ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།སྙན་ཞུ།
མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ།
ཡོང་ཁུངས། ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་།  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2022-02-11 16:26:00

--2022ལོའི་ཟླ1པོའི་ཚེས23ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་སྟེང་།

ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གཞོན་པ། ཀྲང་ཀོང་རུང་།

འཐུས་མི་རྣམ་པ།

ངས་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་མངག་བཅོལ་ལྟར། ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་ཚོགས་འདུར་ཟུར་ཞུགས་གནང་བའི་བློ་མཐུན་རྣམ་པས་དགོངས་འཆར་འདོན་རོགས་ཞུ།

2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ་དང་། “ལོ་ལྔ་ཚན་བཅུ་བཞི་བའི”མགོ་བརྩམས་པའི་ལོ་ཡིན། ཞིང་ཆེན་ཏང་ཨུའི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ཁང་གི་བློ་སེམས་ཞིབ་མོའི་མཛུབ་སྟོན་འོག ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་ནན་ཏན་གྱིས་ལག་ལེན་དུ་བསྟར་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་། སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་། ཀྲུང་དབྱང་གི་དམངས་ཆེན་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་། ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་དང་དེ་དག་ལག་ལེན་གཏིང་ཟབ་བྱས་ལ། གོང་སྤེལ་གྱི་དུས་རིམ་གསར་པར་འཇུག་པ་དང་། གོང་སྤེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། གོང་སྤེལ་གྱི་རྣམ་པ་གསར་པར་མཉམ་བསྲེ་བྱེད་པ། སྤུས་ཚད་མཐོ་བའི་གོང་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ནས། ཏང་གི་མགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཀྱི་གཅིག་གྱུར་འོས་མཐུན་རྒྱུན་འཁྱོངས་བྱས་པ་དང་། ཁྲིམས་ལྟར་འགན་འཁྲི་ལག་བསྟར་དང་། དངོས་གཉེར་འགན་ལེན་བཅས་ཀྱིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པས་ཐག་བཅད་པའི་དམིགས་འབེན་འགན་འཁྲི་ཡོངས་འགྲུབ་བྱས་པ་དང་། བྱ་བ་སྣ་ཚོགས་ཐད་འཕེལ་རིམ་གསར་པ་ལྡན་པ་དང་གྲུབ་འབྲས་གསར་པ་བླངས།

གཅིག ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། དམངས་འཐུས་ཚོགས་ཆེན་བྱ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་སྲ་བརྟན་དུ་བཏང་།

རྒྱུན་ཨུ་ཁང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་དེ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་སུ་བརྩིས་ཏེ་རྒྱུན་འཁྱོངས་བྱས་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངེས་ཤེས་ཟབ་མོ་བླངས་ཏེ། “འདུ་ཤེས་བཞི”ཇེ་དྲག་དང་། “རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པར་བྱས་ལ། མུ་མཐུད་དུ་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མཐོར་འདེགས་བཏང་། ཆབ་སྲིད་ཀྱི་གཅིག་འདོམས་ཇེ་དྲག་ཏུ་བཏང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱེད་པ་ཆབ་སྲིད་ཀྱི་ལས་འགན་ཐོག་མར་བརྩིས་ནས་རྒྱུན་འཁྱོངས་བྱས་པ་དང་། “གྲོས་དོན་དང་པོའི”ལམ་ལུགས་ནན་ཏན་གྱིས་དོན་འཁྱོལ་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་འགོད་གལ་ཆེན་གྱི་དགོངས་པ་དུས་ཐོག་རྗེས་སྙེག་གིས་སྦྱངས་ཤིང་། ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་ཕྲེང་བསྟར་བྱ་འགུལ་སྤེལ་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་གསོར་ཏན་ཏིག་གིས་སྐུལ་འདེད་བཏང་ནས། ཏང་ཙུའུ་ཁོངས་མིས་སྣེ་ཁྲིད་ནས་སློབ་པ་དང་། རིམ་པ་སོ་སོའི་དམངས་ཆེན་གྱིས་ནན་ཏན་གྱིས་སློབ་པ། འཐུས་མི་དང་ཨུ་ཡོན་གྱིས་འགན་སྒྲུབ་སློབ་སྦྱོང་། དམངས་ཆེན་གྱི་ལས་བྱེད་པས་རྗེས་སྙེག་སློབ་སྦྱོང་བཅས་བྱས་ཤིང་། དངོས་ནས་སློབ་སྦྱོང་དེ་མི་སེམས་སུ་འཇགས་པ་དང་། གཏིང་ཟབ་ཏུ་འགྲོ་ཞིང་གནད་དུ་ཁེལ་བར་སྐུལ་འདེད་བཏང་། ལོ་ཧྲིལ་བོའི་ནང་དུ་ཏང་ཙུའུ་ཚོགས་འདུ་ཐེངས20འཚོགས་པ་དང་། གཞུང་ལུགས་སློབ་སྦྱོང་གི་དཔྱད་མོལ་ཐེངས9ལ་བསྡུས། ཏང་གི་ཇུས་གཅོད་བཀོད་སྒྲིག་དོན་ཐོག་ཏུ་བསྟར། ཀྲུང་དབྱང་གི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དེ་དུས་རབས་གསར་པའི་དམངས་ཆེན་གྱི་བྱ་བ་དང་འཛུགས་སྐྲུན་ལ་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་དུ་བརྩིས་ནས། དུས་ཐོག་ཏུ་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་སྦྱོང་བྱས་ཤིང་། བརྟག་ཞིབ་གཏིང་ཟབ་ཏུ་སྤེལ་བ་དང་། ཚད་གཞིར་དཔེ་ལྟོས་ཀྱིས་བྱ་བ་སྣ་ཚོགས་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ལ། སློབ་སྦྱོང་དོན་འཁྱོལ་ལ་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་དུས་རབས་གསར་པའི་དམངས་ཆེན་བྱ་བར་སྔར་ལས་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་འཆར་དོན་འཁྱོལ་ཟབ་མོ་བྱས་ལ། “བློ་བརྟན་འགྱུར་མེད་ལྔ”ཡི་དམིགས་འབེན་བླང་བྱ་ལྟར། དམངས་ཆེན་གྱི་ཏང་འཛུགས་སྐྲུན་དང་། ལས་བྱེད་པའི་དཔུང་སྡེ་དང་། ལས་སྒོའི་ནུས་པ་འཛུགས་སྐྲུན་བཅས་ལ་ཁྱོན་ཡོངས་ནས་ཤུགས་བསྣན་པ་དང་། རྐྱེན་སྲོལ་འཛུགས་པ་དང་། ཆད་པ་ཁ་གསབ། མཐུན་རྐྱེན་དར་སྤེལ། ཁྱད་ཆོས་ཁ་སྣོན། སྤུས་འབྲས་མཐོར་འདེགས་བཅས་བྱས་པས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དེ་དམངས་ཆེན་བྱ་བའི་ཁྲོད་ཇི་བཞིན་དུ་ཡོངས་སུ་དོན་འཁྱོལ་ཡོང་བར་འགན་ལེན་བྱས། དོན་དག་གལ་ཆེན་གྱི་དགོངས་སྐོར་སྙན་ཞུའི་ལམ་ལུགས་ནན་ཏན་གྱིས་ལག་བསྟར་བྱས་པ་དང་། ཞིང་ཆེན་ཏང་ཨུ་ལ་དགོངས་སྐོར་སྙན་ཞུ་ཐེངས68ལ་ཞུས་ཤིང་། ཏང་གི་མགོ་ཁྲིད་དེ་དམངས་ཆེན་བྱ་བའི་གོ་རིམ་ཡོངས་ཀྱི་ཕྱོགས་སོ་སོར་ཁྱབ་པར་བྱས། དཀྱིལ་སྙིང་དང་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབས། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལག་བསྟར་ལ་དམ་པོར་དམིགས་ནས། “གནས་བཞིའི”འཛུགས་སྐྲུན། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་འཛུགས། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་བྱ་བར་གནས་ངེས་ཡང་དག་གིས་བཙལ་ཞིང་། ཁག་འགན་ཁུར་ཞིང་འགན་ལེན་གྱིས་ཞིང་ཆེན་ཡོངས་ཀྱི་བྱ་བའི་གཙོ་གནད་དེ་གང་དུ་གནས་ཡོད་ཚེ། དམངས་ཆེན་གྱི་བྱ་བ་དེ་གར་བཞག་ལ། སྟོབས་ཤུགས་དེ་གར་བསྡུས་ཤིང་ནུས་པ་དེ་གར་ཏན་ཏིག་གིས་འདོན་སྤེལ་བྱས། ཀྲུའུ་རིན་གྲོས་ཚོགས་ཀྱི་ཁོངས་མི་དག་སྤུས་ཚད་མཐོ་བའི་གོང་སྤེལ་དང་། སྐྱེ་ཁམས་སྲུང་སྐྱོབ། དམངས་འཚོ་ལེགས་བཅོས། སྤྱི་ཚོགས་བཅོས་སྐྱོང་། རྫོང་དང་ཤང་གི་དམངས་འཐུས་ཚོགས་ཆེན་གྱི་སྐབས་བརྗེའི་འདེམས་བསྐོ། དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་གཉིས་ཀྱི་ནུས་ལྡན་མཐུད་སྦྲེལ། ལས་གཞི་གལ་ཆེན་འཛུགས་སྐྲུན་སོགས་ཀྱི་སྟེང་དུ་བསྡུ་རུབ་བྱས་ནས་ཐེངས་མང་པོར་གཞི་རིམ་དུ་བརྟག་ཞིབ་ལྟ་སྐུལ་ལ་ཕྱིན་ཏེ། བརྟག་ཞིབ་ཀྱི་གྲུབ་འབྲས་སྐོར་ཞིག་འགྲུབ་པར་བྱས། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱས་པའི་གནས་ཚུལ་གྱི་སྙན་ཞུར་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཁས་ལེན་རང་བཞིན་གྱི་མཆན་འགོད་གནང་། ཞིང་ཆེན་དམངས་ཆེན་གྱི་བཅོས་སྒྱུར་དང་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བའི་ལས་འགན་ཚད་གཞི་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱས་པས་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་གསར་གཏོད་ཀྱི་བྱ་དགའ་དང“བདུན་ལྔའི”ཁྲིམས་ཁྱབ་ཀྱི་རྒྱལ་ཡོངས་སྔོན་ཐོན་ལས་ཁུངས་ཀྱི་གཟེངས་རྟགས་ཐོབ།

གཉིས། ཁྱད་ལྡན་དང་ཞིབ་ཚགས་དངོས་གཉེར་གོ་ཆོད་བཅས་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་བཟང་གིས་གོང་སྤེལ་དང་འགན་སྲུང་དང་སྐྱོང་མཁས་ལ་སྐུལ་འདེད་བཏང་།

