ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།གཞུང་ཡིག
༄༅། །མཚོ་སྔོན་ཞིང་ཆེན་སྲིད་འཛིན་ལས་ཁུངས་ཀྱི་སྲིད་ཇུས་འགྲེལ་བརྗོད་བྱ་བའི་ལག་བསྟར་ཞིབ་སྲོལ།
ཡོང་ཁུངས། ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་།  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2022-11-20 16:26:00

༄༅། །མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་མཚོ་སྔོན་ཞིང་ཆེན་སྲིད་འཛིན་ལས་ཁུངས་ཀྱི་སྲིད་ཇུས་འགྲེལ་བརྗོད་བྱ་བའི་ལག་བསྟར་ཞིབ་སྲོལ་དཔར་འགྲེམ་བྱས་པའི་སྐོར་གྱི་བརྡ་སྦྱོར།

མཚོ་སྲིད་གཞུང་ལས་ཐིན〔2022〕ཨང64བ།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང། གཞུང་ལས་ཁང། ཐིན། ཅུས་སོ་སོ་བཅས་ལ།

《མཚོ་སྔོན་ཞིང་ཆེན་སྲིད་འཛིན་ལས་ཁུངས་ཀྱི་སྲིད་ཇུས་འགྲེལ་བརྗོད་བྱ་བའི་ལག་བསྟར་ཞིབ་སྲོལ》ལ་ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་སྟེ། ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་ཡིན་པས། དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ལེགས་པོ་བགྱི་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན།

2022ལོའི་ཟླ8པའི་ཚེས2ཉིན།

༄༅། །མཚོ་སྔོན་ཞིང་ཆེན་སྲིད་འཛིན་ལས་ཁུངས་ཀྱི་སྲིད་ཇུས་འགྲེལ་བརྗོད་བྱ་བའི་ལག་བསྟར་ཞིབ་སྲོལ།

ལེའུ་དང་པོ། སྤྱིའི་དོན་ཚན།

དོན་ཚན་དང་པོ། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་སྲིད་ཇུས་འགྲེལ་བརྗོད་བྱ་བར་ཤུགས་སྣོན་པ་དང་ཚད་ལྡན་དུ་བཏང་སྟེ། སྤྱི་ཚོགས་སྤྱི་བྱིངས་ཀྱིས་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་སྲིད་ཇུས་ཐབས་བཀོད་འགངས་ཆེན་ལ་སྔར་བས་གོ་བ་ལོན་ཞིང་མོས་པ་ཐོབ་པ་དང། སྲིད་གཞུང་གི་སྤྱི་པའི་ཡིད་རྟོན་ནུས་པ་དང་སྲིད་ཇུས་ལག་བསྟར་ནུས་པ་ཇེ་མཐོ་དང། ཁེ་ལས་དང་མང་ཚོགས་ཀྱི“ཐོབ་སྣང”ཇེ་ཆེར་གཏོང་བའི་ཆེད་དུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་སྲིད་དོན་ཡོངས་བསྒྲགས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གཞིར་བཟུང་ནས། ལག་བསྟར་ཞིབ་སྲོལ་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། སྲིད་འཛིན་ལས་ཁུངས་ཀྱིས་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་འགྲེལ་བརྗོད་བྱེད་སྐབས། དུས་ཐོག་ཏུ་སྤེལ་བ་དང་ཡང་དག་པ། དབང་གྲགས་ལྡན་པ། དམངས་ལ་སྟབས་བདེ་བ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྲིད་ཇུས་འགྲེལ་བརྗོད་ཀྱི་དམིགས་གཏད་རང་བཞིན་དང། དབང་གྲགས་རང་བཞིན། ཚན་རིག་རང་བཞིན། སྤྱོད་བདེའི་རང་བཞིན། ཕན་ནུས་རང་བཞིན་བཅས་ཟམ་མི་ཆད་པར་ཇེ་མཐོར་བཏང་ནས་མང་ཚོགས་ཀྱིས་གོ་བ་ལེན་པ་དང་ངེས་ཤེས་འདྲོངས་པར་སྟབས་བདེ་བཟོ་དགོས།

དོན་ཚན་གསུམ་པ། ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས་གཅིག་གྱུར་འཆར་འགོད་སྒོས་ཞིང་ཆེན་ཡོངས་ཀྱི་སྲིད་ཇུས་འགྲེལ་བརྗོད་བྱ་བར་མཛུབ་སྟོན་དང། སྐུལ་འདེད། མཐུན་སྦྱོར། ལྟ་སྐུལ་བཅས་བྱ་དགོས་ལ། ཞིང་ཆེན་སྲིད་གཞུང་གི་ཆ་འཕྲིན་དང་སྲིད་དོན་ཡོངས་བསྒྲགས་གཞུང་ལས་ཁང་གིས་འབྲེལ་ཡོད་ཀྱི་བྱེ་བྲག་གི་བྱ་བ་སྒྲུབ་འགན་འཁུར་དགོས།

