པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་ཚེས8ཉིན་གྱི་སྔ་དྲོར་གཟབ་རྒྱས་ངང་བསྡུ་རྒྱུ།
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
རྩོམ་སྒྲིག་པ། སུང་ཆི།
སྤེལ་དུས། 2022-04-08 08:51:00
པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་དེ་ཟླ4པའི་ཚེས8ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་བསྡུ་རྒྱུ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་དུ་ཞུགས་རྒྱུ་ཡིན་པར་མ་ཟད་གསུང་བཤད་གལ་ཆེན་གནང་རྒྱུ་རེད།
དེའི་སྐབས་སུ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་དང་ཞིན་ཧྭ་དྲ་བས་ཚོགས་ཆེན་ལ་ཡུལ་དངོས་ཐད་གཏོང་བྱ་རྒྱུ་ཡིན་པ་དང་། མི་དམངས་དྲ་བ་དང་ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀྲུང་གོ་དྲ་བ་སོགས་ཀྲུང་དབྱང་གཙོ་གནད་གསར་འགྱུར་དྲ་ཚིགས་དང་། མི་དམངས་ཉིན་རེའི་ཚགས་པར་མགྲོན་སྣེ་དང་ཞིན་ཧྭ་གསར་འགྱུར་ཁང་མགྲོན་སྣེ། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་མགྲོན་སྣེ་སོགས་སྨྱན་བྱད་གསར་པའི་སྟེགས་བུ་བཅས་ཀྱིས་དུས་མཉམ་དུ་བརྒྱུད་གཏོང་བྱེད་རྒྱུ་རེད།