རྒྱུན་ཨུ་ཁང་གིས་ཐོག་མཐའ་བར་གསུམ་དུ་ཏང་གིས་ཁྲིམས་འཛུགས་ལ་སྣེ་ཁྲིད་པ་དང་། དམངས་འཐུས་ཚོགས་ཆེན་གྱིས་ཁྲིམས་འཛུགས་ལ་གཙོ་ཁྲིད་བྱེད་པ། མི་དམངས་མང་ཚོགས་ཁྲིམས་འཛུགས་ནང་ཞུགས་པ་རྒྱུན་འཁྱོངས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་གཙོ་གནད་ལ་དམ་པོར་དམིགས་ཤིང་། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་གནང་ས་གལ་ཆེན་གནད་དུ་འཛིན་པ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཁྲིམས་འཛུགས་འཕེལ་རིམ་གྱི་རྗེས་སུ་དམ་པོར་འབྲངས་པ། ཁྲིམས་འཛུགས་སྤུས་ཚད་མཐོར་འདེགས་གཏོང་བའི་གནད་འགག་དམ་འཛིན་བྱས་ཏེ། ཏན་ཏིག་གིས་ཚན་རིག་དང་དམངས་གཙོ་དང་ཁྲིམས་བཞིན་བཅས་ཀྱི་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་བཏང་། ཁྲིམས་ལུགས་ཆེ་ཆུང་གཏན་ཁེལ་བྱས་པ་དང་། ཧུར་ཐག་གིས“བཅད་ཁ་ཆུང་ས”བརྒྱུད་ནས“གནད་དོན་ཆེན་པོ”ཐག་གིས་བཅད་དེ་བཅོས་སྒྱུར་དང་གོང་སྤེལ་བརྟན་འཇགས་ལ་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱས། ལོ་གཅིག་གི་རིང་ལ། ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ15ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། གྲོང་ཁྱེར་དང་ཁུལ། རང་སྐྱོང་རྫོང་སོ་སོའི་ཁྲིམས་སྲོལ་སྲོལ་ཡིག19ལ་ཞིབ་བཤེར་བྱས་ནས་ཆོག་མཆན་བཀོད། ཚད་ལྡན་རང་བཞིན་གྱི་ཡིག་ཆ54ལ་ཐོ་འགོད་སྙན་སེང་ཐད་ཀྱི་ཞིབ་བཤེར་བྱས། རང་ཞིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་འཛུགས་བྱ་བར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཁས་ལེན་ཐོབ་པ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ས་གནས་ཁྲིམས་འཛུགས་བྱ་བའི་ཚོགས་འདུའི་སྟེང་བརྗེ་རེས་ཀྱི་གཏམ་བཤད་སྤེལ། ཁྲིམས་འཛུགས་ཀྱི་སྣེ་ཁྲིད་སྐུལ་སྤེལ་གྱི་ནུས་པ་འདོན་སྤེལ་བྱས། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས། འཁོར་སྐྱོད་དཔལ་འབྱོར་གྱི་སྐུལ་འདེད་སྲོལ་ཡིག་བཟོས་པ་དང་། ལྗང་མདོག་ཐཱན་དམའི་འཁོར་སྐྱོད་དཔལ་འབྱོར་གྱི་མ་ལག་ཆགས་པར་སྐུལ་འདེད་བཏང་ཞིང་། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་དམིགས་འབེན་མངོན་དུ་འགྱུར་བར་རོགས་འདེགས་བྱས། སྔོན་རྩིས་ཞིབ་བཤེར་གྱི་ལྟ་སྐུལ་སྲོལ་ཡིག་བཟོས་ཏེ་ཁྲིམས་ལྟར་སྔོན་རྩིས་ཀྱི་གཅུན་འདོམས་ཇེ་དྲག་ཏུ་བཏང་བ་དང་། སྲིད་གཞུང་གི་གཏོང་ཡོང་བྱ་བྱེད་ཚད་ལྡན་དུ་བཏང་། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་གྱི་སྲོལ་ཡིག་བཟོས་ཏེ་ཁྲོམ་རའི་གཙོ་གཞིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་པ་དང་། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྐུལ་སློང་བྱས། སྤྱི་པའི་ཡིད་རྟོན་གྱི་ཆ་འཕྲིན་སྲོལ་ཡིག་བཟོས་ཏེ་ཆ་འཕྲིན་གྱི་གཙོ་གཞིའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས། བྱི་རིམས་འགོག་སྡོམ་གྱི་སྲོལ་ཡིག་བཟོས་ཏེ། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་ཁྲིམས་སྐྱོང་འགན་སྲུང་ཇེ་དྲག་ཏུ་བཏང་། དུག་འགོག་སྲོལ་ཡིག་བཟོས་ཏེ་སྤྱི་དམངས་ཀྱི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོབ་དང་སྤྱི་ཚོགས་ཀྱི་སྒྲིག་སྲོལ་སྲུང་སྐྱོབ་བྱས། མི་གྲངས་དང་འཆར་ལྡན་བུ་སྐྱེའི་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་སྟེ། རང་ཞིང་གི་མི་གྲངས་དུས་ཡུན་རིང་པོར་དོ་མཉམ་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་། མེ་གསོད་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་སྟེ་ཁྲིམས་ལྟར་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་། སྤྱི་པའི་བདེ་འཇགས་སྲུང་སྐྱོབ་ལ་འགན་སྲུང་བྱས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་བཙན་ས་འཛུགས་སྐྲུན་བྱེད་པར་དམིགས་ནས། ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ལག་བསྟར་བྱེད་པའི་སྲོལ་ཡིག་བཟོས་པ་དང་། བྱེ་ཁུལ་གྱི་རྩི་ཤིང་སྲུང་སྐྱོབ་སྲོལ་ཡིག་དང་ལྗང་སྒྱུར་དོ་དམ་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་སྔར་བས་དོན་འཁྱོལ་བྱས་ཤིང་། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་མཁན་བཟང་པོ་ཞིག་བྱས། མི་རིགས་ས་ཁུལ་གྱི་གོང་སྤེལ་ལ་འགན་སྲུང་བྱེད་པར་དམིགས་ནས། གཟུགས་འདས་རིག་གནས་ཤུལ་བཞག་གི་སྲོལ་ཡིག་བཟོས་པ་དང་། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་སྲོལ་ཡིག་བཟོ་བཅོས་རྒྱག་པའི་བྱ་བར་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་སྟེ། རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་བཟོ་བཅོས་རྒྱག་པ་དེ་རང་སྐྱོང་ཁུལ་ཡོངས་སུ་ཁེབས་པར་བྱས། ཁྱད་ཆོས་ལྡན་ཞིང་ཚགས་དམ་པའི་ཁྲིམས་འཛུགས་ཀྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཏང་། དུས་རབས་གསར་པའི་ཁྲིམས་འཛུགས་ཀྱི་ཆོས་ཉིད་དང་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ཏེ། ཁྱད་ཆོས་ལྡན་ཞིང་ཚགས་དམ་པའི་ཁྲིམས་འཛུགས་ཀྱི་མཚོ་སྔོན་ལག་ལེན་མུ་མཐུད་དུ་འཚོལ་རྟོག་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲོལ་ཡིག་དང་། ཆོས་ལུགས་བྱ་བ་སྲོལ་ཡིག་ལ་ཁྲིམས་འཛུགས་ཀྱི“ཞིབ་བཤེར་གསུམ་གྱི་ལམ་ལུགས”ལག་བསྟར་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་མངོན་པར་ཁག་ཐེག་བྱས་ཤིང་། དངོས་ཡོད་ཀྱི་གནད་དོན་ཐག་གཅོད་བྱས། ཁྲིམས་འཛུགས་དཔྱད་དཔོག་གི་བྱ་བར་བསྟུད་མར་སྐུལ་འདེད་བཏང་བ་དང་། ཁྲིམས་འཛུགས་ཀྱི་དཔྱད་དཔོག་བྱ་བའི་ཚད་གཞི་བཟོས་ལ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་གྱི་སྲོལ་ཡིག་གི་འཆར་ཟིན་ལ་བརྡས་ཐག་མ་བཅད་གོང་གི་དཔྱད་དཔོག་དང་ཁྲིམས་ལུགས་ཀྱི་དྲིལ་སྒྲོག་སློབ་གསོའི་སྲོལ་ཡིག་ལ་ཁྲིམས་བཙུགས་རྗེས་ཀྱི་དཔྱད་དཔོག་བྱས་པ་དང་། ཁྲིམས་སྲོལ་སྲོལ་ཡིག་ལ“ཞིབ་བཤེར”དང“ཕྱིར་བལྟ”གཉིས་ཟུང་འབྲེལ་བྱས་ཏེ། ཁྲིམས་འཛུགས་ཀྱི་དམིགས་གཏད་རང་བཞིན་དང་། སྤྱོད་འཐུས་རང་བཞིན། སྤྱོད་རུང་རང་བཞིན་བཅས་ཇེ་དྲག་ཏུ་བཏང་། ཁྲིམས་འཛུགས་ཁྱབ་ཁོངས་ཀྱི་གོ་རིམ་ཡོངས་སུ་མི་དམངས་དམངས་གཙོ་གོང་སྤེལ་གཏོང་བར་རྐང་བཙུགས་པ་དང་། འཁོར་སྐྱོད་དཔལ་འབྱོར་གྱི་སྐུལ་འདེད་སྲོལ་ཡིག་དང་། གཟུགས་འདས་རིག་གནས་ཤུལ་བཞག་གི་སྲོལ་ཡིག་སོགས་ལ་ཁྲིམས་འཛུགས་ཀྱི་གྲོས་མོལ་བྱས་པ་དང་། རྒྱ་ཁྱབ་ངང་དམངས་ཆེན་གྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། དམངས་གཙོ་ཏང་ཁག་སོགས་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་དང་གྲོས་མགོ་ལ་ཉན། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་གནས་སྡེབ་སྒྲིག་དང་ཁ་གསབ་བྱས་ཏེ་ཁྲིམས་འཛུགས་ཆེད་མཁས་ཇུས་འདོན་ཚོགས་པ་ལེགས་སྒྱུར་དང་ལམ་ལུགས་ཚད་ལྡན་འཐུས་ཚང་དུ་བཏང་བ་དང་། ནུས་ལྡན་སྒོས་བྱེད་ནུས་འདོན་སྤེལ་བྱས་ཏེ། ཁྲིམས་འཛུགས་དེ་སྔར་བས་མང་ཚོགས་དང་འབྲེལ་ཞིང་། སྔར་བས་དམངས་འདུན་འདུས་པར་བྱས། ཁྲིམས་འཛུགས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་། ཁྲིམས་སྒྲོག་ཁྲིམས་བཤད་ཀྱི་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ། ཁྲིམས་ལག་བསྟར་གྱི་ཁོར་ཡུག་ལེགས་པོ་ཞིག་ཧུར་ཐག་གིས་བསྐྲུན། མགོ་ལོག་ཁུལ་གྱིས་ཐེངས་དང་པོར་ཁུལ་རིམ་པའི་ཁྲིམས་སྲོལ་སྲོལ་ཡིག་གི་འགྲེམ་སྤེལ་ལག་བསྟར་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས། ཁྲིམས་འཛུགས་ཀྱི་མཛུབ་སྟོན་དང་ཞིབ་བཤེར་ལ་ཤུགས་བསྣན། “འགལ་ཟླ་མེད་པ་དང་། ཁྱད་ཆོས་ལྡན་པ། བེད་སྤྱོད་རུང་བ”བཅས་ཀྱི་རྩ་དོན་ལྟར། ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་དེ་གཙོ་གནད་དུ་བཟུང་བ་དང་། ཆོག་མཆན་ཞུ་བའི་ཁྲིམས་སྲོལ་སྲོལ་ཡིག་གི་སྤུས་ཚད་མཐོར་འདེགས་གཏོང་བ་དམིགས་འབེན་དུ་བྱས་ཤིང་། སྔ་ས་ནས་འཇུག་པ་རྒྱུན་འཁྱོངས་བྱས་ཏེ་དུས་རབས་ཀྱི་ཁྱད་ཆོས་མངོན་ལ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཁྲིམས་སྲོལ་སྲོལ་ཡིག་སྐོར་ཞིག་ལ་ཞིབ་བཤེར་བྱས་ནས་ཆོག་མཆན་བཀོད་པ་དང་། ས་གནས་ཁྲིམས་འཛུགས་ཀྱི་ལག་བསྟར་རང་བཞིན་དང་། ཁ་གསབ་རང་བཞིན། ཚོད་ལྟའི་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་ནུས་ལྡན་བྱས། “རྙིང་དོར་གསར་འཛུགས”ཀྱི་འབྲེལ་སྦྱོར་འོས་མཐུན་ལ་མཐོང་ཆེན་བྱས་པ་དང་། ཁྲིམས་སྲོལ་དག་སེལ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་ནས། སྔ་རྗེས་ཐེངས3ལ་ད་སྔར་སྤྱོད་ཀྱིན་པའི་ཁྲིམས་སྲོལ་སྲོལ་ཡིག་ལ་ཡོངས་སུ་དག་སེལ་བྱས་ཏེ། དངོས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཅིག་གྱུར་ལ་སྲུང་སྐྱོང་བྱས། མཚོ་ཤར་གྲོང་ཁྱེར་གྱིས་རྨ་ཙོང་རིག་གནས་སྲུང་སྐྱོབ་ཀྱི་སྲོལ་ཡིག་བཟོས་པ་དང་། དེ་རྒྱལ་ཡོངས་ཀྱི་ས་ཁོངས་རང་བཞིན་གྱི་རྨ་ཆུའི་རིག་གནས་སྲུང་སྐྱོབ་བྱེད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་རུ་གྱུར།