ལེའུ་གཉིས་པ། བྱེད་པོ་དང་ཁྱབ་ཁོངས།

དོན་ཚན་བཞི་བ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གཞུང་ལས་ཁང་ནི་སྲིད་ཇུས་འགྲེལ་བརྗོད་བྱ་བ་གཙོ་སྐྱོང་སྡེ་ཁག་ཡིན་པས། རང་སྲིད་འཛིན་ས་ཁོངས་ཀྱི་སྲིད་ཇུས་འགྲེལ་བརྗོད་བྱ་བར་སྐུལ་འདེད་དང། མཛུབ་སྟོན། མཐུན་སྦྱོར། ལྟ་སྐུལ་བཅས་བྱེད་པའི་འགན་འཁུར་དགོས། རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་ནི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་འགྲེལ་བརྗོད་ཀྱི་འགན་འཁྲི་འཁུར་མཁན་ཡིན་ལ། སྡེ་ཚན་གྱི་འགན་འཁུར་བ་གཙོ་བོ་ནི“འགྲེལ་བརྗོད་པ་དང་པོ་དང་འགན་འཁུར་བ་དང་པོ”ཡིན།

དོན་ཚན་ལྔ་བ། རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་ནས“འཆར་ཟིན་སུས་བྲིས་ན་དེས་འགྲེལ་བརྗོད་བྱེད་པ”དང“འགྲེལ་བརྗོད་སུས་བྱས་ན་དེས་འགན་འཁྲི་འཁུར་བའི”རྩ་དོན་གཞིར་བཟུང་སྟེ། འཆར་ཟིན་འབྲི་མཁན་སྡེ་ཁག་གིས་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་འགྲེལ་བརྗོད་ལེགས་པོ་བྱ་དགོས།

དོན་ཚན་དྲུག་པ། རིམ་པ་སོ་སོའི་སྲིད་གཞུང་ངམ་སྲིད་གཞུང་གཞུང་ལས་ཁང་གི་མིང་ཐོག་ནས་དཔར་འགྲེམ་བྱས་པའི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་ཡིན་ན། འཆར་ཟིན་འབྲི་མཁན་སྡེ་ཁག་གིས་འགྲེལ་བརྗོད་བྱེད་འགན་འཁུར་དགོས། རིམ་པ་སོ་སོའི་སྲིད་གཞུང་སྡེ་ཁག་གི་མིང་ཐོག་ནས་དཔར་འགྲེམ་བྱས་པའི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་ཡིན་ན། ཡིག་ཆའི་འཆར་ཟིན་འབྲི་མཁན་ལས་ཁུངས(ཁྲུའུ་འམ་ཁའོ)ཀྱིས་འགྲེལ་བརྗོད་བྱེད་འགན་འཁུར་དགོས། སྡེ་ཁག་མང་པོས་མཉམ་འབྲེལ་གྱིས་དཔར་འགྲེམ་བྱས་པའི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་ཡིན་ན། སྣེ་ཁྲིད་སྡེ་ཁག་གིས་འགྲེལ་བརྗོད་བྱ་བ་ལེགས་པོར་བསྒྲུབ་དགོས་ལ། མཉམ་འབྲེལ་སྡེ་ཁག་གཞན་དག་གིས་གཞོགས་འདེགས་བྱ་དགོས།

དོན་ཚན་བདུན་པ། གཤམ་གསལ་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་དག་ལ་འགྲེལ་བརྗོད་བྱ་དགོས་ཏེ།

(གཅིག)སྲིད་གཞུང་གི་སྒྲིག་སྲོལ།

(གཉིས)རིམ་པ་སོ་སོའི་སྲིད་གཞུང་ངམ་སྲིད་གཞུང་གཞུང་ལས་ཁང་གི་མིང་ཐོག་ནས་དཔར་འགྲེམ་བྱས་པའི་སྲིད་འཛིན་ཚད་གཞིའི་ཡིག་ཆ།

(གསུམ)རིམ་པ་སོ་སོའི་སྲིད་གཞུང་སྡེ་ཁག་དང། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་དབང་བསྩལ་ཞིང་སྤྱི་པའི་ལས་དོན་ལ་དོ་དམ་བྱེད་པའི་འགན་ནུས་ལྡན་པའི་རྩ་འཛུགས་སམ་ཡང་ན་སྡེ་ཁག་མང་པོས་མཉམ་འབྲེལ་གྱིས་དཔར་འགྲེམ་བྱས་པའི་སྲིད་འཛིན་ཚད་གཞིའི་ཡིག་ཆ།

(བཞི)སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱི་རང་སྟེང་ཁེ་ཕན་དང། སྤྱི་པའི་ཁེ་ཕན་གལ་ཆེན། སྤྱི་བྱིངས་ཀྱི་ཁེ་དབང་བཅས་ལ་འབྲེལ་བ་ཡོད་པ་དང། དམངས་འཚོར་འབྲེལ་བ་ཟབ་ཅིང་ཁྱབ་རྒྱ་ཆེ་བ། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་ཚད་མཐོ་བའམ་ཆེད་ལས་རང་བཞིན་དྲག་པོ་ལྡན་པ། རྒྱ་ཁྱབ་ཏུ་ཤེས་དགོས་པ་བཅས་ཀྱི་ཡིག་ཆ།

(ལྔ)འགྲེལ་བརྗོད་བྱ་དགོས་པའི་ཡིག་ཆ་གཞན་དག

རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་ཀྱིས་རྨང་གཞི་འདིའི་ཐོག་ཏུ་བྱ་བའི་གནས་ཚུལ་དངོས་དང་ཟུང་དུ་སྦྲེལ་ནས། འགྲེལ་བརྗོད་ཁྱབ་ཁོངས་སྔར་བས་ཁ་གསལ་བཟོ་ཆོག

