ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།གཞུང་ཡིག
༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་རོང་འབྲོག་པའི་ཡོང་འབབ་བརྟན་བརླིང་ངང་འཕར་བར་བྱེད་པའི་བྱ་བ་སྔར་ལས་ཡག་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར།
ཡོང་ཁུངས། ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་།  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2022-11-20 16:24:00

༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་རོང་འབྲོག་པའི་ཡོང་འབབ་བརྟན་བརླིང་ངང་འཕར་བར་བྱེད་པའི་བྱ་བ་སྔར་ལས་ཡག་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད་གཞུང་ལས་ཐིན〔2022〕ཨང61པ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང། ཐིན། ཅུས་སོ་སོ་བཅས་ལ།

མིག་སྔར་རྒྱལ་སྤྱི་དང་རྒྱལ་ནང་གི་རྙོག་འཛིང་ཆེ་བའི་འཕེལ་རྒྱས་ཀྱི་ཁོར་ཡུག་དང། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཇེ་ཆེར་སོང་ཞིང། རིམས་བབ་བྱུང་ཚུལ་རེས་སྐོར་མང་བ་དང་གནས་མང་བོར་ཁྱབ་པ་བཅས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་ལས་ཞུགས་འབབ་འཕར་གྱི་གནས་བབ་ཛ་དྲག་ཏུ་གྱུར་ཡོད། རིམས་བབ་ཀྱིས་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པའི་ལས་ཞུགས་འབབ་འཕར་ཐད་བཟོས་པའི་ཤུགས་རྐྱེན་ལ་ཁ་གཏད་ནུས་ལྡན་གཅོག་ཅིང། ཡོང་འབབ་བརྟན་བརླིང་ངང་འཕར་བར་འཕྲད་པའི་འགལ་རྐྱེན་ལ་འགྱུར་ལྡོག་ཏན་ཏིག་བཏང་ནས། ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་ཆེད། ཞིང་ཆེན་སྲིད་གཞུང་གིས་ཞིབ་འཇུག་བྱས་ནས་མོས་མཐུན་བྱུང་བ་བརྒྱུད། ད་ལྟ་འབྲེལ་ཡོད་དོན་དག་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།

གཅིག ལས་ཞུགས་གཞན་སྒྱུར་བྱེད་པའི་གཞི་རྒྱ་ཆེ་རུ་གཏང་དགོས། ཤར་ནུབ་རྒྱུད་བར་མཉམ་སྒྲུབ་དང་མཚོ་སྔོན་ལ་ཁ་གཏད་དེ་རོགས་སྐྱོར་བྱེད་པ་སོགས་ཀྱི་རོགས་སྐྱོར་རྐྱེན་སྲོལ་ལ་བརྟེན་ནས། རྩ་འཛུགས་ཅན་གྱི་ངལ་ལས་ཕྱིར་གཏོང་གི་སྦྲེལ་མཐུད་ལས་སྟེགས་བསྐྲུན་པ་དང། ངལ་ལས་མཉམ་ལས་སོགས་ཆེད་བསྐོས་གདན་འགུག་ཚོགས་འདུ་ཐེངས200ཡན་འཚོགས་ནས་རོང་འབྲོག་ཁུལ་གྱི་ངལ་ལས་པ་མི་ཐེངས་ཁྲི20ཞིང་ཆེན་ལས་བརྒལ་ནས་བརྟན་བརླིང་ངང་ལས་ཞུགས་ཐུབ་པར་རོགས་རམ་བྱ་དགོས། ཤར་རྒྱུད་ཀྱི་ཁེ་ལས་གྲགས་ཅན་ལ་སྐུལ་སློང་བྱས་ནས་རང་ཞིང་གི་རོང་འབྲོག་ཁུལ་གྱི་ལས་ཞུགས་ལས་གཏོད་མི་སྣར་དངོས་སྦྱོང་ཞབས་ཕྱི་འདོན་སྤྲོད་བྱས་ཏེ། ལས་ཞུགས་ལས་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་རོགས་བྱ་དགོས། ངལ་ལས་ཀྱི་ཟོང་རྟགས་འཛུགས་པའི་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་ཞིང། འཐེན་ཐུག་སོགས་ཁྱད་ལྡན་ངལ་ལས་ཀྱི་ཟོང་རྟགས་བརྟན་པོ་ངང་འཕེལ་རྒྱས་འགྲོ་བར་སྔར་བས་སྐུལ་འདེད་གཏོང་བ་དང་ལས་ཞུགས་ལས་གཏོད་རྒྱ་ཆེར་གཏོང་བའི་ལག་བསྟར་ཇུས་གཞི་བཟོས་ནས་གཤམ་སྤེལ་བྱེད་ལ། མཚོ་སྔོན་གྱི་འཐེན་ཐུག་དང་ཧུའུ་ཀྲུའུ་ཡི་ཁྱིམ་ལས་སོགས་ཁྱད་ལྡན་ངལ་ལས་ཟོང་རྟགས་མུ་མཐུད་ནས་བཏོད་དེ་ངལ་ལས་ཟོང་རྟགས་ཀྱི་ཕུལ་བྱུང་འཐུས་མི་རྒྱལ་ཡོངས་ཀྱི་ངལ་ལས་ཟོང་རྟགས་འགྲེམས་སྟོན་སྤེལ་རེས་ཀྱི་བྱེད་སྒོ་ནང་ཞུགས་པར་རྩ་འཛུགས་བྱས་ཏེ་ལོ་མཇུག་ཏུ་མི་ཐེངས་ཁྲི40ཡི་ལས་ཞུགས་ལ་སྣེ་འཁྲིད་ཐུབ་པའི་དམིགས་ཚད་མངོན་འགྱུར་ཐུབ་པར་བརྩོན་ལེན་བྱ་དགོས། འཕང་འབྲས་འཐུ་བའི་ངལ་ལས་སྦྲེལ་མཐུད་ལས་སྟེགས་བསྐྲུན་ནས་ལས་མི་སྤྱོད་པའི་དགོས་མཁོ་དུས་ཐོག་ཏུ་སྐོང་ཐུབ་པ་བྱས་ཏེ། ས་ཁོངས་ལས་བརྒལ་བའི་འཕང་འབྲས་འཐུ་བའི་ངལ་རྩོལ་པ་མི་ཁྲི3.5ཡན་ལ་སླེབ་ཐུབ་པར་རྩ་འཛུགས་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་དང། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་ཡིན། གཤམ་གསལ་ཚང་མ་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་ལ་འབྲེལ་བ་ཡོད་པས་རེ་རེ་བཞིན་འགོད་རྒྱུ་མིན)