གསུམ། ཡང་དག་ཅིང་ནུས་པ་ལྡན་ལ་ཁྲིམས་ལྟར་ལྟ་སྐུལ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་དགུས་སྤུས་ཚད་མཐོ་བའི་གོང་སྤེལ་ལ་རོགས་འདེགས་བྱས།

རྒྱུན་ཨུ་ཁང་གིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་ཁྱབ་ཁོངས་གལ་ཆེན་དང་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་དང་དོ་ཁུར་བྱེད་པའི་གནད་དོན་གཙོ་བོར་ལྟ་སྐུལ་བྱས་པ་དང་། ཁྲིམས་ལ་གཞི་འཛིན་ས་ཡོད་པ་དང་། གནད་དོན་གྱིས་ཕྱོགས་སྟོན་བྱེད་པ། བསམ་འཆར་རྒྱ་ཆེར་ཉན་པ། དག་ཐེར་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཤིང་། ལྟ་སྐུལ་གྱི་བཙན་གཤིས་ཇེ་དྲག་ཏུ་བཏང་བ་དང་། བསམ་ཤེས་རྒྱབ་སྐྱོར་མངོན་པ་དང་། གྲུབ་འབྲས་འཕོ་སྒྱུར་ལ་མཐོང་ཆེན་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡོང་བར་འགན་ལེན་བྱས་ཏེ། ཁྲིམས་ལུགས་ཁྲིམས་སྲོལ་ནུས་ལྡན་གྱིས་ལག་བསྟར་བྱེད་པར་འགན་ལེན། སྲིད་འཛིན་དབང་ཆ་དང་ལྟ་སྐུལ་དབང་ཆ། འདྲི་གཅོད་དབང་ཆ། ཞིབ་བཤེར་དབང་ཆ་བཅས་ཁྲིམས་ལྟར་ཡང་དག་གིས་སྤྱོད་པར་འགན་ལེན་བཅས་བྱས། ལོ་གཅིག་གི་རིང་ལ། ཆེད་དོན་བྱ་བའི་སྙན་ཞུ15ལ་ཉན་ནས་གྲོས་ཞིབ་བྱས་པ་དང་། ཁྲིམས་བསྟར་ཞིབ་བཤེར་རིགས5དང་། ཆེད་དོན་འདྲི་རྩད་ཐེངས1དང་། ཆེད་དོན་བརྟག་ཞིབ་རིགས4བཅས་སྤེལ། མང་ཚོགས་ཀྱི་འཕྲིན་བཅར་ངོ་བཅར་མི་ཐེངས323བདག་སྤྲོད་བཏང་། རང་ཞིང་གི་ཕྱུགས་ལས་བཅའ་ཁྲིམས་དང་། སྲོག་ཆགས་རིམས་འགོག་བཅའ་ཁྲིམས། མེ་གསོད་བཅའ་ཁྲིམས་བཅས་ཀྱི་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་དང་། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་གྱི་འཛུགས་སྐྲུན་ལ་རོགས་འདེགས། ཁྲིམས་ཁང་ལ་རྒྱབ་སྐྱོར་བྱས་ནས་ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་བཅད་པ་སོགས་ཀྱི་བྱ་བར་རྒྱལ་ཡོངས་དམངས་ཆེན་གྱིས་ཁས་ལེན་གནང་། ཁ་བྱང་གནད་འཁེལ་བདམས་ཏེ། ལྟ་སྐུལ་གྱི་དམིགས་གཏད་རང་བཞིན་ཇེ་དྲག་ཏུ་བཏང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་དམིགས་ནས། 2020ལོའི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་ལེགས་འགྲུབ་བྱས་པའི་གནས་ཚུལ་དང་ཁྲིམས་ལྟར་སྦག་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་གཡུལ་འཐབ་ལེགས་པོར་བརྒྱབ་པའི་གནས་ཚུལ་གྱི་སྙན་ཞུ། མུ་རིའི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་འདབས་ཀྱི་མཚོ་སྔོན་ཁག་གི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་ལ་སྐུལ་འདེད་བཏང་བའི་གནས་ཚུལ་བཅས་ལ་ཉན་ནས་གྲོས་ཞིབ་བྱས་པ་དང་། སྲ་སྙིགས་ཀྱིས་ཁོར་ཡུག་ལ་སྦག་བཙོག་བཟོ་བ་འགོག་བཅོས་བྱེད་པའི་བཅའ་ཁྲིམས་དང་། རྨ་འབྲི་རྫ་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག་སོགས་ལ་ཁྲིམས་བསྟར་གྱི་ཞིབ་བཤེར་བྱས་ཤིང་། འབྲི་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱས། བརྟན་ཐོག་ཡར་འཕེལ་མངོན་དུ་འགྱུར་བར་དམིགས་ནས། འཆར་གཞི་དང་། ནོར་སྲིད་ཀྱི་སྔོན་རྩིས་དང་ཆོད་རྩིས། རྩིས་བཤེར་བྱ་བ་དང་རྩིས་བཤེར་ཁྲོད་རྙེད་པའི་གནད་དོན་དག་ཐེར་བཅོས་སྐྱོང་བྱས་པའི་གནས་ཚུལ་གྱི་སྙན་ཞུ་བཅས་ལ་ཉན་ནས་གྲོས་ཞིབ་བྱས། འཆར་གཞི་དང་། སྔོན་རྩིས་དང་། ཆོད་རྩིས་བཅས་ཀྱི་འཆར་ཟིན། སྔོན་རྩིས་ཀྱི་སྡེབ་སྒྲིག་འཆར་འགོད་བཅས་ལ་ཞིབ་བཤེར་བྱས་ནས་ཆོག་མཆན་བཀོད་དེ་མ་དངུལ་གྱི་དོ་དམ་ཚད་ལྡན་དུ་བཏང་ཞིང་། སྔོན་རྩིས་ཀྱི་གཅུན་འདོམས་ཇེ་དྲག་ཏུ་བཏང་། “བརྟན་འཇགས་དྲུག”དང“འགན་སྲུང་དྲུག”ལ་རོགས་འདེགས་བྱས་ཏེ། འབྲེལ་ཡོད་ཀྱི་སྲིད་ཇུས་དོན་འཁྱོལ་ལ་ལྟ་རྟོག་དང་སྐུལ་འདེད་བཏང་། དམངས་འཚོ་བདེ་སྐྱིད་འཕེལ་བར་དམིགས་ནས། ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོ་གོང་སྤེལ་དང་། རོང་འབྲོག་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་བྱས་པའི་གནས་ཚུལ་སོགས་ཀྱི་སྙན་ཞུ་ལ་ཉན་ནས་གྲོས་ཞིབ་བྱས་པ་དང་། མེ་གསོད་བཅའ་ཁྲིམས་དང་། དགེ་ལས་བཅའ་ཁྲིམས་སོགས་ལ་ཁྲིམས་བསྟར་གྱི་ཞིབ་བཤེར་བྱས། དམངས་ཡོངས་ཀྱི་ལུས་སྦྱོང་དང་། ཁྱིམ་སྲིད་ཞབས་ཕྱིའི་རྩལ་ནུས་གསོ་སྦྱོང་། ས་འོག་གི་ཕྱོགས་བསྡུས་སྦུག་ཁྱམས་འཛུགས་སྐྲུན། རྨ་ཆུའི་འབབ་རྒྱུད་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱས་པ་དང་། མང་ཚོགས་ཀྱི“མྱུར་མཁོ་དང་། དཀའ་གནད། སྡུག་སྣང་། རེ་ལྟོས”བཅས་བྱེད་པའི་གནད་དོན་ཐག་གཅོད་པར་མྱུར་དུ་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཧུར་ཐག་གིས་མཐོར་འདེགས་བཏང་། ཡུལ་ཤུལ་ཁུལ་གྱིས་ཞིང་ཆེན་དང་ཁུལ་རྫོང་ཤང་བཅས་ཀྱི“ས་ཁོངས་ཡོངས་སུ་གད་སྙིགས་མེད་པ་དང་འགྱིག་འགོག་སྙིགས་སྐྱུང”བྱ་བའི་ལྟ་སྐུལ་ཞིབ་བཤེར་སྤེལ། བྱེད་ཐབས་གསར་སྒྱུར་བྱས་ཏེ། ལྟ་སྐུལ་གྱི་ཁེབས་ཚད་དང་ཟབ་ཚད་རྒྱ་སྐྱེད་བཏང་། ལྟ་སྐུལ་གྱི་རྣམ་པ་ཧུར་ཐག་གིས་གསར་གཏོད་བྱས་པ་དང་། ལྟ་སྐུལ་བྱ་བ་དེ་གནད་གཅིག་ནས་ཟབ་འགྱུར་དང་། ངོས་གཅིག་ནས་རྒྱ་སྐྱེད་གཏོང་བར་སྐུལ་འདེད་བཏང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་སྟངས་གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་བྱེད་པ་དེ་བརྗོད་གཞི་བྱས་ནས། ཞིང་ཆེན་གྱི་ལྟ་ཞིབ་ཨུ་ལྷན་གྱི་ཆེད་དོན་བྱ་བའི་སྙན་ཞུ་ལ་ཐོག་མར་ཉན་པ་དང་། ལྟ་ཞིབ་སྡེ་ཁག་གིས་ཁྲིམས་ལྟར་དབང་ཆ་སྤྱོད་པ་དང་འགན་སྒྲུབ་ལས་སྒྲུབ་ཐད་ལ་རོགས་འདེགས་བྱས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་ལག་བསྟར་དོན་འཁྱོལ་བྱེད་པའི་གནས་ཚུལ་ལ་ཁྲིམས་བསྟར་ཞིབ་བཤེར་ཐེངས་དང་པོ་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་སྐུལ་འདེད་བཏང་། དམངས་ཆེན་གྱི་ནོར་སྲིད་དཔལ་འབྱོར་ལྟ་སྐུལ་ལ་སྔར་བས་ཤུགས་སྣོན་དགོས་པའི་སྐོར་གྱི་དགོངས་འཆར་ཐོག་མར་བཟོས་ཏེ། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་ཇེ་དམ་དུ་བཏང་བ་དང་། མི་དམངས་ཀྱི“སྒོར་ཁུག”ལ་དོ་དམ་ལེགས་པོ་བྱས། གཞུང་དབང་མིན་པའི་དཔལ་འབྱོར་གོང་སྤེལ་ལ་སྐུལ་འདེད་བཏང་བའི་གནས་ཚུལ་གྱི་སྙན་ཞུར་ཉན་ནས་གྲོས་ཞིབ་བྱས་པར་ཆེད་དམིགས་འདྲི་རྟོག་བྱས་པ་དང་འབྲེལ་ནས། ཆེད་དམིགས་འདྲི་རྟོག་དེ་དྲ་ལམ་ནས་ཐེངས་དང་པོར་ཐད་གཏོང་བྱས། རྒྱལ་དབང་རྒྱུ་ནོར་དོ་དམ་བྱས་པའི་གནས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུ་ལ་བསྟུད་མར་ལོ་གསུམ་ལ་གྲོས་ཞིབ་བྱས་པ་དང་། རྒྱལ་དབང་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་གནས་ཚུལ་གྱི་ཆེད་དོན་སྙན་ཞུ་ལ་ཐེངས་དང་པོར་གྲོས་ཞིབ་བྱས་ཏེ། རྒྱལ་དབང་རྒྱུ་ནོར་དོ་དམ་ཚད་ལྡན་དང་ལེགས་བཅོས་ཡོང་བར་སྐུལ་འདེད་བཏང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱ་བའི་གནས་ཚུལ་གྱི་ཆེད་དོན་སྙན་ཞུ་ལ་ཐོག་མར་ཞིབ་བཤེར་བྱས་ཏེ། ཁྲིམས་སྐྱོང་མཚོ་སྔོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། སྲོག་ཆགས་རིམས་ནད་བཅའ་ཁྲིམས་ཀྱི་ཁྲིམས་བསྟར་ཞིབ་བཤེར་གྱི་གྲོས་ཞིབ་དགོངས་འཆར་བསྒྲུབ་པའི་གནས་ཚུལ་ལ“ཕྱིར་བལྟའི”བྱས་པ་དང་། སྡེ་བ་རིམ་པའི་རིམས་འགོག་པའི་ཟླ་ཕོགས་སོགས་ཀྱི་དམངས་འཚོ་དཀའ་གནད་ལ་ལྟ་སྐུལ་བྱས་ནས་ཐག་བཅད། ཁྲིམས་ཁྱབ་ཁྲིམས་བསྟར་གྱི་སྲིད་འཛིན་ཁྱབ་ཁོངས་ཀྱི་ལྟ་སྐུལ་ལ་ཤུགས་བསྣན་པ་དང་། “བདུན་ལྔའི”ཁྲིམས་ཁྱབ་ཀྱི་ཆོད་དོན་ལག་ལེན་དོན་འཁྱོལ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་ནས་གྲོས་ཞིབ་བྱས། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་སྡེ་ཁག་གི་ཁྲིམས་བསྟར་ཚད་ལྡན་ཅན་འཛུགས་སྐྲུན་གྱི་གནས་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱས་ཏེ། ཁྲིམས་ཁྱབ་བྱ་བའི་ཆུ་ཚད་དང་ཁྲིམས་བསྟར་གྱི་སྤྱིའི་རྟོན་ཤུགས་མཐོར་འདེགས་ཡོང་བར་སྐུལ་འདེད་བཏང་། རྐྱེན་སྲོལ་ལེགས་སྒྱུར་བྱས་ཏེ། ལྟ་སྐུལ་གྱི་བཙན་གཤིས་ཕན་འབྲས་ཇེ་ཆེར་བཏང་། ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་དམིགས་ཡུལ་དུ་བཟུང་སྟེ། གོ་རིམ་ཚད་ལྡན་དང་། སྒྲིག་ལུགས་འཐུས་ཚང་དུ་བཏང་སྟེ། ལྟ་སྐུལ་བྱ་བའི་ལྷུ་ཚིགས་སོ་སོར་བརྩི་སྲུང་བྱེད་སའི་སྒྲིག་ལམ་ཡོད་པ་དང་། ཕན་ནུས་ལྡན་པའི་འབྲེལ་མཐུད་ལྡན་པ། གོ་རིམ་ཡོད་པར་སྤེལ་ཐུབ་པ། ཡུན་ཕན་ལྡན་པ་བཅས་ཡོང་བར་འབད་བརྩོན་བྱས། “སུས་སྣེ་ཁྲིད་ན་དེས་སྙན་སེང་ཞུ་བའི”འགན་འཁྲིའི་བླང་བྱ་དོན་འཁྱོལ་བྱས་ཏེ་སྙན་ཞུའི་ནང་གི་གནད་དོན་དང་རྒྱུ་རྐྱེན་གྱི་ཁག་དེ་སུམ་ཆ་གཅིག་ལས་མི་ཉུང་བ་དང་། གནད་དོན་ཐག་གཅོད་བྱེད་ཐབས་ཀྱི་ཁག་དེ་སུམ་ཆ་གཅིག་ལས་མི་ཉུང་བར་གསལ་ཁ་བཏོད་ནས་གནད་དོན་གྱིས་ཕྱོགས་སྟོན་བྱེད་པའི་རྩ་དོན་མངོན་པར་བྱས། འགག་སྒོ་སྔ་སྣུར་དང་རྗེ་སྙེག་སྐུལ་སྒྲུབ་བྱེད་པ་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཨུ་ཁང་གིས་གྲོས་ཞིབ་དགོངས་འཆར་དོན་འཁྱོལ་བྱེད་པའི་སྤྲོད་སྒྲུབ་ཚོགས་འདུ་བསྡུས་ཏེ། རྒྱུན་མཐུད་རྗེས་སྙེག་གིས་ལྟ་སྐུལ་བྱས་པ་དང་། དག་ཐེར་ཡོ་བསྲང་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་། བསྟུད་མར་ལོ་བཞི་ལ་རླུང་ཁམས་དང་། ཆུ་དང་། ས་རྒྱུ་སྦག་བཙོག་དང་། སྲ་སྙིགས་བཅས་ཀྱི་ཁོར་ཡུག་སྦག་བཙོག་འགོག་བཅོས་ཀྱི་བཅའ་ཁྲིམས་ལ་ཁྲིམས་བསྟར་ཞིབ་བཤེར་བྱས་པ་དང་། ལོ་བཅུ་ལྷག་ཙམ་ལ་བསྟུད་མར་ཙོང་ཆུ་འབབ་རྒྱུད་ཀྱི་སྦགས་བཙོག་བཅོས་སྐྱོང་ལ་ལྟ་སྐུལ་བྱས་ཤིང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་བཅའ་ཁྲིམས་ཀྱི་མཚོན་ཆ་སྤྱད་དེ་སྦགས་བཙོག་བཅོས་སྐྱོང་དང་། ཁྲིམས་སྐྱོང་གི་སྟོབས་ཤུགས་སྤྱད་དེ་ཆུ་དྭངས་རི་སྔོ་སྲུང་སྐྱོབ་བྱས། རྒྱལ་ཁབ་སྡེ་ཁག་གི་ལས་བྱེད་པའི་འགན་འཁྲི་འཁུར་རྗེས་ཀྱི་ལྟ་སྐུལ་ལམ་ལུགས་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས་བཙུགས་ཏེ། དམངས་ཆེན་གྱི་བསྐོ་འཐེན་དབང་ཆ་དང་ལྟ་སྐུལ་དབང་ཆ་གཅིག་གྱུར་འོས་མཐུན་ཡོང་བར་སྐུལ་འདེད་བཏང་།