ལེའུ་གསུམ་པ། བྱ་རིམ་དང་ནང་དོན།

དོན་ཚན་བརྒྱད་པ། རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་ཀྱིས་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་གཏན་ལ་ཕབ་སྟེ་དཔར་འགྲེམ་བྱེད་སྐབས། སྲིད་ཇུས་རང་བཞིན་གྱི་ཡིག་ཆ་དེ་འགྲེལ་བརྗོད་ཇུས་གཞི་དང་འགྲེལ་བརྗོད་དཔྱད་ཡིག་དང་འགྲོས་མཉམ་དུ་འཆར་ཟིན་འབྲི་བ་དང་འགྲོས་མཉམ་དུ་ཞིབ་བཤེར་མིང་རྟགས་འགོད་པ། འགྲོས་མཉམ་དུ་སྒྲོག་སྤེལ་བྱ་དགོས་པའི་བླང་བྱ་ལྟར་རྩ་འཛུགས་དང་ལག་བསྟར་བྱ་དགོས།

དོན་ཚན་དགུ་བ། སྲིད་ཇུས་རང་བཞིན་གྱི་ཡིག་ཆར་ཆོག་མཆན་ཞུ་སྐབས། འཆར་ཟིན་འབྲི་མཁན་སྡེ་ཁག་གིས་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་ཚབ་བྲིས་མ་ཟིན་དང། འགྲེལ་བརྗོད་ཇུས་གཞི། འགྲེལ་བརྗོད་དཔྱད་ཡིག་བཅས་མཉམ་དུ་ཞུ་འབུལ་བྱས་ཏེ་ཞིབ་བཤེར་མཆན་འགོད་ཞུ་དགོས། འགྲེལ་བརྗོད་ཇུས་གཞི་དང་འགྲེལ་བརྗོད་དཔྱད་ཡིག་མེད་པའམ་ཡང་ན་ཞུ་འབུལ་རྒྱུ་ཆ་ཁ་མི་ཚང་བ་དང་སྲིད་ཇུས་འགྲེལ་བརྗོད་ཀྱི་བླང་བྱར་མི་མཐུན་པ་ཡིན་ན། རིམ་པ་སོ་སོའི་སྲིད་གཞུང་གཞུང་ལས་ཁང་གི་བཤེར་འབེབས་ལས་ཁུངས(ཁྲུའུ་འམ་ཁའོ)ཀྱིས་རྩ་དོན་ཐོག་ཡིག་ཆ་བསྡུ་མི་ཆོག གལ་ཏེ་འཆར་ཟིན་འབྲི་མཁན་སྡེ་ཁག་གིས་ཆོག་མཆན་ཞུ་རྒྱུའི་ཡིག་ཆར་འགྲེལ་བརྗོད་མི་དགོས་པར་འདོད་ན། ཡིག་ཐོག་ནས་གསལ་བཤད་བྱས་ཏེ། རིམ་པ་དེ་གའི་སྲིད་གཞུང་གཞུང་ལས་ཁང་གི་བཤེར་འབེབས་ལས་ཁུངས(ཁྲུའུ་འམ་ཁའོ)ཀྱིས་ཞིབ་འཇུག་བྱས་ནས་བརྡར་ཤ་གཅད་དགོས།

དོན་ཚན་བཅུ་བ། སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་དབུལ་དགོས་པའི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་ཡིན་ན། འགྲེལ་བརྗོད་ཇུས་གཞི་དང་འགྲེལ་བརྗོད་དཔྱད་ཡིག་ཀྱང་དེ་དང་ཆབས་ཅིག་ཏུ་གྲོས་ཞིབ་བྱེད་པར་དབུལ་དགོས།

དོན་ཚན་བཅུ་གཅིག་པ། སྲིད་གཞུང་གི་སྒྲིག་སྲོལ་གྱི་འཆར་ཟིན་དང་དེའི་འགྲེལ་བརྗོད་ཇུས་གཞི་དང་འགྲེལ་བརྗོད་དཔྱད་ཡིག་ལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་རྗེས། འཆར་ཟིན་འབྲི་མཁན་སྡེ་ཁག་གིས་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་དང་ལྷན་དུ་དུས་ཐོག་ཏུ་བཟོ་བཅོས་འཐུས་ཚང་བརྒྱབ་སྟེ། སྒྲིག་སྲོལ་གྱི་གཞུང་དངོས་དང་འགྲོས་མཉམ་དུ་ཆོག་མཆན་ཞུ་བ་དང་དེ་འབྲེལ་གྱིས་སྒྲོག་སྤེལ་བྱ་དགོས།

དོན་ཚན་བཅུ་གཉིས་པ། སྲིད་གཞུང་གི་སྒྲིག་སྲོལ་དང་སྲིད་འཛིན་ཚད་གཞིའི་ཡིག་ཆ་རྣམས་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་ལ་ཞིབ་བཤེར་དང་བཟོ་བཅོས་བྱེད་པར་འབུལ་བའམ་ཡང་ན་ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར་བྱེད་པར་འབུལ་སྐབས། འགྲེལ་བརྗོད་དཔྱད་ཡིག་ཀྱང་ཆབས་ཅིག་ཏུ་ཞུ་འབུལ་བྱ་དགོས།