གཉིས། གུད་གསབ་ལས་སྤྲོད་ཀྱི་སྲིད་ཇུས་དོན་འཁྱོལ་བྱ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིォགཙོ་གནད་ལས་གྲྭའི་ལས་གཞི་ཁྲོད་གུད་གསབ་ལས་སྤྲོད་ལག་བསྟར་ཤུགས་ཆེན་བྱས་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བྱ་བའི་ཇུས་གཞིサཡི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། བཀོལ་སྤྱོད་གང་ཐུབ་དང་སྤྱོད་གོ་གང་ཆོད་ཀྱི་རྩ་དོན་ལྟར་གུད་གསབ་ལས་སྤྲོད་ཀྱི་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཐོག་ས་གནས་སོ་སོས་གུད་གསབ་ལས་སྤྲོད་ཀྱི་འབྲེལ་ཡོད་གཏན་འབེབས་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་བཏང་ནས། ལས་མི་སྤྱོད་ཁྱོན་ཆེ་རུ་བཏང་སྟེ་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ནུས་ལྡན་ངང་མང་དུ་གཏང་དགོས། ས་གནས་ཀྱིས་གུད་གསབ་ལས་སྤྲོད་བྱེད་སྟངས་ཁྱབ་གདལ་གཏོང་བའི་ལས་གཞི་མཛོད་དམ་རྩིས་ཐོ་འཛུགས་པར་མཛུབ་སྟོན་བྱས་ཏེ། ཞིང་སྡེའི་བགྲོད་ལམ་དང་མིའི་འཐུང་ཆུའི་ལས་གྲྭ བཙོག་ཆུ་དང་གད་སྙིགས་གཙང་སེལ་སོགས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཁག་ཅིག་ཧུར་ཐག་གིས་ཇུས་འགོད་དང་ལག་བསྟར་བྱས་ནས་རོང་འབྲོག་མང་ཚོགས་དང་ལྷག་པར་དུ་དབུལ་ཐར་མི་འབོར་གྱི་ལས་མི་སྤྱོད་པའི་བསྡུར་ཚད་ཆེ་རུ་གཏང་དགོས། ཀ་ཕྱོགས་ཀྱིས་འགན་འཁུར་བ་དང་ཆེད་སྤྱོད་རྩིས་ཁྲའི་དོ་དམ། བྱང་བུ་སྤྲོད་པ། ཟླ་རེར་ལྟ་ཞིབ་ཚད་ལེན་བྱེད་པ་བཅས་ཀྱི་རྐྱེན་སྲོལ་བཙུགས་ནས། ཀྲུང་དབྱང་མ་དངུལ་གྱི30%ལས་མི་དམའ་བའི་བསྡུར་ཚད་ལྟར་ངལ་ལས་གླ་ཆ་སྤྲད་དགོས།(འགན་འཁུར་མཁན་སྡེ་ཚན་ནི་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་ཡིན)

