ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།གྲོས་ཆོགས།
ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
ཡོང་ཁུངས། ཉིན་རེའི་གངས་ལྗོངས།  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2022-04-08 08:45:00

ཟླ་བཞི་པའི་ཚེས་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། དཀའ་ཁག་ཆེ་བའི་ལས་རིགས་ཀྱིས་དུས་སྐབས་རང་བཞིན་གྱི་རྒན་གསོ་ཉེན་སེལ་གྲོན་དངུལ་དལ་སྤྲོད་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ནས། ལས་ཤོར་ཉེན་སེལ་གྱིས་ལས་གནས་བརྟན་འཇགས་དང་གསོ་སྦྱོང་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་ཐག་བཅད་པ་དང་། འོས་འཚམ་སྒོས་དངུལ་ལོར་སྲིད་ཇུས་བྱེད་ཐབས་བཀོལ་སྤྱོད་བྱས་ཏེ། ནུས་ལྡན་སྒོས་དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་བཀོད་སྒྲིག་བྱས།

གྲོས་ཚོགས་ནས་བསྟན་དོན། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་མཚམས་སུ་སྲུང་འཛིན་བྱས་ཡོད་ནའང་། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་རྙོག་འཛིང་རང་བཞིན་དང་ངེས་གཏན་མེད་པའི་རང་བཞིན་ལས་ཁ་ཤས་སྔོན་དཔག་དུས་སྐབས་ལས་བརྒལ་ཡོད། འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་བྱུང་བ་དལ་ཞིང་འབྲུ་རིགས་ནུས་ཁུངས་སོགས་ཚོང་རྫས་ཚོང་རར་འཕེལ་འགྲིབ་ཆེ་བ་དང་། རྒྱལ་ནང་དུ་རིམས་ནད་བྱུང་ཚད་ཚབས་ཇེ་ཆེར་འགྲོ་བཞིན་ཡོད་ལ། ཚོང་རའི་གཙོ་གཞིའི་དཀའ་ཁག་ཇེ་ཆེར་འགྲོ་བ་དང་དཔལ་འབྱོར་ཐད་ནས་གནོན་ཤུགས་གསར་བ་ཇེ་ཆེར་འགྲོ་བཞིན་ཡོད་པས། ཡིད་ཆེས་ཇེ་བརྟན་དུ་གཏོང་བར་མ་ཟད་འགན་རྩོད་གསར་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་དོགས་ཟོན་ནན་མོ་བྱེད་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་གྱིས་འཆར་འགོད་བྱེད་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བྱེད་ཐབས་དངོས་འབེབས་གང་ལེགས་བྱེད་པར་མ་ཟད་ཁ་ཤས་སྔ་སྣུར་སྒོས་ལག་བསྟར་བྱེད་དགོས། ལས་ཁུངས་སོ་སོས་གནས་བབ་ཀྱི་འགྱུར་ལྡོག་ལ་དམིགས་ཏེ་སྲིད་ཇུས་དང་ཇུས་གཞི་ཞིབ་འཇུག་བྱེད་རྒྱུ་དམ་འཛིན་བྱས་ནས། དུས་ཐོག་ཏུ་ཚོང་རའི་སྔོན་དཔག་དུས་སྐབས་ཀྱི་བརྟན་འཇགས་ལ་ཕན་པའི་བྱེད་ཐབས་གཏན་འཁེལ་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། དེང་སྐབས་ཚོང་རའི་གཙོ་གཞི་ཁ་ཤས་ལ་བརྡབ་གསིག་ཚབས་ཆེན་ཐེབས་པས། ངེས་པར་དུ་དཀའ་ཁག་སེལ་བ་དང་ལས་ཞུགས་མས་སྐྱོར་སོགས་འགན་སྲུང་ཤུགས་ཚད་ཇེ་ཆེར་གཏོང་དགོས། གཅིག་ནས་བཟའ་བཏུང་དང་སིལ་འཚོང་། གནས་སྐོར། དམངས་སྤྱོད་མཁའ་འགྲུལ། གཞུང་ལམ། ཆུ་ལམ། ལྕགས་ལམ་སྐྱེལ་འདྲེན་སོགས་དཀའ་ཁག་ཆེ་བའི་ལས་རིགས་ཀྱིས་དུས་ཚིགས་གཉིས་པར་རྒན་གསོ་ཉེན་སེལ་གྲོན་དངུལ་དལ་སྤྲོད་བྱེད་རྒྱུ་ལག་བསྟར་བྱས་ནས། ལས་རིགས་དེ་དག་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་མ་དངུལ་གནོན་ཤུགས་ཇེ་ཆུང་དུ་གཏོང་དགོས། གཉིས་ནས་ལས་ཤོར་ཉེན་སེལ་འགན་སྲུང་ཁྱབ་རྒྱའི་སྲིད་ཇུས་ལག་བསྟར་བྱེད་ཡུན་ཇེ་རིང་དུ་བཏང་ནས་མུ་མཐུད་དུ་ཉེན་ཚབ་ཁྲོད་ཞུགས་པའི་ལས་ཤོར་མི་སྣ་དང་ལས་ཤོར་ཞིང་བ་ལས་བཟོ་བར་ཁ་གསབ་རོགས་དངུལ་སྟེར་དགོས། གསུམ་ནས་ཁེ་ལས་འབྲིང་ཆུང་གི་ལས་ཤོར་ཉེན་སེལ་གྱི་ལས་གནས་བརྟན་འཇགས་དང་ལས་གནས་སུ་ཡང་བསྐྱར་ཞུགས་པའི་བསྡུར་ཚད་མཐོར་འདེགས་སུ་བཏང་ནས། ལས་ཤོར་ཉེན་སེལ་མ་དངུལ་གྱིས་ལས་རིགས་རྩལ་ནུས་གསོ་སྦྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས།

གྲོས་ཚོགས་ནས་བསྟན་དོན། འོས་འཚམ་དང་སྟབས་བསྟུན་སྒོས་དངུལ་ལོར་སྲིད་ཇུས་བྱེད་ཐབས་སྣ་ཚོགས་བཀོལ་སྤྱོད་བྱེད་པ་དང་། སྤྱི་གྲངས་དང་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། ཉིན་རེའི་གངས་ལྗོངས།

རྩོམ་སྒྲིག་པ། སུང་ཆི།