དོན་ཚན་བཅུ་གསུམ་པ། འགྲེལ་བརྗོད་ཇུས་གཞི་ནི་འགྲེལ་བརྗོད་བྱ་བར་དུས་རིམ་དང་འཕེལ་རིམ་ལྟར་བཀོད་སྒྲིག་ཞིབ་ཕྲ་བྱེད་པ་ཞིག་ཡིན་པས། འགྲེལ་བརྗོད་བྱ་བའི་སྒྲུབ་ཡུན་དང། ཁྱབ་ཁོངས། བྱ་ཡུལ། ཐབས་ལམ། ནང་དོན། གཙོ་གནད་སོགས་ངེས་གསལ་བྱ་དགོས་ཏེ། དེར་འགྲེལ་བརྗོད་རྩ་གནད་དང། འགྲེལ་བརྗོད་བྱེད་སྟངས། སྒྲོག་སྤེལ་ཐབས་ལམ། སྒྲོག་སྤེལ་དུས་ཚོད་སོགས་ཀྱི་ནང་དོན་ཡང་འདུ་དགོས། འགྲེལ་བརྗོད་ཇུས་གཞི་ཅུང་སྟབས་བདེ་ཡིན་ན། འགྲེལ་བརྗོད་དཔྱད་ཡིག་གི་མཇུག་ཏུ་འགྲེལ་བརྗོད་ཀྱི་ནང་དོན་དང། ཐབས་ལམ། གཙོ་གནད། དུས་ཚོད་སོགས་གསལ་བཤད་བྱས་པས་ཆོག།

སྲིད་ཇུས་རང་བཞིན་གྱི་ཡིག་ཆ་གལ་ཆེན་དང་རྙོག་དྲ་ཅན་ལ་འགྲེལ་བརྗོད་རིང་པོ་དགོས་ན། འཆར་ཟིན་འབྲི་མཁན་སྡེ་ཁག་གིས་འགྲེལ་བརྗོད་ཇུས་གཞིའི་ནང་དུ་འགྲེལ་བརྗོད་དཔྱད་ཡིག་གི་རྩ་གནད་དགོད་དགོས་པ་དང། འགྲེལ་བརྗོད་དཔྱད་ཡིག་དུ་མ་དགོས་ན། འགྲེལ་བརྗོད་ཇུས་གཞིའི་ནང་དུ་འགྲེལ་བརྗོད་དཔྱད་ཡིག་གི་དཀར་ཆག་དགོད་དགོས།

དོན་ཚན་བཅུ་བཞི་བ། འགྲེལ་བརྗོད་དཔྱད་ཡིག་ཏུ་སྲིད་ཇུས་ཀྱི་རྒྱབ་ལྗོངས་དང། འདོན་སྤེལ་གྱི་དམིགས་ཡུལ། ཐབས་བཀོད་གལ་ཆེན་སོགས་ཐད་ནས་དོན་དམ་པས་འགྲེལ་བརྗོད་བྱ་རྒྱུ་གཙིགས་སུ་འཛིན་པ་དང། ཆ་ཚང་བ་དང་ཞིབ་ཚགས་པ་དང་ཡང་དག་པ་ཡོང་བར་བྱས་ཏེ། མང་ཚོགས་ཀྱིས་གོ་བ་ལེན་པ་དང་ངེས་ཤེས་འདྲོངས་པར་སྟབས་བདེ་བཟོ་དགོས། སྲིད་ཇུས་རང་བཞིན་གྱི་ཡིག་ཆའི་ནང་དོན་གཙོ་བོ་དང། ཚིགས་མཚམས་གཙོ་བོ། ཐབས་བཀོད་གཙོ་བོ། གོ་དཀའ་བའི་གནད། དོན་འཁྱོལ་གྱི་བླང་བྱ། དེ་མིན་སྲིད་ཇུས་དོན་འཁྱོལ་བྱེད་སྐབས་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ། མང་ཚོགས་ཀྱིས་དོ་སྣང་དང་དོ་ཁུར་བྱེད་པའི་ཚ་གནད་སོགས་ལ་དབྱེ་ཞིབ་དང་འགྲེལ་བརྗོད་ཞིབ་ཕྲ་བྱེད་ཆོག སྟབས་བདེའི་ངང་ཡིག་ཆའི་ནང་དོན་བདམས་བཤུས་དང་ཡང་ན་ཡིག་ཆ་བསྡུས་བཟོ་བྱེད་སྟངས་ལ་བརྟེན་ནས་འགྲེལ་བརྗོད་བྱེད་མི་ཆོག

འགྲེལ་བརྗོད་དཔྱད་ཡིག་གི་རྒྱུ་ཆ་གཙོ་བོ་གཤམ་གསལ་ལྟར་ཡིན་ཡང་དེ་ཙམ་གྱི་མ་ཟད་དེ།

(གཅིག)གཏན་འབེབས་ཀྱི་རྒྱབ་ལྗོངས་དང། ཇུས་ཆོད་ཀྱི་ཁུངས་ལུང། འདོན་སྤེལ་གྱི་དམིགས་ཡུལ། ཐབས་བཀོད་གལ་ཆེན།

(གཉིས)སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱི་ཁེ་དབང་འོས་འགན་དང་སྤྱི་པའི་ཁེ་ཕན་གལ་ཆེན་ལ་འབྲེལ་བ་ཡོད་པ་དང། སྤྱི་བྱིངས་ཀྱིས་ཤེས་གསལ་དང་གཞོགས་འདེགས་དང་ལག་བསྟར་བྱ་དགོས་པའི་ནང་དོན་ལ། གཏན་འབེབས་ཀྱི་ཁུངས་ལུང་དང། དེའི་ལུགས་མཐུན་རང་བཞིན་དང་ཁྲིམས་མཐུན་རང་བཞིན་བཅས་གསལ་བཤད་བྱ་དགོས།

