ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱི་ཏང་ཡོན་ལས་བྱེད་པའི་ཚོགས་ཆེན་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བཞི་པའི་སྐོར་ཞིབ་ཕྱིར་ཟློག་བསམ་འཆར་བཅོས་སྒྱུར་སྐུལ་སློང་གྲོས་ཚོགས་བསྡུས།
ཡོང་ཁུངས། ཉིན་རེའི་གངས་ལྗོངས།
རྩོམ་སྒྲིག་པ། སུང་ཆི།
སྤེལ་དུས། 2022-04-08 08:46:00
ཟླ་བཞི་པའི་ཚེས་དྲུག་ཉིན།ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱི་ཏང་ཡོན་ལས་བྱེད་པའི་ཚོགས་ཆེན་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བཞི་པའི་སྐོར་ཞིབ་ཕྱིར་ཟློག་བསམ་འཆར་བཅོས་སྒྱུར་སྐུལ་སློང་གྲོས་ཚོགས་བསྡུས་ནས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱི་ལས་བྱེད་པ་དང་ལས་བཟོ་བར་སྐོར་རྒྱག་སྐབས་བཏོན་པའི་བྱ་བའི་བླང་བྱར་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་།ན་ནིང་གི་བྱ་བར་སྤྱི་སྡོམ་བྱས་ལ།ད་ལོའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།སྐོར་ཞིབ་ཕྱིར་ཟློག་བསམ་འཆར་བཅོས་སྒྱུར་བྱ་བར་བཀོད་སྒྲིག་བྱས་པ་དང་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱས།ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚོང་ལི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཡུས་ཚོང་ལི་ཡིས་བསྟན་དོན།ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཚུན་ལ།ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་སྣེ་ཁྲིད་དུ་བྱེད་པ་འབུར་དུ་ཐོན་པར་བྱས་པ་དང་།ཏང་གི་གཞུང་སྒྲུབ་ཁང་གི་བྱ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས་དུས་བསྟུན་མདུན་བསྐྱོད་ཀྱིས་ཏང་གི་གཞུང་སྒྲུབ་ཁང་དུ་ལས་འགན་སྒྲུབ་པའི་དངོས་ཡོད་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱས།ཞིང་ཆེན་ཏང་ཨུས་ཆབ་སྲིད་ཀྱི་དོན་དག་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་ཞབས་ཞུ་སྒྲུབ་པ་དང་།ལས་ཁུངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཞབས་ཞུའི་འགན་སྲུང་སྤུས་ཚད་མངོན་གསལ་སྒོས་མཐོར་འདེགས་བཏང་།
ཡུས་ཚོང་ལི་ཡིས་ནན་གྱིས་བསྟན་དོན།སྐོར་ཞིབ་ཕྱིར་ཟློག་བསམ་འཆར་བཅོས་སྒྱུར་བྱེད་པ་ནི་གཟབ་ནན་གྱི་ཆབ་སྲིད་བྱ་བ་ཡིན་ལ།ཐིན་ཡོངས་ཀྱིས་བསམ་བློའི་རང་རྟོགས་ཇེ་དྲག་དང་ཆབ་སྲིད་ལས་འགན་ཁག་ཁུར་བྱེད་པ།ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་སྐོར་ཞིབ་བྱ་བའི་རྗེས་མཐུད་བྱ་བ་ལེགས་པོར་སྒྲུབ་དགོས།སྔར་ལས་བློ་བརྟན་འགྱུར་མེད་དང་སྤུས་ཚད་མཐོ་བའི་སྒོ་ནས་སྲུང་སྐྱོབ་གཉིས་ལེགས་པར་སྒྲུབ་པ་དང་།ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དངོས་འབེབས་བྱེད་པ།རིམ་པ་སྔར་ལས་གཏིང་ཟབ་པའི་ལས་ཁུངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེབས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།