བཞི། “གཅིག་གྱུར་གཉིས”བསྒྲུབ་ཐུབ་པ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་ལྟར་ཐག་གཅོད་དབང་ཆ་དང་བསྐོ་འཐེན་དབང་ཆ་སྤྱད།

རྒྱུན་ཨུ་ཁང་གིས་ཏང་ཨུའི་ཇུས་ཆོད་དེ་དམངས་ཆེན་གྱིས་ཁྲིམས་ལྟར་ཐག་གཅོད་པ་དང་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། ལོ་ལྔའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་ཐེངས་བརྒྱད་པ་སྤེལ་བའི་སྐོར་གྱི་གྲོས་ཆོད་གཏན་འབེབས་བྱས་ཤིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཁྲིམས་སྐྱོང་དྲིལ་སྒྲོག་དང་སློབ་གསོའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་བྱེ་བྲག་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་། ཀྲུང་དབྱང་གི་སྲིད་འཛིན་ས་ཁོངས་ཀྱི་དབྱེ་འབྱེད་འོས་འཚམ་གྱིས་འབྱེད་པའི་སྐོར་གྱི་ཁྲིམས་འཛིན་བདག་ཁོངས་ལམ་ལུགས་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། རྨ་འབྲི་རྫ་གསུམ་མགོ་ཁུངས་ས་ཁུལ་དུ་མི་དམངས་ཞིབ་དཔྱོད་ཁང་འཛུགས་པའི་གྲོས་ཐག་བཅད་པས། ས་ཁོངས་བརྒལ་བའི་ཞིབ་དཔྱོད་ཀྱི་བཅོས་སྒྱུར་ལ“མཚོ་སྔོན་གྱི་ཉམས་མྱོང”བསགས་ཡོད། གན་རྒྱའི་དཔྱ་ཁྲལ་གྱི་སྤྱོད་འཐུས་ཁྲལ་ཚད་ཞིབ་ཕྲ་དང་གཟིགས་སྐྱོང་གི་སྲིད་ཇུས་ལག་བསྟར་བྱེད་པའི་ཇུས་གཞི་ལ་ཆོག་མཆན་འགོད་པའི་སྐོར་གྱི་གྲོས་ཆོད་བཏོན་ཏེ། ཁང་སའི་ཐོན་ལས་ཀྱི་ཁྲོམ་ར་བརྟན་བརླིང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྲུང་སྐྱོང་བྱས། ཁྲིམས་ལྟར་བསྐོ་འཐེན་དབང་ཆ་སྤྱོད་པ་ཕན་ཚུན་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ། འདེམས་བསྐོ་དང་བསྐོ་འཐེན་གྱི་བྱ་བ་ལེགས་པོར་བསྒྲུབ་རྒྱུ་དེ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་དངོས་བརྒྱུད་ཀྱི་ཞིབ་བཤེར་ཞིག་ཏུ་བརྩིས་པ་དང་། རྒྱལ་ཁབ་སྡེ་ཁག་གི་ལས་བྱེད་མི་སྣ་བསྐོ་འཐེན་བྱེད་ཐབས་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཤིང་། ལོ་ཧྲིལ་པོར་རྒྱལ་ཁབ་སྡེ་ཁག་གི་ལས་བྱེད་མི་སྣ་ཁྱོན་བསྡོམས་མི་ཐེངས70འདེམས་བསྐོ་དང་བསྐོ་འཐེན་བྱས་པ་དང་། ཏང་གི་དགོངས་འདུན་བདེ་བླག་ངང་མངོན་འགྱུར་བྱས། རྒྱལ་ཁབ་སྡེ་ཁག་གི་ལས་བྱེད་མི་སྣའི་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་ནན་ཏན་གྱིས་ལག་བསྟར་བྱས་ཏེ། གསར་དུ་བསྐོ་གཞག་བྱས་པའི་མི26གིས་རྩ་ཁྲིམས་ལ་དམ་བཅའ་བཞག

ལྔ། འཐུས་མིའི་གཙོ་གཞིའི་གོ་གནས་རྒྱུན་འཁྱོངས་བྱས་ཏེ། འཐུས་མིའི་འགན་སྒྲུབ་ཀྱི་ཕན་ནུས་འདོན་སྤེལ་མཐོར་འདེགས་བཏང་།