གསུམ། སྟོན་དུས་ཀྱི་ཞིང་ལས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱ་དགོས། དགུན་གྲོ་མྱུར་སྡུད་གཡུལ་གཅོག་གི་བྱ་བ་ནན་ཏན་ངང་སྤེལ་བར་རྩ་འཛུགས་བྱས་ནས་འབྲུ་རྡོག་གཅིག་ཀྱང་མ་ལུས་པར་འབྲུ་མཛོད་དུ་འཇུག་དགོས། ཞིང་བས་མགྱོགས་མྱུར་ངང་བསྐྱར་འདེབས་བྱེད་པར་ཁྲིད་སྟོན་དང་སྔོ་ཚལ་འདེབས་ཐེངས་གཉིས་པའི་རྒྱ་ཁྱོན་ཆེ་རུ་བཏང་སྟེ། རྨོ་ཞིང་གི་བསྐྱར་འདེབས་སྟོན་གྲངས་མཐོ་རུ་གཏང་དགོས། མགྱོགས་མྱུར་ངང་སྤྱིལ་ཁྱིམ་ཁུལ་རྙིང་པ5000བསྒྱུར་བཀོད་བྱེད་པར་སྐུལ་འདེད་བཏང་སྟེ། ཁང་བ་གཅིག་བསྒྱུར་བཀོད་བྱས་ནས་ཁང་བ་གཅིག་ཐོན་སྐྱེད་བྱེད་འགོ་རྩོམ་པར་ཁག་ཐེག་བྱ་དགོས། འཕང་འབྲས་དང་ལི་གྲོ། ཁ་ཟས་ཤ་མོ་སོགས་ཁྱད་ལྡན་ཐོན་ལས་ཀྱི་ཐོན་ལས་འབྲེལ་ཐག་ཧྲིལ་བོ་འཕེལ་རྒྱས་གཏོང་བར་སྤྱི་འདོམས་སྐུལ་འདེད་བཏང་ནས། རོག་འབྲོག་པར་ཐོན་ལས་འབྲེལ་ཐག་གི་གནས་ཐང་འཕར་བའི་ཡོང་འབབ་དེ་ལས་མང་པོ་ལོངས་སུ་སྤྱོད་ཐུབ་པ་བྱ་དགོས། གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱེད་པ་དང། མིའི་ཐབས་ལ་བརྟེན་ནས་ཆར་འབབ་ཚད་ཇེ་མང་དུ་གཏོང་བའི་ལས་ཀར་ཤུགས་བསྣོན་དགོས་ལ། ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་བཞའ་ཚད་བརྟག་ནས་ཞིང་ཆུ་ལ་དྲངས་ཏེ། ཞིང་ལས་སུ་གཏོང་རྒྱུའི་ཞིང་ཆུ་འགན་སྲུང་བྱ་དགོས། ནད་འབུའི་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་བསྣན་ནས། ལྗང་མདོག་འགོག་སྡོམ་དང་མཉམ་འགོག་མཉམ་བཅོས་བྱས་ཏེ་ནད་འབུའི་གནོད་འཚེ་ཕོག་ཚད་ཉུང་དུ་གཏང་དགོས། བྱ་བ་སོ་སོར་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་པར་ཤུགས་བསྣན་ཏེ་རིམ་པ་སོ་སོའི་ཞིང་ལས་ལག་རྩལ་ཁྱབ་གདལ་སྡེ་ཁག་གི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་པ་དང། ཞིང་བར་ཚན་རིག་དང་མཐུན་པའི་ངང་ཞིང་ཁ་དོ་དམ་བྱེད་པར་མཛུབ་སྟོན་བྱས་ཏེ་ཞིང་ལས་ལོ་ཏོག་གི་ཐོན་འབབ་ལེགས་པོ་ཡོང་བར་འགན་ལེན་བྱ་དགོས། ཁྲོམ་ར་དང་དངུལ་རྩ་སོགས་རྒྱུ་རྐྱེན་གཙོ་བོའི་ནུས་པ་སྣ་ཚོགས་འདོན་སྤེལ་གང་ལེགས་དང། ཕྱོགས་མང་པོའི་ཐད་ནས་མ་དངུལ་འཇོག་གྲངས་མང་དུ་བཏང་སྟེ། གྲོ་དང་ནས། པད་ཁ་སོགས་འབྲུ་སྣུམ་ལོ་ཏོག་གི་གསོག་ཉེར་དང་ཐོན་འཚོང་འབྲེལ་མཐུད་དམ་འཛིན་ལེགས་པོ་བྱས་ནས་ཞིང་བའི་ཡོང་འབབ་སྔར་ལས་མང་དུ་གཏང་དགོས། རྫོང་རེ་རེ་བཞིན་ཐན་སྐྱོན་གནོད་འཚེའི་གྱོང་གུན་དཔྱད་དཔོག་བྱས་ནས་གྱོང་གུན་གསབ་ཐབས་དོན་འཁྱོལ་བྱེད་པ་དང། དུས་ཐོག་ཏུ་ཞིང་ལས་འགན་བཅོལ་གྱི་སྐྱིན་ཚབ་འཇལ་རྒྱུའི་རྗེས་འདེད་བྱས་ཏེ་གནོད་འཚེའི་གྱོང་གུན་གང་ཐུབ་ཀྱིས་ཆུང་དུ་གཏང་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་གནམ་གཤིས་ཅུས། ཞིང་ཆེན་ཆུ་བེད་ཐིན། མཚོ་སྔོན་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་ནོར་སྲིད་ཐིན་བཅས་ཡིན)