(གསུམ)ལས་དོན་སྒྲུབ་པའི་ཞབས་ཕྱི་དོན་ཚན་དང་འབྲེལ་བ་ཡོད་ན། ལས་དོན་སྒྲུབ་གཉེར་བྱེད་མཁན་སྡེ་ཚན་དང་དེའི་སྡོད་གནས། འབྲེལ་གཏུག་བྱེད་སྟངས། ཆ་རྐྱེན། གང་མཁོ་རྒྱུ་ཆ། སྒྲུབ་གཉེར་བྱ་རིམ། དུས་ཡུན། དོ་སྣང་བྱ་དགོས་པའི་དོན་ཚན་གཞན་དག་བཅས་གསལ་བཤད་བྱ་དགོས།

(བཞི)ཁྲིམས་བསྟར་གྱི་དོན་ཚན་དང་འབྲེལ་བ་ཡོད་ན། ལག་བསྟར་ཁྱབ་ཁོངས་དང། ལག་བསྟར་བྱ་རིམ། ལག་བསྟར་ཚད་གཞི་སོགས་གསལ་བཤད་བྱ་དགོས།

(ལྔ)སྔར་ཡོད་སྲིད་ཇུས་ལ་བཟོ་བཅོས་དང་ལེགས་སྒྲིག་བྱེད་པར་འབྲེལ་བ་ཡོད་ན། བཟོ་བཅོས་དང་ལེགས་སྒྲིག་བྱེད་པའི་རྒྱུ་མཚན་དང་སྲིད་ཇུས་གསར་རྙིང་གཉིས་ཀྱི་འབྲེལ་མཐུད་དང་ཁྱད་པར་བཅས་གསལ་བཤད་བྱ་དགོས།

(དྲུག)གོང་རིམ་གྱི་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱེད་པར་གཏོགས་ན། སྲིད་ཇུས་ཐབས་བཀོད་དེ་གོང་རིམ་གྱི་སྲིད་ཇུས་དང་ཟུང་འབྲེལ་བྱས་ཡོད་ས་དང། གསར་གཏོད་བྱས་ཡོད་ས། ཁྱད་ཆོས་བཅས་གསལ་བཤད་བྱ་དགོས།

(བདུན)སྲིད་ཇུས་རང་བཞིན་གྱི་ཡིག་ཆའི་ནང་གི་གནད་ཚིག་དང། ཆེད་ལས་བརྡ་ཆད། དེ་འབྲེལ་ཁྱབ་ཁོངས། མཉམ་འཇོག་དགོས་པའི་དོན་ཚན་བཅས་དང། དེ་མིན་སྤྱི་བྱིངས་ཀྱིས་གོ་ནོར་དང་ཀློག་ནོར། ཐེ་ཚོམ། དོགས་འདྲི་བཅས་བྱེད་ཤས་ཡོད་པའི་ནང་དོན་ལ། ཕྱོགས་ཡོངས་ནས་ཁ་གསལ་ངེས་གསལ་གྱི་འགྲེལ་བཤད་བརྒྱག་དགོས།

དོན་ཚན་བཅོ་ལྔ་བ། རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་ཀྱིས་སྲིད་ཇུས་འགྲེལ་བརྗོད་ཀྱི་ཞིབ་དཔྱད་ལམ་ལུགས་འཐུས་ཚང་དུ་འཛུགས་པ་དང། འགྲེལ་བརྗོད་དཔྱད་ཡིག་གི་གསང་བ་སྲུང་བར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། འགྲེལ་བརྗོད་ཆ་འཕྲིན་དེ་རྒྱལ་ཁབ་ཀྱི་གསང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས། ཚོང་ལས་ཀྱི་གསང་བ། མི་སྒེར་གྱི་གསང་བ། སྤྱི་ཚོགས་བརྟན་རླིང་གི་གནོད་རྐྱེན་བཅས་ལ་འབྲེལ་བ་མེད་པར་ཁག་ཐེག་བྱ་དགོས།

དོན་ཚན་བཅུ་དྲུག་པ། སྲིད་གཞུང་གི་སྒྲིག་སྲོལ་ཕུད་པའི་ཞིབ་སྲོལ་འདིའི་དོན་ཚན་བདུན་པར་གཏན་ལ་ཕབ་པའི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་གཞན་དག་དངོས་སུ་དཔར་འགྲེམ་བྱས་རྗེས། འཆར་ཟིན་འབྲི་མཁན་སྡེ་ཁག་གིས་ཡིག་ཆའི་ཞུས་རྩོམ་གཞིར་བཟུང་ནས་འགྲེལ་བརྗོད་དཔྱད་ཡིག་བཟོ་བཅོས་འཐུས་ཚང་བྱ་དགོས་པ་དང། སྡེ་ཁག་དེ་གའི་འགན་འཁུར་བས་ཞིབ་བཤེར་གཏན་འབེབས་བྱས་རྗེས། ལས་ཀ་སྒྲུབ་ཉིན5ཡི་ནང་ཚུན་དུ་དངོས་སུ་འཕྲིན་(གློག་རྡུལ་ཡིག་ཚགས་འདུ)བཏང་ནས་རིམ་པ་དེ་གའམ་སྡེ་ཁག་དེ་གའི་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་བྱ་བའི་ལས་ཁུངས་ལ་བསྐྱལ་དགོས་པ་དང། “སྔོན་ལ་ཞིབ་བཤེར་དང་རྗེས་སུ་ཡོངས་བསྒྲགས”བྱེད་པའི་རྩ་དོན་ལྟར་སྲིད་གཞུང་དྲ་ཚིགས་ཀྱི་སྲིད་ཇུས་རང་བཞིན་གྱི་ཡིག་ཆའི་དྲ་ངོས་སུ་དེ་འབྲེལ་གྱིས་སྒྲོག་སྤེལ་བྱ་དགོས།