རྒྱུན་ཨུ་ཁང་གིས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་ཁག་ཐེག་དང་། གོ་རིམ་ཡོངས་སུ་མི་དམངས་དམངས་གཙོ་གོང་སྤེལ་གཏོང་བའི་འོས་འགན་གྱི་བླང་བྱ་རྒྱུན་འཁྱོངས་བྱས་སྟེ། འཐུས་མིའི་གཙོ་གཞིའི་གོ་གནས་ལ་བརྩི་འཇོག་དང་། འཐུས་མི་ལ་ཞབས་ཕྱི་བསྒྲུབ་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་ཞིང་། འཐུས་མིའི་བྱ་བའི་བྱེད་ཐབས་གསར་སྐྲུན་བྱས་ཏེ། འཐུས་མིའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། འཐུས་མིས་ཁྲིམས་ལྟར་འགན་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ནས་འཐུས་མིའི་བྱ་བའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བཏང་། “ཁང་གཉིས་སྟེགས་གཅིག”ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་བར་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་མཆན་འགོད་མཛུབ་སྟོན་དང་ཁས་ལེན་གནང་། འདུ་ཤེས་ཀྱི་སྣེ་ཁྲིད་ཇེ་དྲག་ཏུ་བཏང་སྟེ། ལམ་ལུགས་དོན་འཁྱོལ་ལེགས་འཛིན་ནན་ཏན་གྱིས་བསྒྲུབས། དུས་རབས་གསར་པའི་དམངས་ཆེན་གྱི་འཐུས་མིའི“རང་བཞིན་དྲུག”གི་ངེས་གནས་ལ་དམ་པོར་དམིགས་ནས། “འཐུས་མི་ནི་མཚན་སྙན་དང་ཡིད་རྟོན་ཡིན་ལ། དེ་ལས་ཀྱང་ལས་འགན་དང་འགན་འཁྲི་ཡིན་པའི”འདུ་ཤེས་བརྟན་པོར་བཙུགས་པ་དང་། “བྱེད་ཐབས་གཉིས”དང་། དུས་རབས་གསར་པའི་ཚད་ལྡན་གྱི་དམངས་ཆེན་འཐུས་མི་ཞིག་བྱེད་པའི་མཛུབ་སྟོན་དགོངས་འཆར། འཐུས་མིའི་བྱ་བར་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པའི་དགོངས་འཆར་སོགས་ཀྱི་ཡིག་ཆ་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཤིང་། ལམ་ལུགས་ལ་བརྟེན་ནས་དུས་རབས་གསར་པའི་དམངས་ཆེན་གྱི་འཐུས་མིའི་བྱ་བ་ཚན་ལྡན་ཅན། ཚད་གཞི་ཅན། སྒྲིག་ལུགས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་། འཐུས་མི་དང་མང་ཚོགས་ལ་འབྲེལ་བ་དམ་ཟབ་བྱས་ཏེ། འཐུས་མིས་འགན་སྒྲུབ་ཀྱི་ཐབས་ལམ་རྒྱ་སྐྱེད་བཏང་། “འབྲེལ་གཏུག་གསུམ་”གྱི་ལམ་ལུགས་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། འཐུས་མིའི་ཆེད་ལས་ཚན་ཆུང་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ལ། འབྲེལ་གཏུག་བྱ་ཡུལ་དང་། འབྲེལ་གཏུག་གི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ་བསྐྱར་དུ་གཏན་འཁེལ་བྱས་ཏེ། ཆེད་དོན་ཨུ་ལྷན་གྱིས་འཐུས་མིར་འབྲེལ་གཏུག་བྱེད་པའི་རྐྱེན་སྲོལ་སྔར་བས་འཐུས་ཚང་དུ་བཏང་བ་དང་། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་མི་ཐེངས་ཁྲི་གདན་འདྲེན་ཞུས་ནས་རྒྱུན་ལས་ཁང་གི་གྲོས་ཚོགས་ལ་ཟུར་ཞུགས་བྱས་པ་དང་ཁྲིམས་འཛུགས་བརྟག་ཞིབ་དང་ཁྲིམས་བསྟར་ཞིབ་བཤེར། ཆེད་དོན་འདྲི་རྟོག་སོགས་ཀྱི་བྱ་འགུལ་ནང་ཞུགས་ཏེ། འཐུས་མི་དེ་རྒྱུན་ཨུ་ཁང་དང་ཆེད་དོན་ཨུ་ལྷན་གྱི་བྱ་བར་ཞུགས་ཚད་མུ་མཐུད་དུ་རྒྱ་སྐྱེད་བཏང་། “རིམ་པ་ལྔའི་དམངས་ཆེན་གྱི་འཐུས་མི་ཁང་གཉིས་སུ་འགྲོ་བའི”བྱ་འགུལ་རྒྱ་ཁྱབ་ངང་སྤེལ་བ་དང་། འཐུས་མིའི་བྱ་བའི་ལས་སྟེགས་དང་དྲ་རྒྱའི་ལས་སྟེགས་བེད་སྤྱོད་གང་ལེགས་བཏང་སྟེ། འཐུས་མིས་འདེམས་དམངས་སྣེ་ལེན་བྱེད་པ་དང་། མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་རྣམ་པ་དང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། འཐུས་མི་དང་ཨུ་ཡོན་གྱི་འགན་སྒྲུབ་གནས་ཚུལ་གྱི་སྙན་ཞུ་ཡོངས་སུ་ཁེབས་པར་བྱས། “དམངས་ཆེན་གྱི་འཐུས་མི་གྲོང་གསེབ་ཏུ་སྐྱོད་པ”དང“དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་ལས་རིགས་སློབ་གསོར་སྐུལ་འདེད་གཏོང་བ”སོགས་ཀྱི་བརྗོད་དོན་གཙོ་བོའི་བྱ་འགུལ་གསར་གཏོད་ཀྱིས་སྤེལ་ནས་འཐུས་མིའི་བྱ་བའི་ནང་དོན་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་། ཟི་ལིང་གྲོང་ཁྱེར་གྱིས་འཐུས་མིའི་ནུས་པ་འདོན་སྤེལ་བྱས་ཏེ། རིམ་བབ་འགོག་སྡོམ་གྱི་འགོག་རྒོལ་གཡུལ་འཐབ་ལ་རྒྱལ་ཁབ་ལེན་པར་རོགས་འདེགས་བྱས། རྨ་ལྷོ་ཁུལ་གྱིས“རིམ་པ་ལྔའི་འཐུས་མི་ཁང་ནང་དུ་འགྲོ་བ”དང་དམངས་ཆེན་གྱི་འཐུས་མིས་ལས་འགན་གསལ་ཞུ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས། བྱ་བའི་བྱེད་ཐབས་གསར་གཏོད་བྱས་ཏེ། ཞབས་ཕྱིའི་འགན་སྲུང་ནུས་པ་མཐོར་འདེགས་བཏང་། དྲ་ཐོག་དང་དྲ་འོག་བྱེད་ཐབས་སྤྱད་དེ་འཐུས་མི་གསོ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་ཧུར་ཐག་གིས་མཐོར་འདེགས་བཏང་། ཞིང་ཆེན་དམངས་ཆེན་གྱི་འཐུས་མིའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། ཚོགས་ཆེན་འཚོག་མེད་པའི་སྐབས་ཀྱི་འཐུས་མིའི་བྱ་འགུལ་ལ་བརྗེ་རེས་ཁྲིད་སྟོན་དང་ཞབས་ཕྱིའི་འགན་སྲུང་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། འཐུས་མིས་གནས་ཚུལ་ཤེས་རྟོགས་དང་སྲིད་དོན་ཤེས་རྟོགས་དང་ཁྲིམས་ལྟར་འགན་སྒྲུབ་པར་ཞབས་ཕྱི་འདོན་སྤྲོད་བཏང་། “སྐུལ་སྒྲུབ་ཆེན་མོའི”རྐྱེན་སྲོལ་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཡོངས་རང་བཞིན་གྱི་ཏང་སྲིད་མགོ་ཁྲིད་ཀྱིས་འཐུས་མིའི་དགོངས་འཆར་སྐུལ་སྒྲུབ་དང་སྣེ་ཁྲིད་ནས་སྒྲུབ་པའི་བྱ་བར་སྐུལ་འདེད་བཏང་ལ། རྒྱུན་ཨུ་ཁང་གི་མགོ་ཁྲིད་ཀྱིས་འཐུས་མིའི་གྲོས་གཞི་བསྒྲུབ་པའི་བྱ་བར་ཆེད་དོན་གཟིགས་ཞིབ་གནང་བའི་བྱ་བའི་རྐྱེན་སྲོལ་བཙུགས་པ་དང་། སྒྲུབ་གཉེར་དང་ལྟ་སྐུལ་བྱས་པའི་སྙན་ཞུ་ལ་ཉན་ཞིབ་དང་། ཡིད་ཚིམ་ཚད་དཔྱད་ཞིབ། སྒྲུབ་གཉེར་བྱས་ཚུལ་དཔྱད་དཔོག་སོགས་ཀྱི་བྱ་བར་གཞི་གཅིག་གིས་སྐུལ་འདེད་བཏང་ནས། འཐུས་མིས་གྲོས་གཞི་སྒྲུབ་གཉེར་གྱི་བྱ་བར་ཕན་འབྲས་ཕུན་སུམ་ཚོགས་པ་ཐོབ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་འཐུས་མིས་བཏོན་པའི་གྲོས་གཞི265དང་། གཏན་འཁེལ་བྱས་པའི་གཙོ་གནད་སྐུལ་སྒྲུབ་བྱེད་པར་ཐག་བཅད་པའི་གྲོས་གཞི18ཚང་མ་ཐག་གཅོད་བྱས་ཚར། སྤྱི་ཚོགས་ཀྱིས་དོ་སྣང་བྱེད་པ་དང་། མང་ཚོགས་ཀྱིས་སེམས་ཁུར་བྱེད་པ། འཐུས་མི་ཚོས་དོ་ཁུར་གནང་བའི་གནད་དོན་སྐོར་ཞིག་ཐག་གཅོད་པར་སྐུལ་འདེད་བཏང་། རང་ཞིང་གི་འཐུས་མིའི་གྲོས་གཞིའི་བྱ་བ་དེ་རྒྱལ་ཡོངས་དམངས་ཆེན་གྱིས་འོས་སྦྱོར་ཁས་ལེན་བྱས། མཚོ་ལྷོ་ཁུལ་གྱིས་དམངས་འཚོ་དངོས་དོན་གྱི་ལས་གཞི་ལ་དམངས་ཆེན་འཐུས་མིས་འདེམས་ཤོག་འཕེན་པའི་ཐག་གཅོད་ཀྱི་ལམ་ལུགས་གཏིང་ཟབ་ཏུ་བཏང་། མཚོ་བྱང་ཁུལ་གྱིས་སྒོར་ཁྲི3300ལྷག་བཏང་ནས་ཁུལ་ཡོངས་ཀྱི་སྲིད་འཛིན་སྡེ་བར(གཞིས་ཁུལ)ཁེབས་པའི་འཐུས་མིའི་བྱ་འགུལ་ཁང་བསྐྲུན་པ་དང་། “བཅུ་ཚན་གཅིག”གི་འཐུས་མིའི་བྱ་འགུལ་གསར་གཏོད་ལྡན་པའི་སྒོ་ནས་སྤེལ། མཛུབ་སྟོན་དང་ལྟ་སྐུལ་ལ་ཤུགས་བསྣན་ཏེ། ཞིང་ཆེན་ཡོངས་ཀྱི་རྫོང་དང་ཤང་རིམ་པ་གཉིས་ཀྱི་དམངས་ཆེན་གྱི་སྐབས་བརྗེ་འདེམས་བསྐོའི་བྱ་བ་ནན་ཏན་གྱིས་བསྒྲུབས། འདེམས་བསྐོའི་བཅའ་ཁྲིམས་ཀྱི་ལག་བསྟར་ཞིབ་སྲོལ་ལ་བཟོ་བཅོས་བརྒྱབ་པ་དང་། ཞིང་ཆེན་ཏང་ཨུ་ལ་རྫོང་དང་ཤང་རིམ་པ་གཉིས་ཀྱི་དམངས་འཐུས་ཚོགས་ཆེན་གྱི་སྐབས་བརྗེ་འདེམས་བསྐོའི་བྱ་བ་ལེགས་པོར་བསྒྲུབ་པའི་སྐོར་གྱི་བཀོད་སྒྲིག་དགོངས་འཆར་བརྒྱུད་འགྲེམ་བྱ་རྒྱུའི་རེ་བ་ཞུས་ཏེ། དུས་ཐོག་ཏུ་ཐག་གཅོད་བྱས་པ་དང་། མཉམ་ལྷན་གྲོས་ཚོགས་བསྡུས་ལ། གསོ་སྦྱོང་འཛིན་གྲྭ་བསྒྲུབས། ཀྲུའུ་རིན་ཚོགས་འདུའི་ཁོངས་མིས་འབྲེལ་གཏུག་བྱེད་གནས་ལ་ལྟ་སྐུལ་བྱས་ཤིང་། བསྡོམས་པས་རྫོང་དང་ཤང་གི་དམངས་ཆེན་གྱི་འཐུས་མི་ཁྲི2.6བདམས་པ་དང་། འདེམས་བསྐོའི་བརྒྱུད་རིམ་ནི་སྲོལ་བཟང་དྲང་བཞག་ཡིན་ལ། འདེམས་བསྐོའི་མཇུག་འབྲས་ལ་མི་དམངས་ཡིད་ཚིམ་ཡོད།

དྲུག ཁྲིམས་ལྟར་ཚན་རིག་དང་མཐུན་ཞིང་ཚད་ལྡན་ནན་ཏན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་ངོས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་བསྣན།