བཞི། ནོར་ལུག་བཤས་གཏོང་བྱེད་ཚད་མང་དུ་གཏང་དགོས། ད་ཡོད་ཀྱི་སྲིད་ཇུས་བྱེད་ཐབས་བེད་སྤྱོད་གང་ལེགས་བྱེད་པ་དང་ཁ་གསབ་བྱ་དགའི་དངུལ་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རོང་འབྲོག་པས་བཤས་གཏོང་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་མ་བཏང་ནས། འདོན་དགོས་ངེས་ཚང་མ་འདོན་ཐུབ་པ་བྱས་ཏེ་ལོ་རེར་ནོར་ལུག་བཤས་གཏོང་བྱེད་ཚད་ལོ་གོང་མ་ལས་བརྒྱ་ཆའི་ཚེག2དང4སོ་སོར་མཐོ་རུ་གཏོང་དགོས་པར་ཁག་ཐེག་བྱ་དགོས། སྣེ་འདྲེན་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་གི་རྒྱ་སྟོབས་ཆེ་རུ་གཏོང་བར་མུ་མཐུད་ནས་རྒྱབ་སྐྱོར་བྱེད་ཅིང། འབྲོག་ཁུལ་ནས་སྤེལ་ཞིང་རོང་ཁུལ་དུ་གསོ་བ་དང། ནུབ་རྒྱུད་ནས་སྤེལ་ཞིང་ཤར་རྒྱུད་དུ་གསོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་ལ། གསོ་སྤེལ་དུད་ཆེན་དང་རོང་འབྲོག་པས་ནོར་ལུག་བཤས་གཏོང་བྱེད་ཚད་མང་དུ་གཏོང་བར་སྐུལ་ལྕག་བྱས་ནས་ཚོང་ཟོག་ཏུ་འགྱུར་ཚད་མཐོ་རུ་གཏོང་བ་དང་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་མང་དུ་གཏང་དགོས། ཐོན་ཚོང་སྦྲེལ་མཐུད་བྱེད་སྒོ་སྤེལ་བར་རྩ་འཛུགས་བྱས་ནས། ཁེ་ལས+མཉམ་ལས་ཁང+འབྲོག་ཁྱིམ་བཅས་ཀྱི་ཁེ་ཕན་མཉམ་འབྲེལ་རྐྱེན་སྲོལ་འཛུགས་པ་དང། རང་འགུལ་དང་ཧུར་ཐག་གིས་རོང་འབྲོག་པར་ཁྲོམ་ར་འཚོལ་རོགས་དང་གཅིག་གྱུར་གྱིས་མཉམ་འབྲེལ་ཕྱིར་ཚོང་བྱས་ཏེ་གསོ་སྤེལ་གྱི་ཕན་འབྲས་ཆེ་རུ་གཏང་དགོས། ཁེ་ལས་དང་བར་ཁེ་བས་དུས་བཅད་ལྟར་ནོར་ལུག་ཉོ་སྒྲུབ་དང་བཤས་གཏོང་བྱེད་འདོད་སོགས་མཁོ་སྤྲོད་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱས་ནས་ཐོན་ཚོང་གནད་འཁེལ་ངང་སྦྲེལ་མཐུད་ཐུབ་པ་བྱ་དགོས། ཧུར་ཐག་སྒོས་རོགས་སྐྲུན་ས་ཁུལ་གྱི་ཤ་རིགས་བཟའ་བཅའི་ཁེ་ལས་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་སྟེ། ཞིང་ཆེན་ཕྱིའི་ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་གི་ཁྲོམ་ར་རྒྱ་བསྐྱེད་ནས་ཕྱུགས་ལས་ཀྱིས་རོང་འབྲོག་པའི་ཡོང་འབབ་འཕར་བར་སྣེ་འཁྲིད་པའི་ཀ་རྟེན་ལྟ་བུའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུས་བཅས་ཡིན)

ལྔ། ཞིང་བར་ཕན་པའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱ་དགོས། ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་དང་རྩྭ་ཐང་གི་ཁ་གསབ་བྱ་དགའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་དང། ཁ་གསབ་བྱེད་དགོས་པ་མཐའ་དག་ཁ་གསབ་དང་གཏོང་སྤྲོད་ཐེངས་གཅིག་བྱས་ནས་རྩྭ་ཐང་སྐྱེ་ཁམས་ཀྱི་བྱ་དགའི་ཁ་གསབ་མ་དངུལ་ཟླ9བའི་ཟླ་མཇུག་གོང་དུ་སྤྲོད་ཐུབ་པར་ཁག་ཐེག་བྱ་དགོས། ཞིང་ཕྱུགས་ལས་ཀྱི་གཏོང་སྤྲོད་སྤོ་སྒྱུར་ཁག་གི་ཁ་གསབ་དང། ཞིང་ལས་འགན་བཅོལ། སློབ་རོགས་དངུལ་བུན། ཞིང་སྡེའི་མ་མཐའི་འཚོ་བའི་འགན་ལེན། སྤྱི་ཕན་ལས་གནས་ཀྱི་ཁ་གསབ། དབང་བོ་སྐྱོན་ཅན་གྱི་ཁ་གསབ་སོགས་ཀྱི་སྲིད་ཇུས་དུས་ཐོག་ཏུ་དོན་འཁྱོལ་བྱས་ཏེ་སྔ་མོ་ནས་སྤྲོད་ཐུབ་པ་དང་སྔ་མོ་ནས་ཕན་པ་ཐོབ་པ་བྱས་ནས་རོང་འབྲོག་པའི་སྤོ་སྒྱུར་རང་བཞིན་གྱི་ཡོང་འབབ་ཏན་ཏིག་གིས་མཐོ་རུ་གཏང་དགོས། འབྲུ་རིགས་འདེབས་མཁན་ཞིང་བར་སྤྲོད་ཐེངས་གཅིག་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི1855སྤྲད་དེ་མ་གནས་འཕར་བ་ལས་བྱུང་བའི་འབྲུ་རིགས་བཏབ་པའི་ཡོང་འབབ་ཆག་པར་ཁ་གསབ་བྱ་དགོས། རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་གི་ཁ་གསབ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་མུའུ་རེར་སྒོར100ཡི་ཚད་གཞི་ལྟར་ས་ཞིང་འདེབས་མཁན་ཞིང་བར་ཁ་གསབ་དུས་ཐོག་ཏུ་སྤྲད་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་རོགས་སྐྱོབ་ཁ་གསབ་མ་དངུལ་བེད་སྤྱོད་ཡག་པོ་བྱས་ནས་རོགས་སྐྱོར་དང་རོགས་སྐྱོབ་བྱེད་མཁན་མང་ཚོགས་ལ་དུས་ཐོག་ཏུ་འདང་ངེས་ཤིག་སྤྲད་དགོས། སྤྱི་ཚོགས་རོགས་སྐྱོབ་དང་འགན་སྲུང་ཚད་གཞི་དེ་ཟོག་གོང་འཕར་བ་དང་འབྲེལ་མཐུད་བྱེད་པའི་མཉམ་འགུལ་རྐྱེན་སྲོལ་དོན་འཁྱོལ་ལེགས་པོ་བྱས་ནས། ཟླ11པའི་ཟླ་དཀྱིལ་གོང་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་ལ་སྤྲོད་ཐེངས་གཅིག་གི་འཚོ་བའི་གསབ་དངུལ་སྐོར་དང་པོ་སྤྲོད་པ་དང་དུས་ཆེན་གཉིས་ཀྱི་གོང་དུ་སྤྲོད་ཐེངས་གཅིག་གི་འཚོ་བའི་གསབ་དངུལ་སྐོར་གཉིས་པ་སྤྲད་དགོས། གནོད་འཚེ་ཕོག་མཁན་གྱི་འཚོ་བའི་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང། རོགས་སྐྱོབ་དང་འགན་སྲུང་བྱེད་དགོས་ཤིང་དཀའ་ངལ་ཡོད་པའི་ཚོགས་སྤྱིར་རོགས་སྐྱོར་བྱེད་པའི་བྱ་བ་གནད་འཁེལ་ངང་ཡག་པོར་བསྒྲུབས་ཏེ། གནས་སྐབས་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རོགས་སྐྱོར་བྱ་དགོས། རིམས་བབ་འགོག་སྡོམ་དང་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། ཕྱེ་དང་འབྲས། སྣུམ་དང་སྔོ་ཚལ། ཤ་སྒོང་འོ་མ་སོགས་འཚོ་བའི་དངོས་ཟོག་འདོན་སྤྲོད་དང་རིན་གོང་བརྟན་པོ་ཡོང་བའི་བྱ་བ་ཡག་པོར་བསྒྲུབ་དགོས།(འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་ནགས་རྩྭ་ཅུས། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་བཅས་ཡིན)