ལེའུ་བཞི་བ། འགྲེལ་བརྗོད་བྱེད་སྟངས་དང་ཐབས་ལམ།

དོན་ཚན་བཅུ་བདུན་པ། སྲིད་འཛིན་ལས་ཁུངས་ཀྱིས་ཆ་འཕྲིན་ཅན་གྱི་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ཏེ། གྲངས་འཛིན་ཅན་དང། རེའུ་མིག རིས་འགྲེལ། འགུལ་རིས། སྒྲ་བརྙན་སོགས་མཐོང་སྣང་ཅན་དང་རིག་ནུས་ཅན་གྱི་འགྲེལ་བརྗོད་བྱེད་སྟངས་སྤྱི་བྱིངས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བ་དང། གོ་བདེ་ཞིང་རྟོགས་སླ་བའི་རིགས་འཚོལ་ཞིབ་དང་བེད་སྤྱོད་བྱས་ཏེ། འཚོ་བ་དངོས་དང། དཔེ་མཚོན་གྱོད་དཔེ། གཞི་གྲངས་ངོ་མ་བཅས་དང་ཟུང་འབྲེལ་གང་ལེགས་བགྱིས་ནས་དོན་ཟབ་མོ་གོ་སླ་བར་འགྲེལ་བརྗོད་བྱེད་པ་དང། སྲིད་ཇུས་འགྲེལ་བརྗོད་བྱེད་སྟངས་ཟམ་མི་ཆད་པར་གསར་གཏོད་དང་རྒྱ་སྐྱེད་བཏང་སྟེ། སྲིད་ཇུས་རང་བཞིན་གྱི་ཡིག་ཆ་དག་གཞི་རིམ་ལས་ཡུལ་དང་པོ་རུ་དོན་འཁྱོལ་ནུས་ལྡན་དང་ལག་བསྟར་ཡང་དག་བྱེད་པར་སྐུལ་འདེད་གཏང་དགོས།

ཆ་རྐྱེན་འཛོམས་པའི་ས་གནས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་བརྡ་བཀོལ་ནས་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་འགྲེལ་བརྗོད་བྱེད་ཆོག་སྟེ། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་སྲིད་ཇུས་ཀྱི་བསྟན་དོན་ཡང་དག་པར་བརྒྱུད་སྒྲོག་བྱས་ནས་དུས་ཐོག་ཏུ་དོགས་གཞི་གསེད་འགྲོལ་བྱ་དགོས།

དོན་ཚན་བཅོ་བརྒྱད་པ། རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་ཀྱིས་སྡེ་ཁག་གི་འགན་འཁུར་པས་འགྲེལ་བརྗོད་རྩོམ་འབྲི་བྱེད་པ་དང། སྨྱན་བྱད་ཀྱིས་ཆེད་དོན་བཅར་འདྲི་བྱེད་པ། སྲིད་ཇུས་ཀྱི་དྲི་བར་དྲིས་ལན་འདེབས་པ། དྲ་ཐོག་ནས་བཅར་འདྲི་བྱེད་པ། ཆེད་མཁས་པས་འགྲེལ་བརྗོད་བྱེད་པ། གསར་འགོད་པའི་དྲི་བར་ལན་འདེབས་པ། གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སྤེལ་བ་སོགས་ཀྱི་བྱེད་སྟངས་ཕྱོགས་བསྡུས་སྒོས་སྤྱད་དེ། སྲིད་ཇུས་རང་བཞིན་གྱི་ཡིག་ཆར་དབང་གྲགས་ལྡན་པའི་འགྲེལ་བརྗོད་བྱེད་ཆོག་ལ། ཆེད་མཁས་པ་དང། ཡོན་ཏན་པ། ཆེད་ལས་ལས་ཁུངས་བཅས་འདེམས་བསྐོ་བྱེད་པའམ་ཡང་ན་གདན་འདྲེན་ཞུས་ནས་ཆེད་དོན་འགྲེལ་བརྗོད་དང་རྗེས་འདེད་འགྲེལ་བརྗོད་ཕྲེང་བསྟར་སོགས་ཀྱང་བྱེད་ཆོག་སྟེ། སྲིད་ཇུས་འགྲེལ་བརྗོད་ཆ་འཕྲིན་བརྒྱུད་སྒྲོག་བྱེད་པའི་ཁྱབ་ཁོངས་དང་ལྟ་མཁན་ཉན་མཁན་ཁྲོད་ཀྱི་ཁྱབ་རྒྱ་ཇེ་ཆེར་བཏང་ནས་འགྲེལ་བརྗོད་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏང་དགོས།