རྒྱུན་ཨུ་ཁང་གིས“སྡེ་ཁག་བཞིའི”འཛུགས་སྐྲུན་ལ་གཏིང་ཟབ་ཏུ་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་པ་དང་། མགོ་ཁྲིད་ཚན་སྐོར་དམ་འཛིན་དང་། དཔུང་ཁག་སྣེ་ཁྲིད། ནུས་པ་འདོན་སྤེལ། རྨང་གཞི་སྲ་བརྟན་བཅས་བྱས་ཏེ། རང་ངོས་འཛུགས་སྐྲུན་གྱི་ཕན་འབྲས་གསར་པར་བརྟེན་ནས་དམངས་ཆེན་གྱི་བྱ་བའི་འཕེལ་རྒྱས་གསར་པར་སྐུལ་འདེད་བཏང་། རང་ཞིང་གི་དུས་རབས་གསར་པའི་དམངས་ཆེན་སྡེ་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ལེགས་བཅོས་བྱས་པའི་སྐོར་གྱི་ཉམས་མྱོང་དང་བྱེད་ཐབས་དེ་རྒྱལ་ཡོངས་དམངས་ཆེན་གྱིས་དྲིལ་སྒྲོག་འོས་སྦྱོར་བྱས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ལོ་ཧྲིལ་པོའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་པ་དང་། རྒྱུན་ཨུ་ཁང་གི་ཏང་ཙུའུ་དང་། སྡེ་ཁག་གི་ཏང་ཙུའུ། སྡེ་ཁག་གི་ཏང་ཨུ། ཏང་ཀྲི་པུའུ་བཅས“རིམ་པ་བཞིའི”མཉམ་འགུལ་གྱིས་ཏང་འཛུགས་སྐྲུན་དམ་དུ་འཛིན་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་། སྤྱིའི་བླང་བྱ་དང་དམིགས་འབེན་གྱི་ལས་འགན་ལ་དམིགས་ནས། དུས་ཐོག་ཏུ་སྐུལ་སློང་དང་བཀོད་སྒྲིག་བྱས་པ་དང་། གཏན་འབེབས་ལས་ཚན་དག་ནན་ཏན་གྱིས་བསྒྲུབས། རང་འདེམས་ལས་ཚན་གསར་གཏོད་བྱས་ཏེ། སློབ་སྦྱོང་དང་དཔྱད་མོལ། “ངས་མང་ཚོགས་ཀྱི་དོན་དུ་དངོས་དོན་སྒྲུབ”ཅེས་པའི་ལག་ལེན་བྱ་འགུལ་ཏན་ཏིག་གིས་སྤེལ་ཞིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་འཐུས་མིར་ལོ་རྒྱུས་བསླབས་ནས་གནས་ལུགས་རྟོགས་པ་དང་། ལོ་རྒྱུས་བསླབས་ནས་དད་སེམས་བསྐྱེད་པ། ལོ་རྒྱུས་བསླབས་ནས་སྤྱོད་བཟང་བསྟེན་པ། ལོ་རྒྱུས་བསླབས་ནས་ལག་ཏུ་བསྟར་བ་བཅས་ལ་སྣེ་ཁྲིད་བྱས། ལོ་རྒྱུས་སློབ་པ་དང་། དགོངས་པ་རྟོགས་པ། དོན་དངོས་སྒྲུབ་པ། རྣམ་པ་གསར་གཏོད་བཅས་ཀྱི་བསམ་བློ་དང་བྱ་སྤྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་བཏང་། “ཁྲིམས་སྡེ་ཁུལ་དུ་སྐྱེལ་བ”དང“12345”སོགས་ཀྲི་པུའི་འཛུགས་སྐྲུན་གསར་གཏོད་བྱེད་སྟངས་དེ་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཕུལ་བྱུང་དཔེ་གཞིར་བདམས། སྤྱོད་སྟངས་འཛུགས་སྐྲུན་གཏིང་ཟབ་ཏུ་བཏང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་གི་གཙོ་གཞིའི་འགན་འཁྲི་དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། ཞིང་ཆེན་དམངས་ཆེན་གྱི་སྡེ་ཁག་ཏུ་སྡོད་པའི་ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་སྐུལ་ཚོགས་པས་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱས། ཧུར་ཐག་གིས་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལ་གཞོགས་འདེགས་བྱས་པ་དང་། སྐོར་ཞིབ་ཀྱི་དག་ཐེར་ཡོ་བསྲང་གི་“མཇུག་འཕྲོའི་ལས་ཚན”ཏན་ཏིག་གིས་ལེགས་པར་བསྒྲུབས། མི་བསྐོ་སྤྱོད་ཀྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ལས་བྱེད་ཀྱི་བསྐོ་སྤྱོད་དང་དོ་དམ་ལ་ཤུགས་བསྣན་ཞིང་། ནན་ཏན་གྱིས་དོ་དམ་དང་། དྲང་ཕྱོགས་ལ་སྐུལ་ལྕག་བཏང་ནས། བློ་དཀར་ཞིང་སྤྱོད་པ་གཙང་ལ་ཁག་འགན་ཁུར་བ་བཅས་ལྡན་པའི་ལས་བྱེད་ཀྱི་དཔུང་སྡེ་གསར་སྐྲུན་བྱས། བདེན་འཚོལ་དངོས་གཉེར་གྱི་བྱ་བའི་སྤྱོད་སྟངས་ཤུགས་ཆེན་པོས་དར་སྤེལ་བཏང་སྟེ། ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་བྱེད་ཐབས་འགའ་ཤས་བཅས་ནན་ཏན་གྱིས་ལག་བསྟར་བྱས་པ་དང་། གཞི་རིམ་དུ་ཟབ་ཞུགས་བྱས་ནས་གནས་ཚུལ་རྒྱུས་ལོན་དང་། གནད་དོན་ཐག་བཅད་ལ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་གང་ཐུབ་བྱས། གསར་འགྱུར་དྲིལ་སྒྲོག་དང་གཞུང་ལུགས་ཞིབ་འཇུག་གི་བྱ་བར་ཏན་ཏིག་གིས་སྐུལ་འདེད་བཏང་བ་དང་། རྒྱལ་ཡོངས་དམངས་ཆེན་དང་ཞིང་ཆེན་ཏང་ཨུས་དམངས་ཆེན་བྱ་བའི་ཆ་འཕྲིན་ལེགས་པོ་མང་པོ་ཁྱབ་སྤེལ་བཏང་ཞིང་། བརྟག་ཞིབ་སྙན་ཞུ13དེ་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གི་བརྟག་ཞིབ་སྙན་ཞུར་བདམས། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་གཞུང་དོན་ཐིན་ལ“ཞིང་ཆེན་ཡོངས་ཀྱི་ཏང་སྲིད་ཁོངས་གཏོགས་ཀྱི་གཞུང་དོན་ཐིན(ཁང)གི་སྔོན་ཐོན་ཐུན་མོང”དང་། “ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གསར་སྐྲུན་གྱི་དཔེ་སྟོན་ལས་ཁུངས”“ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང”“ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པ་བྱ་བའི་སྔོན་ཐོན་ཐུན་མོང”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ། མཚོ་ནུབ་ཁུལ་གྱིས་ཁུལ་ཡོངས་ཀྱི་དམངས་ཆེན་ཁོངས་གཏོགས་ཀྱི་ནུས་ཤུགས་མཐོར་འདེགས་ཏན་ཏིག་གིས་སྤེལ་བ་དང་། དམངས་ཆེན་འཐུས་མི་དང་དམངས་ཆེན་ལས་བྱེད་པའི་འགན་སྒྲུབ་ཕན་ནུས་ནན་ཏན་གྱིས་ཇེ་ལེགས་སུ་བཏང་། དམངས་ཆེན་བྱ་བའི་སྤྱིའི་ནུས་ཤུགས་མཉམ་འདོན་མཐོར་འདེགས་བཏང་། “བསམ་བཀོད་གཅིག”གི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། རང་འགུལ་ངང་རྒྱལ་ཡོངས་དམངས་ཆེན་ལ་ཡར་ཞུ་དང་འབྲེལ་སྦྱོར་བྱ་རྒྱུར་ཤུགས་བསྣན་ནས་རྒྱལ་ཡོངས་དམངས་ཆེན་གྱི་རྒྱུན་ཨུ་ཁང་གིས་མཚོ་སྔོན་དུ་ཁྲིམས་བསྟར་ཞིབ་བཤེར་དང་། ཁྲིམས་འཛུགས་བརྟག་ཞིབ། འཐུས་མིར་གཟིགས་ཞིབ་སོགས་ཀྱི་བྱ་བ་སྤེལ་བར་གཞོགས་འདེགས་ལེགས་པོ་བྱས། ཞིང་ཆེན་ཡོངས་ཀྱི“ཤང་དང་གྲོང་རྡལ་གྱི་དམངས་ཆེན་འཛུགས་སྐྲུན་བྱེད་པའི་ལོ་འཁོར”མཐོར་འདེགས་འགུལ་སྐྱོད་དང“ཁང་གཉིས་སྟེགས་གཅིག”གི་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པའི་སྐུལ་འདེད་ཚོགས་འདུ་བསྡུས་ནས། “ཁང་གཉིས”2022བསྐྲུན་ནས་དེ་ཤང་ངམ་གྲོང་རྡལ(སྲང་ལམ)དང་གྲོང་ཚོ(སྡེ་ཁུལ)བཅས་ལ་གཞི་རྩའི་ཆ་ནས་ཡོངས་སུ་ཁེབས་པར་བྱས་པས། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་། “ཤེས་རིག་དམངས་ཆེན”འཛུགས་སྐྲུན་ལ་ཏན་ཏིག་གིས་སྐུལ་འདེད་བཏང་བ་དང་། གྲངས་གཞི་ནུས་སྩོལ་གྱི་དམངས་ཆེན་ལ་བརྟེན་ནས་དམངས་འཐུས་ཚོགས་ཆེན་གྱི་འགན་འཁྲི་བསྒྲུབས། གོང་འོག་འབྲེལ་གཏུག་གི་མཉམ་འགུལ་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་པ་དང་། དུས་བཀག་ལྟར་ངོ་བཅར་དང་། བསམ་འཆར་ལ་ཉན་པ། མཉམ་འགུལ་ཁྲིམས་བསྟར་ཞིབ་བཤེར། འཐུས་མིས་མཉམ་འབྲེལ་ལྟ་ཞིབ་སོགས་ཀྱི་རྣམ་པ་བརྒྱུད་དེ། རིམ་པ་སོ་སོའི་དམངས་ཆེན་གྱི་སློབ་སྦྱོང་སྤེལ་རེས་དང་བྱ་བ་མཉམ་སྒྲུབ་ལ་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་དམངས་ཆེན་གྱི་བྱ་བའི་ནུས་ཤུགས་མཉམ་འདོན་དང་སྤྱིའི་ཕན་འབྲས་མངོན་གསལ་གྱིས་ཇེ་ཆེར་ཕྱིན།

འཐུས་མི་རྣམ་པ། འདས་པའི་ལོ་གཅིག་རིང་གི་རྒྱུན་ཨུ་ཁང་གི་བྱ་བར་གྲུབ་འབྲས་གསར་པ་བླངས་པ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གྱི་གྲུབ་འབྲས་ཡིན་ལ། ཞིང་ཆེན་ཏང་ཨུའི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ཁང་གིས་མཛུབ་སྟོན་ཞིབ་ཚགས་གནང་བའི་གྲུབ་འབྲས་ཀྱང་ཡིན། ཞིང་ཆེན་གྱི“གཞུང་གཅིག་ཨུ་གཅིག་ཁང་གཉིས”དང་ཞིང་ཆེན་སྲིད་གྲོས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་གྲུབ་འབྲས་ཡིན་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ་ལས་ཁུངས་སོ་སོས་གཞོགས་འདེགས་དམ་ཟབ་བྱས་པའི་འབྲས་བུ་ཡང་ཡིན། དམངས་ཆེན་འཐུས་མི་ཡོངས་ཀྱི་ཁག་ཁུར་འགན་སྒྲུབ་དང་རིམ་པ་སོ་སོའི་དམངས་ཆེན་དང་དེའི་རྒྱུན་ཨུ་ཁང་གིས་མཉམ་དུ་འབད་བརྩོན་བྱས་པའི་འབྲས་བུ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དམངས་ཆེན་བྱ་བར་ཧུར་ཐག་གིས་ཞུགས་པ་དང་ཡིད་ཆེས་གང་ལེགས་གནང་བའི་འབྲས་བུ་ཡང་ཡིན། དེར་བརྟེན། ངས་འདི་ནས་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཚབ་བྱས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བླ་ན་མེད་པའི་གུས་འདུད་ཞུ་བ་ཡིན།