དྲུག གྲོང་གསེབ་ཀྱི་ཡུལ་སྐོར་སྐུལ་སྤེལ་བྱ་དགོས། “རབ་མཛེས་མཚོ་སྔོན་སྐོརརྨ་ཙོང་རིག་གནས་མྱོང暋ཞེས་པའི་མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར་གྱི་དམངས་ཕན་འཛད་སྤྱོད་འཛིན་ཤོག་སྒོར་ཁྲིア2000རྒྱུན་མཐུད་ངང་སྤྲད་དེ་གྲོང་གསེབ་ཀྱི་ཡུལ་སྐོར་གཉེར་སྐྱོང་གི་བྱེད་པོར་དཀའ་གནད་སེལ་རོགས་བྱ་དགོས། ཟོང་རྟགས་བཏོད་དེ་དྲིལ་བསྒྲགས་དང། ལམ་ཐིག་རྩེ་གྲ་འོས་སྦྱོར། སྒོ་འཛིན་ཆག་ཡང་དང་རྩྭ་ཆག་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གྲོང་གསེབ་ཀྱི་ཡུལ་སྐོར་སྐུལ་སྤེལ་བྱ་དགོས། ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་གྱི་མཐུན་སྒྲིལ་སྡེ་བ་དང། མདོ་ལ་རྫོང་བཙུན་མོ་གཞུང་གྲོང་རྡལ་གྱི་ཁ་གཟེབ་ལུང་བ། གཅན་ཚ་རྫོང་གཅན་ཚ་ཐང་ཤང་གི་ཀླེ་གཞུག་སྡེ་བ། རྨིན་ཧོ་རྫོང་ཀོན་ཐིང་གྲོང་རྡལ་གྱི་ལ་ཅ་སྡེ་བ། ཕིན་ཨན་ཆུས་གནའ་གྲོང་ཤང་གི་རྡོ་རིང་སྡེ་བ་བཅས་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོ5རེ་ཞུ་བྱེད་པར་རྩ་འཛུགས་བྱ་དགོས། དཔྱིད་ལྗང་ཧོང་ཀྲུངའཐུ་བའི་ཉམས་ལེན་ཡུལ་སྐོར་དང།・ མཁར་བྱང་ཁུལ་གྱི་གྲོང་གསེབ་ལྟ་སྐོར་ཉམས་ལེན་ཡུལ་སྐོར། ཡིད་འོང་གི་མང་ནེཔར་ལེན་གྱི་ལྷ་ཡུལ།・ སྟོང་སྐོར་རྫོང་ཁོངས་ཀྱི་ཐང་བོད་གནའ་ལམ་དུ་ཆགས་པའི་གྲོང་གསེབ་ཡུལ་སྐོར། ཏ་ཐུང་རྫོང“རོན་སིང་ཐེན” ཞེས་པའི་བསིལ་ལྡན་ལྗོངས་གཟིགས་ཡུལ་སྐོར། མཁར་བྱང་ཁུལ་རྨ་ཙོང་རིག་གནས་ཉམས་ལེན་ཡུལ་སྐོར་བཅས་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་སྐོར་ལམ་ཐིག་རྩེ་གྲ6རེ་ཞུ་བྱས་ནས། གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་ཆེ་རུ་བཏང་སྟེ་ལས་ཞུགས་ལས་གནས་ནུས་ལྡན་ངང་རྒྱ་ཆེར་གཏང་དགོས།(འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ཡིན)