དོན་ཚན་བཅུ་དགུ་བ། རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་ཀྱིས་ཁྱབ་སྤེལ་གཞི་རྟེན་རིགས་མི་འདྲ་བ་དག་གི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རིམ་པ་སོ་སོའི་སྲིད་གཞུང་གི་དྲ་ཚིགས་དང། སྲིད་དོན་པོད་ཕྲན་དང་སྐད་འཕྲིན། ལག་ཐོགས་ཁ་པར་སྤྱོད་སྣེ། སྲིད་གཞུང་གི་སྲིད་དོན་སྤྱི་བསྒྲགས་བཅས་དང་དེ་མིན་ཚགས་པར་དང་དུས་དེབ། རྒྱང་སྒྲོག། བརྙན་འཕྲིན། གསར་འགྱུར་སྒྲོག་སྤེལ་ཚོགས་འདུ། སྲིད་དོན་ཡོངས་བསྒྲགས་ཆེད་སྒྲིག་ལེ་ཚན་སོགས་ཡོངས་བསྒྲགས་ལས་སྟེགས་སུ། དབང་གྲགས་ལྡན་པའི་སྒོ་ནས་སྲིད་ཇུས་འགྲེལ་བརྗོད་ཆ་འཕྲིན་སྒྲོག་སྤེལ་བྱེད་པ་དང། མང་ཚོགས་ཀྱི་ཆ་འཕྲིན་ཐོབ་ལམ་གེགས་མེད་དུ་བཟོ་དགོས་ལ། ཆ་འཕྲིན་འཚོལ་བཤེར་དང་ཕབ་ལེན། བརྒྱུད་སྤེལ། མཉམ་སྤྱོད་སོགས་ཀྱི་ནུས་པ་ཟམ་མི་ཆད་པར་ཇེ་ཆེར་བཏང་ནས། མང་ཚོགས་ཀྱིས་ཤེས་པ་དང་ལེན་པ་དང་སྤྱོད་པ་བཅས་ལ་སྟབས་བདེ་བཟོ་དགོས། རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་ཀྱིས་འབྲེལ་ཡོད་ཀྱི་ཁྱབ་སྤེལ་སྨན་བྱད་དང་ཡོངས་བསྒྲགས་ལས་སྟེགས་ལ་རང་འགུལ་གྱིས་འབྲེལ་བ་བཙུགས་ཏེ། དུས་ཐོག་ཏུ་སྲིད་ཇུས་འགྲེལ་བརྗོད་ཆ་འཕྲིན་སྒྲོག་སྤེལ་བྱས་ནས་སྲིད་ཇུས་ཀྱི་ཆ་འཕྲིན་འགྲེལ་བརྗོད་ཆ་འཕྲིན་ཁྱབ་ཚད་དང་ཤུགས་རྐྱེན་ཟམ་མི་ཆད་པར་ཇེ་ཆེར་གཏང་དགོས།

དོན་ཚན་ཉི་ཤུ་བ། རིམ་པ་སོ་སོའི་སྲིད་གཞུང་གི་དྲ་ཚིགས་ཀྱིས་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་ཡོངས་བསྒྲགས་དང་འགྲེལ་བརྗོད་བྱེད་པའི“ལས་སྟེགས་དང་པོའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དྲ་ཚིགས་ཀྱི་དྲ་ངོས་མགོ་མར་སྲིད་ཇུས་འགྲེལ་བརྗོད་ཀྱི་ཆེད་དོན་ལེ་ཚན་བཀོད་སྒྲིག་བྱས་ཏེ། རང་ས་ཁུལ་དང་རང་སྡེ་ཁག་གི་སྲིད་ཇུས་འགྲེལ་བརྗོད་ཆ་འཕྲིན་དུས་ཐོག་ཏུ་ཡོངས་བསྒྲགས་དང། གཅིག་བསྡུས་སྒོས་མངོན་སྟོན། དྲ་ངོས་གཅིག་པར་དེ་འབྲེལ་གྱིས་སྒྲོག་སྤེལ་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས་པར་མ་ཟད། བྱ་བར་སྐུལ་སྤེལ་བྱས་པའི་གནས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་འགུལ་རྣམ་ལྟར་གསར་སྒྱུར་བྱ་དགོས།

དོན་ཚན་ཉེར་གཅིག་པ། སྲིད་འཛིན་ལས་ཁུངས་ཀྱི་སྲིད་ཇུས་ཆ་འཕྲིན་གལ་ཆེན་གང་ཞིག་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་དང། བརྡ་འབྲེལ་ཚོགས་འདུ། བརྡ་གཏོང་ཚོགས་འདུ་སོགས་སྤེལ་ནས་བསྒྲག་དགོས་ན། ཏང་ཨུའི་དྲིལ་བསྒྲགས་སྡེ་ཁག(སྲིད་གཞུང་གསར་འགྱུར་གཞུང་ལས་ཁང)གི་འབྲེལ་ཡོད་བླང་བྱ་ལྟར། རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ལམ་ལུགས་འཛུགས་པ་དང། གསར་འགྱུར་སྒྲོག་སྤེལ་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས། སྲིད་ཇུས་ཆ་འཕྲིན་སྒྲོག་སྤེལ་དང་སྲིད་ཇུས་འགྲེལ་བརྗོད་བྱ་བའི་ཁྲོད་གསར་འགྱུར་སྒྲོག་སྤེལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱ་དགོས།

