེགས་གཏོང་དགོས།

  ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཤེས་ལྡན་མི་སྣའི་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཤེས་ལྡན་མི་སྣར་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་ལག་བསྟར་བྱེད་པ། ཤེས་ལྡན་མི་སྣ་འཕེལ་རྒྱས་སུ་གཏོང་བའི་རྐྱེན་སྲོལ་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་བྱེད་པ། ཤེས་ལྡན་མི་སྣའི་ཕྱོགས་བསྡུས་འཕེལ་རྒྱས་ཁོར་ཡུག་ལེགས་བསྒྱུར་བྱེད་པ། ཤེས་ལྡན་མི་སྣའི་ཞབས་ཞུ་འགན་སྲུང་བཟང་བོར་བསྒྲུབ་པ། ཤེས་ལྡན་མི་སྣའི་སྲིད་ཇུས་བྱེད་ཐབས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། བཟང་བོ་དར་སྤེལ་དང་དཀའ་ངལ་ཁྱད་སེལ་བྱེད་པ། ཤེས་ལྡན་མི་སྣ་ཕྱོགས་ཡོངས་ནས་སྐྱེད་སྲིང་དང་ནང་འདྲེན། བཀོལ་སྤྱོད་བྱེད་པ། ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ་སྔར་ལས་མང་པོ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལས་དོན་སྣ་ཚོགས་ཁྲོད་ཟབ་ཞུགས་བྱེད་དུ་བཅུག་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་རིག་སྟོབས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།

  གྲོས་ཚོགས་ཀྱི་དུས་རིམ་གཉིས་པར་བྱ་བའི་སྙན་ཞུའི་དཔྱད་གླེང་སྤེལ། ཀྲའོ་ཡུའེ་ཞ་ཡིས་བསྟན་དོན། ཞིང་ཆེན་ཏང་ཨུའི་ཤེས་ལྡན་མི་སྣའི་བྱ་བ་དང་འབྲེལ་བའི་རེ་བ་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ་དང་། རྩིས་ཐོ་འཛུགས་པ་དང་རེ་རེ་བཞིན་ལྟ་སྒྲུབ་བྱེད་དགོས། ཤེས་ལྡན་མི་སྣའི་འཕེལ་རྒྱས་ཐད་ཀྱི་འཆར་འགོད་ཀྱི་སྣེ་ཁྲིད་དམ་འཛིན་བྱེད་པ་དང་། ལག་བསྟར་འགན་སྲུང་དང་དཔྱད་ཞིབ་སྐུལ་སྤེལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཤེས་ལྡན་མི་སྣའི་སྤྱིའི་གྲངས་ཀ་དང་གྲངས་ཀ་ཇེ་མང་དུ་གཏོང་བ་དམ་འཛིན་བྱས་ཏེ། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་སྟེགས་བུ་འཕེལ་རྒྱས་སུ་གཏོང་བ་དང་ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་རྒྱ་སྐྱེད་དགོས། ཚན་སྒྲིག་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་འགན་གཙོ་བོ་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ་དང་། ཚན་སྒྲིག་རང་བཞིན་གྱི་རོགས་སྐྱོར་བྱ་བ་སྤུས་ཚད་མཐོ་བའི་ངང་སྤེལ་དགོས། ཤེས་ལྡན་མི་སྣར་དོ་དམ་དང་གཅེས་སྤྲས་བྱེད་པ་དང་སྣང་ཚུལ་བཟང་བོ་བསྐྲུན་ནས། ཤེས་ལྡན་མི་སྣའི་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་རྒྱུན་མཐུད་ངང་ཆེར་སྐྱེད་དགོས།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
མཚོ་སྔོན་ཏང་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཟི་ལིང་ནས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།