བདུན། རོང་འབྲོག་ཁུལ་གྱི་ཐོན་ཁུངས་རྒྱུ་ནོར་གང་འགབ་ཅི་སྤྱོད་བྱ་དགོས། བེད་མེད་དུ་བཞག་པའི་ཁང་ས་དང་བེད་མེད་དུ་ལུས་པའི་ཞིང་བའི་སྡོད་ཁང་གསར་སྤེལ་དང་བེད་སྤྱོད་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། ཁེ་ལས་དང་མཉམ་ལས་ཁང། གྲོང་མི་བཅས་གྲོང་གསེབ་ཏུ་བསྐྱོད་དེ་ཞིང་དུད་དང་མཉམ་ལས་བྱེད་པར་སྐུལ་མ་གཏོང་བ་དང། བེད་མེད་དུ་བཞག་པའི་ཁང་ས་དང་ཞིང་བའི་སྡོད་ཁང་བེད་སྤྱོད་བྱས་ནས། ཞིང་དུད་སྤྲོ་སྐྱིད་ཁང་དང་ཁྱིམ་ཚང་མགྲོན་ཁང་སོགས་ཀྱི་རྣམ་གྲངས་མཉམ་ལས་ཐོག་གསར་སྤེལ་དང་གཉེར་སྐྱོང་བྱས་ཏེ་རོང་འབྲོག་པའི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་བསྟུད་མར་མང་དུ་གཏང་དགོས། རོང་འབྲོག་པས་ས་ཞིང་ངམ་ཡང་ན་རྩྭ་ར་བོགས་མར་གཏོང་བ་དང། མ་རྐང་འཇོག་པ། མཉམ་ལས་བྱེད་པ། གཏའ་མ་འཇོག་པ། བཤུག་སྤྲོད་བྱེད་པ། ཚབ་གཉེར་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་དུད་ཚང་ཆེ་གྲས་དང། མཉམ་ལས་ཁང། ཁེ་ལས་སམ་ཡང་ན་ཚབ་གཉེར་ལས་ཁུངས་བཅས་ལ་བརྒྱུད་བཤུག་བྱས་ནས་ས་ཞིང་གི་ཡོང་འབབ་མང་དུ་གཏོང་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་དགོས། ཁེ་ལས་ཀྱི་དཀའ་ངལ་སེལ་བའི་སྲིད་ཇུས་དོན་འཁྱོལ་དང། དགོས་མཁོ་འབྲེལ་མཐུད་བྱེད་པར་ཤུགས་སྣོན་ཞིང། དབུལ་སྐྱོར་མ་དངུལ་དང་འབྲེལ་མཐུད་མ་དངུལ་ལས་གྲུབ་པའི་ཚོང་ཁང་དང་ཞིང་དུད་སྤྲོ་སྐྱིད་ཁང། རོགས་སྐྱོར་འཁོར་ཁང་སོགས་ཀྱི་རྒྱུ་ནོར་ནུས་པ་འདོན་སྤེལ་བྱས་ཏེ། དབུལ་ཐར་མང་ཚོགས་ཀྱི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་འཕར་སྣོན་གཏང་དགོས། སྡེ་བ413གྱི་ཐུན་མོང་དཔལ་འབྱོར་གྱི་དཔེ་སྟོན་འཛུགས་སྐྱོང་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཁེ་ཕན་བགོ་བཤའ་དོ་དམ་བྱེད་ཐབས་བཏོན་ཏེ་ཁེ་ཕན་མཉམ་འབྲེལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང། སྡེ་བ་གཞན་དག་གི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་རོང་འབྲོག་པའི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱ་དགོས།(འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུས་ཡིན)

བརྒྱད། ཞིང་ལས་དང་འབྲེལ་བའི་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་དགོས། ནོར་སྲིད་དང་དངུལ་རྩ། ཐོན་ལས། ལས་ཞུགས་སོགས་ཀྱི་སྲིད་ཇུས་ཀྱི“སྡེབ་སྒྲིག་ཁུར་ཚུར”ཡག་པོ་རྒྱག་པ་དང། རྒྱལ་ཁབ་ཀྱིས་བཏོན་པའི་རྒྱབ་སྐྱོར་སྲིད་ཇུས་ཁག་བེད་སྤྱོད་ཡག་པོ་བྱེད་ཅིང། རྨང་གཞི་བརྟན་གཏོང་དང་རྩ་བ་བརྟན་གཏོང་གི་ལས་གཞི་གལ་ཆེན་ཁག་ཅིག་ཇུས་འགོད་དང་གསོག་འཇོག་བྱེད་པ་དང། ལས་གཞིའི་གསོག་འཇོག་མཛོད་བཙུགས་ནས་ནུས་ཤུགས་ཡོད་རྒུས་ལས་གཞི་འཛུགས་པར་བརྩོན་ལེན་བྱ་དགོས། གོ་རིམ་ཉུང་དུ་མི་གཏོང་བ་དང་དུས་འཁོར་ཐུང་དུ་གཏོང་བའི་རྩ་དོན་ལྟར་མ་དངུལ་གཏོང་སྤྲོད་ཀྱི་བརྒྱུད་རིམ་ཇེ་མགྱོགས་སུ་བཏང་ནས་ཀྲུང་དབྱང་གི་ཞིང་སྐྱོར་ཆེད་སྤྱོད་མ་དངུལ་དུས་ཐོག་ཏུ་ས་གནས་སོ་སོ་དང་སྡེ་ཚན་སོ་སོར་གཤམ་སྤྲོད་བྱས་ཏེ་སྔོན་ནས་གཤམ་སྤྲོད་དང། སྔོན་ནས་ལག་བསྟར། སྔོན་ནས་ཕན་འབྲས་ཐོན་པ་བཅས་བྱ་དགོས།“ཆེད་དོན་རྣམ་གྲངས་ཆེ་མོ+ལས་འགན་གསལ་ཐོའི”དོ་དམ་བྱེད་སྟངས་དོན་འཁྱོལ་དང་འཐུས་ཚང་དུ་བཏང་ནས་སྲིད་ཇུས་ཀྱི་གནད་འཁེལ་རང་བཞིན་དང་ཁ་ཕྱོགས་རང་བཞིན། དངོས་ཕན་རང་བཞིན་བཅས་ཏན་ཏིག་གིས་ཆེ་རུ་གཏང་དགོས། ནོར་སྲིད་འབྲེལ་མཐུད་མ་དངུལ་གྱི་ལས་རྗེས་དཔྱད་ཞིབ་དམིགས་ཚད་ལྟར་འབྲེལ་མཐུད་མ་དངུལ་གཏོང་སྒོའི་མྱུར་ཚད་མགྱོགས་སུ་བཏང་ནས། ཟླ9བའི་ཟླ་མཇུག་ཏུ75%ལ་སླེབ་པ་དང། ཟླ10བའི་ཟླ་མཇུག་ཏུ90%ལ་སླེབ་པ། ཟླ12པའི་ཟླ་མཇུག་ཏུ100%ལ་སླེབ་པར་ཁག་ཐེག་བྱ་དགོས།(འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུས། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན། ཞིང་ཆེན་ནགས་རྩྭ་ཅུས་བཅས་ཡིན།)