གྲུབ་འབྲས་ཁས་ལེན་པ་དང་ཆབས་ཅིག ང་ཚོས་ཀྱང་བྱ་བའི་ཁྲོད་ད་དུང་གནད་དོན་དང་མི་འདང་ས་གནས་ཡོད་པ་གསལ་བོར་ཤེས་པ་སྟེ། གཙོ་བོ་ནི་ཁྲིམས་འཛུགས་བྱ་བས་བཅོས་སྒྱུར་དང་འཕེལ་རྒྱས་ལ་འདེགས་སྐྱོར་དང་སྐུལ་འདེད་བྱེད་ཤུགས་ད་དུང་མི་འདང་བ་དང་། སྤུས་ཚད་དང་སྤུས་འབྲས་སྔར་བས་མཐོ་རུ་གཏོང་དགོས་པ། ལྟ་སྐུལ་བྱ་བའི་རྣམ་པ་དང་བྱེད་ཐབས་ད་དུང་ཕུན་སུམ་ཚོགས་པོ་མེད་པ་དང་། ལྟ་སྐུལ་གྱི་བཙན་ཤུགས་སྔར་བས་ཇེ་དྲག་ཏུ་གཏོང་དགོས་པ། འཐུས་མིས་ཁྲིམས་ལྟར་འགན་སྒྲུབ་པའི་བྱེད་ཐབས་དང་ཐབས་ཤེས་ལ་ད་དུང་ཤུགས་སྣོན་དགོས་པ་དང་། འགན་སྒྲུབ་ཀྱི་ནུས་པ་ད་དུང་སྔར་བས་མཐོར་འདེགས་གཏོང་དགོས་པ། དམངས་ཆེན་དང་དེའི་རྒྱུན་ཨུ་ཁང་གི་གྲོས་དོན་ལམ་ལུགས་དང་བྱ་བའི་ལམ་ལུགས་ཁ་ཤས་ལ་ད་དུང་གསར་གཏོད་དང་འཐུས་ཚང་དུ་གཏོང་དགོས་པའི་ཆ་ཡོད་པས་སྔར་བས་འཐུས་སྒོ་ཚང་བར་བྱ་དགོས་པ་བཅས་སོ། ། དེར་བརྟེན། ང་ཚོས་ཚད་མཐོའི་མཐོང་ཆེན་བྱས་ཏེ། དེ་དག་ཐག་གཅོད་པར་ཏན་ཏིག་གིས་སྐུལ་འདེད་གཏོང་རྒྱུ་ཡིན།

འཐུས་མི་རྣམ་པ། 2022ལོ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཡོངས་སུ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པར་འཇུག་པའི་ལོ་གལ་ཆེན་ཞིག་ཡིན་ལ། ལོ་འདིར་ང་ཚོའི་ཏང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཉི་ཤུ་བ་འཚོག་རྒྱུ་དང་། རང་ཞིང་གིས་ཀྱང་ཏང་གི་འཐུས་མི་ཚོགས་ཆེན་བཅུ་བཞི་བ་འཚོག་རྒྱུ་ཡིན། ད་ལོའི་བྱ་བ་ལེགས་པོར་བསྒྲུབ་པའི་འགན་འཁྲི་ལྕི་ཞིང་། འོས་འགན་རླབས་ཆེན་རེད། སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་ནན་ཏན་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་དང་། ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་། ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་པ་བཅས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་འཛུགས་སྐྲུན་གྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་གཏོང་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་ནང་དོན་ལ་ངེས་ཤེས་ཟབ་མོ་ལེན་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པ་བཅས་བྱེད་པ། ཏང་གི་མགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ནུས་ལྡན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ། བརྟན་འཇགས་གནད་དུ་འཛིན་པ་དང་། བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱེད་པ་དང་། གོང་སྤེལ་གྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་། གོང་སྤེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། གོང་སྤེལ་གྱི་རྣམ་པ་གསར་པར་མཉམ་བསྲེ་བྱེད་པ། སྤུས་ཚད་མཐོ་བའི་གོང་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལག་བསྟར་དང་། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་པ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བཅས་ལ་དམིགས་པ། ཞིང་ཆེན་ཏང་ཨུའི“བློ་བརྟན་འགྱུར་མེད་ལྔའི”དམིགས་འབེན་བླང་བྱ་ལྟར། མུ་མཐུད་དུ་གོ་རིམ་ཡོངས་སུ་དམངས་གཙོ་གོང་སྤེལ་གཏོང་བ་དང་། དུས་རབས་གསར་པའི་དམངས་ཆེན་བྱ་བར་སྔར་བས་ཤུགས་སྣོན་པ་དང་ལེགས་བཅོས་གཏོང་བ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་གནང་བའི་བྱ་བའི་འགན་འཁྲི་བློ་དཀར་གཞུང་དྲང་གིས་ལག་བསྟར་བྱེད་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཡོངས་སུ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བར་བྱས་རྗེས་གསར་པ་འཇོག་དགོས།

གཅིག་ནས་ཆབ་སྲིད་འཛུགས་སྐྲུན་གྱིས་གཅིག་འདོམས་བྱས་ཏེ། ཏང་གིས་དམངས་ཆེན་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པ་དེ་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། མུ་མཐུད་དུ་ཏང་གི་གསར་སྐྲུན་གཞུང་ལུགས་སྤྱད་ནས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་མཐོར་འདེགས་གཏོང་དགོས། “གཏན་ཁེལ་གཉིས”ཀྱི་རྨང་རྡོ་བརྟན་པོར་གཏོང་བ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པ་བཅས་བྱ་དགོས། ཀྲུང་དབྱང་གི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཀྲུང་དབྱང་གི་དུས་རབས་གསར་པར་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། དམངས་ཆེན་གྱི་བྱ་བར་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པ་བཅས་ཀྱི་དགོངས་འཆར་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱ་དགོས། རྒྱུན་ཨུ་ཁང་གི་ཏང་ཙུའུ་ཡི་ནུས་པ་འདོན་སྤེལ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་ལ་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ནན་ཏན་གྱིས་ལག་བསྟར་བྱས་ཏེ། དམངས་ཆེན་གྱི་བྱ་བ་སྣ་ཚོགས་རྣམ་པ་ཀུན་ཏུ་ཏང་གི་མགོ་ཁྲིད་འོག་ནས་སྤེལ་བར་འགན་ལེན་བྱེད་པ་དང་། དམངས་ཆེན་བྱ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པར་ཁག་ཐེག་བྱ་དགོས། དུས་རབས་གསར་པའི་དམངས་ཆེན་བྱ་བའི་གནས་ཐིག་དང་ལས་འགན་གནད་འཁེལ་ཡོང་བར་བྱེད་པ་དང་། བརྟག་ཞིབ་གཏིང་ཟབ་བྱེད་པའི་རྨང་གཞིའི་སྟེང་། ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ལེགས་པོར་འཚོག་པར་གཞོགས་འདེགས་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་དུས་རབས་གསར་པའི་དམངས་ཆེན་གྱི་བྱ་བར་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་འཆར་སྔར་བས་འཐུས་ཚང་དུ་བཏང་ནས། དུས་རབས་གསར་པའི་དམངས་ཆེན་གྱི་བྱ་བ་དུས་བསྟུན་ལྷན་སྐྱོད་དང་གསར་གཏོད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

གཉིས་ནས་གོ་རིམ་ཡོངས་སུ་དམངས་གཙོ་གོང་སྤེལ་གཏོང་བ་དེ་རང་འགན་དུ་བརྩིས་ཏེ། དམངས་ཆེན་བྱ་བའི་སྤུས་ཚད་དང་ཆུ་ཚད་བསྟུད་མར་མཐོར་འདེགས་གཏོང་དགོས། རང་རྟོགས་ཀྱིས་གོ་རིམ་ཡོངས་སུ་དམངས་གཙོ་གོང་སྤེལ་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཁག་ཏུ་འཁུར་ཏེ། གོ་རིམ་ཡོངས་སུ་དམངས་གཙོ་ཡོང་བ་དེ་སྔར་བས་ཞིབ་ཕྲ་དང་། སྔར་བས་དངོས་དོན་གྱིས་ལེགས་པོར་མངོན་པ་དང་། དོན་འཁྱོལ་ལེགས་པོ་བྱེད་པ། གོང་སྤེལ་ལེགས་པོ་གཏོང་བ་བཅས་བྱ་དགོས། ཁྲིམས་འཛུགས་ཀྱིས་མི་དམངས་ཀྱི་ལངས་ཕྱོགས་མཚོན་པ་དང་མི་དམངས་ཀྱི་བསམ་ཚུལ་མཚོན་པ་རྒྱུན་འཁྱོངས་བྱ་དགོས། ཁྲིམས་འཛུགས་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་མུ་མཐུད་དུ་འཐུས་ཚང་གཏོང་བ་དང་། མི་དམངས་མང་ཚོགས་ཁྲིམས་འཛུགས་བྱ་བའི་གོ་རིམ་ཡོངས་སུ་ཞུགས་པ་རྒྱ་སྐྱེད་གཏོང་དགོས། གཙོ་བོར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས། ཞིང་པའི་ཆེད་ལས་མཉམ་ལས་ཁང་། དམངས་ཡོངས་ཀྱི་ལུས་སྦྱོང་། ཉེན་དོན་གཞོགས་འདེགས་མི་སྣའི་དོ་དམ། གློག་སྐས་བདེ་འཇགས་སོགས་ཐད་ཀྱི་ཁྲིམས་འཛུགས་ལ་གཙོ་བོར་དམིགས་ཏེ། ཁེ་ལས་འབྲིང་ཆུང་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ཀྱི་ལག་བསྟར་བྱེད་ཐབས་སོགས་ལ་བཟོ་བཅོས་རྒྱག་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོ་དང་རང་སྐྱོང་རྫོང་སོ་སོའི་ཁྲིམས་སྲོལ་སྲོལ་ཡིག་ལ་ཞིབ་བཤེར་བྱས་ནས་ཆོག་མཆན་འགོད་དགོས། མི་དམངས་ཀྱི་ཁེ་དབང་ལ་ལྟ་སྐུལ་སྲུང་སྐྱོང་བྱེད་པ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་རྒྱུན་འཁྱོངས་བྱ་དགོས། ལྟ་སྐུལ་བྱ་བའི་རྐྱེན་སྲོལ་དང་བྱེད་སྟངས་བྱེད་ཐབས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གེགས་རྐྱེན་བཟོ་བའི་འགལ་བ་དང་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་བླང་བྱ་གསར་པ་དང་རེ་སྒུག་གསར་པར་ཧུར་ཐག་གིས་ཕྱིར་ལན་སློག་དགོས། གཙོ་བོར་ཚན་རྩལ་གྲུབ་འབྲས་འཕོ་སྒྱུར་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བཅའ་ཁྲིམས་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས། རྒན་རྒོན་གྱི་ཁེ་དབང་འགན་སྲུང་བྱེད་པའི་བཅའ་ཁྲིམས། འབྲི་ཆུའི་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་སོགས་ལ་ཁྲིམས་བསྟར་གྱི་ཁྲིམས་བཤེར་སྤེལ་དགོས། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་དམིགས་འབེན་ལེགས་འགྲུབ་བྱས་པའི་གནས་ཚུལ་དང་། ཁོར་ཡུག་ཐོན་ཁུངས་ཀྱི་འདྲི་གཅོད་བྱ་བ། སྤྱི་ཕན་གཞུང་གཏུག་ཞིབ་དཔྱོད། རྒྱལ་ཁོངས་བར་སྟོང་གི་འཆར་འགོད་སྒྲིག་བཟོ། སློབ་གསོའི“སྙུང་གཉིས”ཀྱི་བྱ་བ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་འཛུགས་སྐྲུན། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་འཛུགས་སྐྲུན། རྒྱལ་དབང་རྒྱུ་ནོར་དོ་དམ་སོགས་ཀྱི་གནས་ཚུལ་སྙན་ཞུ་ལ་ཉན་ནས་གྲོས་ཞིབ་བྱེད་དགོས་པ་མ་ཟད། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་འཛུག་སྐྲུན་གྱི་བྱ་བར་ཆེད་དོན་འདྲི་རྩད་བྱེད་པར་སྐུལ་འདེད་གཏོང་དགོས། འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་རྟེན་གཞི་འཛུགས་སྐྲུན་དང་། དམག་དོན་སྒྲིག་བཀོད་ཀྱི་སྲུང་སྐྱོང་། ཁོལ་འཁྱུར་དམག་མིའི་འགན་སྲུང་། ཁྱིམ་ཚང་གི་སློབ་གསོ། དུས་རབས་གསར་པའི་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁྲིམས་འཛུགས་བྱ་བའི་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་ཆེད་དོན་བརྟག་དཔྱད་ཞིབ་འཇུག་བྱ་དགོས། ཐོ་འགོད་ཞིབ་བཤེར་ལམ་ལུགས་དང་ནུས་པ་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་དགོས། ཆོད་དོན་དང་བསྐོ་འཐེན་ལས་མི་དམངས་ཀྱི་འདོད་བློ་དང་བསམ་འདུན་མངོན་པ་རྒྱུན་འཁྱོངས་བྱ་དགོས། དོན་དག་གལ་ཆེན་ལ་གྲོས་བསྡུར་དང་ཐག་གཅོད་པའི་བྱེད་ཐབས་བཟོས་ནས། བྱ་བའི་ཕན་འབྲས་མཐོར་འདེགས་གཏོང་དགོས། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གིས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་བསྐོ་གཞག་བྱས་རྗེས་ཀྱི་ལྟ་སྐུལ་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་པ་དང་། བསྐོ་གཞག་བྱས་པའི་མི་སྣའི་མི་དམངས་ཀྱི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། ལྟ་སྐུལ་གྱི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་དགོས།