དོན་ཚན་ཉེར་གཉིས་པ། ཐོལ་བྱུང་དོན་རྐྱེན་གྱི་ཆ་འཕྲིན་སྒྲོག་སྤེལ་དང་སྲིད་ཇུས་འགྲེལ་བརྗོད་བྱ་བ་བསྒྲུབ་ན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་ཟློག་ཐབས་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་གཏན་འབེབས་དང། རིམ་པ་མི་འདྲ་བ་དང་རིགས་སྣ་མི་འདྲ་བའི་འཚུབ་ཟློག་སྔོན་ཇུས་དང་འཚུབ་ཟློག་དང་ལེན་རྐྱེན་སྲོལ་གཞིར་བཟུང་ཞིང། ཏང་ཨུའི་དྲིལ་བསྒྲགས་སྡེ་ཁག(སྲིད་གཞུང་གསར་འགྱུར་གཞུང་ལས་ཁང)གི་འབྲེལ་ཡོད་བླང་བྱ་ལྟར། འཚུབ་ཟློག་བཀོད་འདོམས་ལས་ཁུངས་ཀྱིས་གཅིག་གྱུར་དུ་མཐུན་སྦྱོར་དང་བཀོད་འདོམས་བྱས་པའི་འོག་ཏུ། རང་སོ་སོའི་ལས་འཁྲིའི་ཁྱབ་ཁོངས་ནང་གི་སྲིད་གཞུང་ཆ་འཕྲིན་སྒྲོག་སྤེལ་བྱེད་པ་དང། བབ་མཚུངས་ཀྱི་འགྲེལ་བརྗོད་དང་ལན་ལྡོན་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས།

ལེའུ་ལྔ་བ། ལྟ་སྐུལ་དང་འགན་སྲུང།

དོན་ཚན་ཉེར་གསུམ་པ། རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་ཀྱིས་སྲིད་ཇུས་འགྲེལ་བརྗོད་བྱ་བའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་བཙུགས་ཏེ། བྱེད་པོའི་འགན་འཁྲི་དང། བྱ་བའི་ཚད་གཞི། དུས་ཡུན་སོགས་ངེས་གསལ་བཟོས་ནས། སྲིད་ཇུས་འགྲེལ་བརྗོད་བྱ་བ་ཕན་ནུས་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏང་དགོས།

དོན་ཚན་ཉེར་བཞི་བ། རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་ཀྱིས་སྲིད་ཇུས་འགྲེལ་བརྗོད་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང། ཆེད་ལས་ནུས་པ་གསོ་སྦྱོང་ལ་ཤུགས་བསྣན་ནས། ལས་བྱེད་མི་སྣས་སྲིད་ཇུས་ལ་གོ་བ་ལེན་པ་དང། གཙོ་གནད་ཁོང་དུ་ཆུད་པ། ཚ་གནད་འཚོལ་བསྡུ་བྱེད་པ། གླེང་ཕྱོགས་ལ་ཞིབ་འཇུག་བརྡར་གཅོད་བྱེད་པ། དོགས་གཞི་གསེད་འགྲོལ་བྱེད་པ། ལན་འདེབས་དང་ཁྲིད་སྟོན་བྱེད་པ། མོས་མཐུན་གཅིག་ཏུ་སྡུད་པ་བཅས་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་ནས། སྲིད་ཇུས་འགྲེལ་བརྗོད་བྱེད་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་ཇེ་མཐོར་གཏང་དགོས།

ཆ་རྐྱེན་འཛོམས་པའི་སྡེ་ཚན་གྱིས་རང་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང། ཆེད་ལས་མི་སྣ། ཆེད་མཁས་པ། གསར་འགོད་པ། བཅའ་ཁྲིམས་ཀྱི་བློ་འདྲི་ས་སོགས་ཁོངས་མི་བྱས་པའི་སྲིད་ཇུས་འགྲེལ་བརྗོད་ཆེད་མཁས་ཚོགས་པ་བཙུགས་ནས། སྲིད་ཇུས་རང་བཞིན་གྱི་ཡིག་ཆ་འགྲེལ་བརྗོད་བྱེེད་པར་ཆེད་ལས་ཅན་དང་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་ཆུ་ཚད་ཇེ་མཐོར་གཏང་དགོས།

དོན་ཚན་ཉེར་ལྔ་བ། རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་ཀྱིས་སྲིད་ཇུས་འགྲེལ་བརྗོད་ཀྱི་ལས་བྱེད་མི་སྣ་དང་འགྲོ་གྲོན་འགན་སྲུང་བྱེད་ཤུགས་ཇེ་ཆེར་བཏང་སྟེ། སྲིད་ཇུས་འགྲེལ་བརྗོད་བྱ་བ་དེ་རང་ས་ཁུལ་དང་རང་སྡེ་ཁག་གི་ལོ་འཁོར་གྱི་སྲིད་དོན་ཡོངས་བསྒྲགས་དམིགས་འབེན་གྲུབ་འབྲས་དཔྱད་ཞིབ་ཀྱི་ཁྱབ་ཁོངས་ནང་བཞག་སྟེ། དཔྱད་འཇོག་དམིགས་ཚད་གྲངས་ཚད་ཅན་དུ་བཟོ་བ་དང། དཔྱད་ཞིབ་ལྟ་སྐུལ་བྱེད་པར་ཤུགས་བསྣན་ཏེ། སྲིད་ཇུས་འགྲེལ་བརྗོད་བྱ་བར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏང་དགོས།

ཞིབ་སྲོལ་འདི་དཔར་འགྲེམ་བྱས་ཉིན་ནས་ལག་ལེན་དུ་བསྟར་དགོས།

◎འབྲུག་བྱམས་ཚེ་རིང་གིས་བསྒྱུར། ཚེ་རིང་འཚོས་ཞུས།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
༄༅། །མཚོ་སྔོན་ཞིང་ཆེན་སྲིད་འཛིན་ལས་ཁུངས་ཀྱི་སྲིད་ཇུས་འགྲེལ་བརྗོད་བྱ་བའི་ལག་བསྟར་ཞིབ་སྲོལ།

ཡོང་ཁུངས། ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་།

རྩོམ་སྒྲིག་པ། སུང་ཆི།