དགུ། དབུལ་ཐར་མི་འབོར་གྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏང་དགོས།དབུལ་ཐར་མི་འབོར་གྱི་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང། ས་ཁོངས་ལས་བརྒལ་བའི་འགྲིམ་འགྲུལ་གསབ་དངུལ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་དེ་ཁག་ཅིག་ལ་སྐུལ་ཁྲིད་དང། ཞིང་ཆེན་ཕྱི་དང་རོགས་ལས་བྱས་ཏེ་ཁག་ཅིག་ཕྱིར་གཏོང། རོགས་སྐྱོར་འཁོར་ཁང་གིས་ཁག་ཅིག་བཀོད་སྒྲིག གུད་གསབ་ལས་སྤྲོད་ལ་བརྟེན་ནས་ཁག་ཅིག་བསྡུ་ལེན། མི་འཇོན་པོས་ལས་གཏོད་བྱས་ཏེ་ཁག་ཅིག་ཁྱབ་འབྱེད། སྤྱི་ཕན་ལས་གནས་ཀྱིས་ཁག་ཅིག་མཐའ་སྐྱོང་བཅས་བྱས་ཏེ་ལས་ཞུགས་ཀྱི་གོ་སྐབས་མུ་མཐུད་དུ་འདོན་སྤྲོད་བྱ་དགོས། ལས་ཤོར་གྱི་དབུལ་ཐར་མི་འབོར་ལ་གཙོ་གནད་དུ་རོགས་སྐྱོར་བྱེད་པ་དང། འོས་འཚམ་གྱི་ལས་ཞུགས་ལས་གནས2ནས3བར་འདེམས་སྒྲུག་དང་འོས་སྦྱོར་བྱས་ཏེ་ངལ་རྩོལ་ནུས་པ་དང་ལས་ཞུགས་བྱེད་འདོད་ཡོད་ཅིང་ཡིག་ཚགས་དང་བྱང་བུ་བཟོས་པའི་གནས་སྤོས་དབུལ་ཐར་དུད་ཚང་རེར་ཉུང་མཐར་ཡང་མི1ལས་ཞུགས་ཐུབ་པར་འགན་ལེན་བྱ་དགོས། ཐོན་ལས་ཐད་ཀྲུང་དབྱང་གི་འབྲེལ་མཐུད་མ་དངུལ་སྤྱོད་པའི་བསྡུར་ཚད་མཐོ་རུ་བཏང་ནས་ད་ལོར55%ཡན་ལ་སླེབ་པར་འགན་ལེན་ཏན་ཏིག་བྱེད་པ་དང། ཞིང་འབྲེལ་ཞིང་སྐྱོར་ཞིང་ཕྱུག་ཐོན་ལས་འཕེལ་རྒྱས་གཏོང་བར་གཙོ་གནད་དུ་རྒྱབ་སྐྱོར་བྱེད་ལ། མི་དང་དུད་ཚང་དུ་འབྱོར་བའི་ལས་གཞིའི་མ་དངུལ་དགོས་མཁོ་སྔོན་ལ་འགན་སྲུང་བྱེད་པ་དང་ཁེ་ཕན་བགོ་འགྲེམས་རྐྱེན་སྲོལ་དང་བྱེད་ཐབས་དོན་འཁྱོལ་བྱས་ཏེ་དབུལ་ཐར་མི་འབོར་དང་ལྟ་ཞིབ་བྱ་ཡུལ་གྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་བར་སྐུལ་འདེད་གཏང་དགོས། ཡུལ་བབ་དང་བསྟུན་ནས་སྡེ་བ་རིམ་པའི་སྤྱི་ཕན་ལས་གནས་མང་དུ་གཏོང་བ་དང། སྡེ་བ་རིམ་པའི་འོད་ཤུགས་ཡོང་འབབ་སོགས་ཀྱི་མ་དངུལ་སྤྱད་དེ་དུས་ཐོག་ཏུ་གླ་ཕོགས་དང་ཐོབ་ཆ་སྤྲོད་པ་དང། དབུལ་ཐར་མང་ཚོགས་དང་ཡོང་འབབ་དམའ་བའི་དུད་ཚང་ལས་ཀར་ཞུགས་རྒྱུ་སྔོན་ལ་བཀོད་སྒྲིག་བྱ་དགོས། སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་གནས་སྣ་ཚོགས་ཀྱིས་དབུལ་ཐར་ཁྱིམ་ཚང་གི་ངལ་རྩོལ་པ་སྔོན་ལ་བཀོད་སྒྲིག་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུས། ཞིང་ཆེན་ནགས་རྩྭ་ཅུས་བཅས་ཡིན)