གསུམ་ནས་དམངས་ཀྱི་འབོད་སྐུལ་ལྟར་ང་ཡིས་བརྩོན་སྙེག་བྱེད་པ་དེ་འགན་འཁྲིར་བཟུང་སྟེ། འཐུས་མིས་ཁྲིམས་ལྟར་འགན་འཁྲི་དང་དབང་ཆ་སྤྱོད་པར་སྔར་བས་རྒྱབ་སྐྱོར་དང་འགན་སྲུང་བྱ་དགོས། ཞིང་ཆེན་ཏང་ཨུ་དང་རྒྱུན་ཨུ་ཁང་གི་ཏང་ཙུའུ་ཡིས་བཏོན་པའི་དུས་རབས་གསར་པའི་དམངས་ཆེན་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས་པའི་ཡིག་ཆ་རབ་དང་རིམ་པ་དོན་འཁྱོལ་ནན་ཏན་དང་། འཐུས་མིའི་བྱ་བའི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་ཕྱོགས་བསྡོམས་དང་ཁྱབ་སྤེལ་བྱས་ཏེ། འཐུས་མིའི་བྱ་བའི་ལམ་ལུགས་སྣ་ཚོགས་ཡོངས་སུ་ཁྱབ་པའི་དོན་འཁྱོལ་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས། འཐུས་མིར་འབྲེལ་གཏུག་དང་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ནང་དོན་དང་། ཐབས་ལམ་དང་། རྣམ་པ་བཅས་སྔར་བས་ཕུན་སུམ་ཚོགས་པ་དང་རྒྱ་སྐྱེད་བཏང་སྟེ། མུ་མཐུད་དུ་འབྲེལ་གཏུག་ལམ་ལུགས་འཐུས་ཚང་དུ་གཏོང་བ། “ཁང་གཉིས་སྟེགས་གཅིག”གི་འཛུགས་སྐྲུན་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། “རིམ་པ་ལྔའི་འཐུས་མི་ཁང་གཉིས་སུ་འགྲོ་བ་དང་། མང་ཚོགས་ལ་འབྲེལ་གཏུག་བྱས་ཏེ་དངོས་དོན་བསྒྲུབ”ཅེས་པའི་བརྗོད་དོན་གཙོ་བོའི་བྱ་འགུལ་རྩ་འཛུགས་བྱས་ནས་སྤེལ་བ་དང་། དམངས་ཆེན་གྱི་འཐུས་མི་རྒྱུན་ཨུ་ཁང་གི་བྱ་བར་ཞུགས་པའི་ཟབ་ཚད་དང་ཁེབས་ཚད་བསྟུད་མར་རྒྱ་སྐྱེད་བཏང་སྟེ། འཐུས་མིའི་བྱ་བས་སྔར་བས་དམངས་འདུན་ལ་གཟིགས་ཞིབ་དང་། དམངས་ཀྱི་བློ་རིག་གཅིག་བསྡུ། དམངས་འཚོ་ལ་ཕན་པ་བཅས་ལ་ཁག་ཐེག་བྱེད་དགོས། བསྟུད་མར་སྤུས་ཚད་མཐོན་པོས་འཐུས་མིའི་གྲོས་གཞི་དང་གྲོས་མགོ་སྒྲུབ་གཉེར་གྱི་བྱ་བ་ལེགས་པོར་བསྒྲུབ་པ་དང་། ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། ལྟ་སྐུལ་ཞིབ་བཤེར་དང་སྒྲུབ་གཉེར་ལ་ཤུགས་བསྣན་ཏེ། གྲོས་གཞི་བསྒྲུབ་པའི་སྤུས་ཚད་མཐོར་འདེགས་གཏོང་དགོས། དམངས་ཆེན་གྱི་འཐུས་མིའི་སློབ་སྦྱོང་གསོ་སྦྱོང་དང་ལས་དོན་སྤེལ་རེས་ལ་ཤུགས་བསྣན་ནས་འཐུས་མིས་འགན་འཁྲི་བསྒྲུབ་པའི་ནུས་པ་མུ་མཐུད་དུ་མཐོར་འདེགས་གཏོང་དགོས།

བཞི་ནས“སྡེ་ཁག་བཞིའི”འཛུགས་སྐྲུན་འཆང་བཟུང་བྱས་ཏེ། རང་ངོས་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་དགོས། ཁྲིམས་ལྟར་ཚན་རིག་དང་ཚད་ལྡན་ངང་ནན་ཏན་བྱེད་པའི་འདུ་ཤེས་བརྟན་པོར་བཙུགས་ནས་ལག་བསྟར་ནན་ཏན་བྱེད་པ་དང་། དམངས་ཆེན་གྱི་ཆབ་སྲིད་རང་བཞིན་དང་། དམངས་གཙོ་རང་བཞིན། ཁྲིམས་སྐྱོང་རང་བཞིན། མི་དམངས་རང་བཞིན་བཅས་གཅིག་གྱུར་འོས་མཐུན་ཡོང་བར་བྱས་ཏེ། “སྡེ་ཁག་བཞིའི”འཛུགས་སྐྲུན་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་གི་གཙོ་གཞིའི་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་དགོངས་དོན་ནན་ཏན་གྱིས་དོན་འཁྱོལ་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ནས། ཏང་འཛུགས་སྐྲུན་བྱ་བ་དེ་དམངས་ཆེན་གྱི་བྱ་བ་དང་མཉམ་འདྲེས་ཟབ་མོ་ཡོང་བ་དང་། ཕན་ཚུན་ལ་སྐུལ་ཁྲིད་ཐུབ་པར་སྐུལ་འདེད་གཏོང་དགོས། མི་རྩ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་གིས་ཆབ་སྲིད་བརྟན་པོ་དང་། མི་དམངས་ལ་ཞབས་ཕྱི་བསྒྲུབ་པ། ཁྲིམས་སྐྱོང་གོང་དུ་བཀུར་བ། དམངས་གཙོ་དར་སྤེལ་གཏོང་བ། བརྩོན་པས་འགན་སྒྲུབ་བཅས་ལྡན་པའི་དམངས་ཆེན་གྱི་བྱ་བའི་དཔུང་སྡེ་བསྐྲུན་དགོས། གོ་རིམ་ཡོངས་སུ་མི་དམངས་དམངས་གཙོ་གོང་སྤེལ་གཏོང་བ་སོགས་ཀྱི་ཞིབ་འཇུག་བརྗོད་གཞི་ལ་དམ་པོར་དམིགས་ནས། གཞུང་ལུགས་ཞིབ་འཇུག་དང་དྲིལ་སྒྲོག་གསལ་བཤད་སྔར་བས་གཏིང་ཟབ་ཏུ་འགྱུར་བར་བྱེད་པ་དང་། རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ལག་ལེན་གྱི་ཁྱད་ཆོས་དང་། དུས་རབས་ཀྱི་ཁྱད་ཆོས་མུ་མཐུད་དུ་ཕུན་སུམ་ཚོགས་པར་གཏོང་དགོས། རྒྱལ་ཡོངས་དམངས་ཆེན་ལ་ཕྱོགས་མང་པོ་ནས་འབྲེལ་གཏུག་བརྗེ་རེས་བྱེད་པར་ཤུགས་སྣོན་པ་དང་། གཞི་རིམ་གྱི་དམངས་ཆེན་གྱི་བྱ་བར་མཛུབ་སྟོན་བྱེད་པ་ཇེ་དྲག་ཏུ་གཏོང་བ། “དམངས་ཆེན་གྱི་བྱ་བ་དོན་འཁྱོལ་བྱེད་པའི་ལོ་འཁོར”དང“ཤང་དང་གྲོང་རྡལ་གྱི་དམངས་ཆེན་འཛུགས་སྐྲུན་བྱེད་པའི་ལོ་འཁོར”གྱི་བྱ་འགུལ་དང“ཁང་གཉིས་སྟེགས་གཅིག” འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་མཐོར་འདེགས་གཏོང་དགོས། ཆ་འཕྲིན་ཅན་གྱི་བྱ་བའི་བརྒྱུད་རིམ་དང་འཁོར་སྐྱོད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། “རིག་ནུས་དམངས་ཆེན”འཛུགས་སྐྲུན་བྱེད་པ་དེ་ཁུལ་དང་རྫོང་དང་ཤང་བཅས་སུ་བསྲིང་བར་སྐུལ་འདེད་བཏང་སྟེ། འཐུས་མིའི་འགན་སྒྲུབ་ལ་ཕན་འབྲས་ཆེ་བའི་ཞབས་ཕྱི་འདོན་སྤྲོད་གཏོང་དགོས།

འཐུས་མི་རྣམ་པ། དུས་རབས་གསར་པར་རྣམ་པ་གསར་པ་མངོན་པ་དང་། རྒྱང་སྐྱོད་གསར་པས་བྱས་རྗེས་གསར་པ་འཇོག་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་ནས་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག དཀའ་སྤྱད་ཡར་བརྩོན་དང་། འབད་འབུངས་ཡར་རྒྱས། ཁྲིམས་ལྟར་འགན་སྒྲུབ། ཁག་འཁུར་ལས་སྒྲུབ་བྱེད་པ་དང་། དུས་རབས་གསར་པའི་དམངས་འཐུས་ཚོགས་ཆེན་བྱ་བར་རྣམ་པ་གསར་པ་ཞིག་ཧུར་ཐག་གིས་གསར་སྐྲུན་བྱེད་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཡོངས་སུ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བར་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས་ལ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་བཅུ་བཞི་བ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱ་དགོས་སོ། ། ། །

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ།

ཡོང་ཁུངས། ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་།

རྩོམ་སྒྲིག་པ། སུང་ཆི།