བཅུ། ཞབས་ཕྱིའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏང་དགོས། ཞབས་ཕྱིའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར་བཟོས་ནས་རོང་འབྲོག་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་ཕྱོད་དང་ཆུ་ཚད་མཐོ་རུ་གཏང་དགོས། གླ་རྒྱག་ཞིང་བའི་ཆ་འཕྲིན་མ་ལག་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང། སྡེ་ཁག་གི་གཞི་གྲངས་ཞིབ་བསྡུར་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་ཞིང། ཕ་ཡུལ་དུ་ལོག་པའི་མི་གྲངས་དང་ལས་ཞུགས་འདོད་བློ། གསོ་སྦྱོང་དགོས་མཁོ་སོགས་གཞི་རྩའི་ཆ་འཕྲིན་ཁོང་དུ་ཆུད་པར་བྱས་ཏེ་གནད་འཁེལ་ལས་ཞུགས་ཀྱི་ཞབས་ཕྱི་དུས་ཐོག་ཏུ་འདོན་སྤྲོད་བྱ་དགོས། གླ་རྒྱག་ཞིང་བའི་གླ་ཕོགས་སྤྲོད་པར་འགན་སྲུང་བྱེད་པའི་སྲོལ་ཡིག་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ནན་མོ་བྱེད་པ་དང། ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་གླ་རྒྱག་ཞིང་བར་མིང་ངོ་མ་འགོད་པའི་ལམ་ལུགས་ལྟར་དོ་དམ་བྱེད་པ་དང་གླ་ཕོགས་ཆེད་སྤྱོད་རྩིས་ཁྲ། གླ་ཕོགས་འགན་ལེན་མ་དངུལ་སོགས་ཀྱི་ལམ་ལུགས་ལག་བསྟར་བྱས་ནས་ཨར་ལས་བྱེད་རིམ་བསྡོམས་རྩིས་རྒྱག་རྒྱུ་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ་དང། གླ་ཕོགས་ཆད་པའི་བྱ་སྤྱོད་སྣ་ཚོགས་ལ་ཉེས་ཆད་དྲག་པོ་གཅོད་ཅིང། དུས་ཐོག་ཏུ་གླ་ཕོགས་འདང་ངེས་སྤྲད་དགོས། ལས་རིགས་ཀྱི་ནུས་རྩལ་མཐོར་གཏོང་བྱ་སྤྱོད་རྒྱུན་མཐུད་ངང་ལག་བསྟར་བྱས་ཏེ་དམིགས་ས་ཡོད་པའི་སྒོ་ནས་མངགས་ཐོ་རྣམ་པའི་གསོ་སྦྱོང་སྤེལ་བ་དང། ཁ་གསབ་རང་བཞིན་གྱི་ལས་རིགས་ནུས་རྩལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རོང་འབྲོག་པའི་ཁ་གསབ་རང་བཞིན་གྱི་ལས་རིགས་གསོ་སྦྱོང་མི་ཐེངས་ཁྲི65ཡི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་དགོས། (འགན་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་གཉིས་ཡིན)

ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རོང་འབྲོག་པ་དང་དབུལ་ཐར་མང་ཚོགས་ལས་ཀར་ཞུགས་ཤིང་ཡོང་འབབ་འཕར་བར་ཚོད་འཛིན་བྱེད་པའི་འགག་གནད་དང་དཀའ་གནད་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། མཐུན་སྦྱོར་མཉམ་འགུལ་བྱེད་པ་དང་ཕྱོགས་མང་པོ་ནས་ཤུགས་རྒྱག་པ། དུས་ཐོག་ཏུ་ཞིབ་འཇུག་བརྡར་གཅོད་བྱེད་པ། གནད་ལ་འཁེལ་བའི་ངང་ནས་བསྡོམས་རྩིས་བྱེད་ཅིང། སྒྲུབ་ཚད་དང་མྱུར་ཚད་ཇེ་མགྱོགས་སུ་གཏོང་ལ། སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ནུས་ལྡན་ཡོང་བར་དམ་འཛིན་གྱིས་སྐུལ་འདེད་བཏང་ནས། ཞིང་སྡེའི་སྡོད་དམངས་ཀྱི་ལག་ཐོག་ཡོང་འབབ་འཕར་བ་དང། དབུལ་ཐར་ས་ཁུལ་དང་དབུལ་ཐར་མང་ཚོགས་ཀྱི“མཐོ་བ་གཉིས”ཀྱི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་ཡོང་བར་ཁག་ཐེག་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2022ལོའི་ཟླ7པའི་ཚེས28ཉིན།

◎མགོན་པོ་འཚོས་བསྒྱུར། ཝང་ཧེ་དབྱིན་གྱིས་ཞུས།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་རོང་འབྲོག་པའི་ཡོང་འབབ་བརྟན་བརླིང་ངང་འཕར་བར་བྱེད་པའི་བྱ་བ་སྔར་ལས་ཡག་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར།

ཡོང་ཁུངས། ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་།

རྩོམ་སྒྲིག་པ། སུང་ཆི།