མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ།
ཡོང་ཁུངས། ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་།
རྩོམ་སྒྲིག་པ། སུང་ཆི།
སྤེལ་དུས། 2022-02-10 16:29:00
ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་ཡིག་ཆ། (བཅོ་བརྒྱད)
2022ལོའི་ཟླ1པོའི་ཚེས23ཉིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་སྟེང་།
མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཀྲང་ཙེ་ཅུན།
འཐུས་མི་རྣམ་པ།
ད་ལྟ་ངས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་དང་། ཞིང་ཆེན་གྱི་སྲིད་གྲོས་ཨུ་ཡོན་དང་གྲོས་ཚོགས་ལ་ཟུར་ཞུགས་གནང་བའི་བློ་མཐུན་རྣམ་པས་དགོངས་འཆར་འདོན་རོགས་ཞུ།
2021ལོའི་བྱ་བ་གཅོ་བོ།
2021ལོར། ཞིང་ཆེན་ཏང་ཨུའི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་དང་ཞིང་ཆེན་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ནུས་ལྡན་འོག ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནན་ཏན་སྒོས་ལག་ལེན་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་དང་། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་དུ་བསྟར་ཞིང་། བློ་ཐག་རྦད་ཆོད་ཀྱིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱས་པ་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་གྲོས་ཆོད་ནན་ཏན་སྒོས་ལག་ལེན་བྱས་ཤིང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ལས་འགན་རྣམ་དག་གིས་ལག་བསྟར་བཅས་བྱས་ནས། བྱ་བ་ཁག་ལ་གྲུབ་འབྲས་ངེས་ཅན་ཞིག་བླངས་ཡོད། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི་སྣ་ཚོགས165199དང་ལེན་བྱས་ཤིང་། གྱོད་གཞི144131འདྲི་གཅོད་མཇུག་སྒྲིལ་བ་དང་། དུས་མཉམ་དང་བསྡུར་ན24.11%དང16.77%འཕར། དེའི་ཁྲོད་དུ་ཞིང་ཆེན་ཁྲིམས་ཁང་གིས་གྱོད་གཞི3154དང་ལེན་བྱས་པ་དང་གྱོད་གཞི2589འདྲི་གཅོད་མཇུག་སྒྲིལ། དུས་མཉམ་དང་བསྡུར་ན31.86%དང32.83%འཕར། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་སྔོན་ཐོན་ཐུན་མོང36དང་སྔོན་ཐོན་མི་སྣ102། ཁྲིམས་ཁང་གི་དཔའ་བོ་དཔེ་ལེགས་ཅན26བཅས་ལ་གཟེངས་བསྟོད་ཐོབ་པ་དང་། མདོ་ལ་རྫོང་ཁྲིམས་ཁང“རྒྱལ་ཡོངས་ཀྱི་ཕུལ་བྱུང་ཁྲིམས་ཁང”དུ་བདམས་ཐོན་བྱུང་ཞིང་། ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་ཁྲིམས་ཁང་གི་ཡོན་ཀྲང་ཁྲེང་ཀྲི་ཞིའུ2021ལོའི་རྒྱལ་ཡོངས་མི་དམངས་ཁྲིམས་ཁང་གི་ཆེས་ལེགས་པའི་མི་སྣ་བཅུ་རུ་བདམས་ཐོན་བྱུང་།
གཅིག ཆབ་སྲིད་ཀྱི་ཚད་གཞི་ལས་བློ་དཀར་དང་སྤྱོད་གཙང་། ཁག་ཁུར་བཅས་ལྡན་པའི་ཁྲིམས་ཁང་གི་དཔུང་སྡེ་བསྐྲུན།
བསམ་བློའི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་བསྣན། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་བསམ་བློའི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་པ་དེ་འོས་འགན་དང་པོར་བརྩིས། མར་ཁེ་སི་རིང་ལུགས་དང་དེའི་ཀྲུང་གོ་ཅན་གྱི་གསར་བསྐྲུན་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གོ་སྐབས་སུ་བཟུང་སྟེ། ཕུགས་བསམ་དད་སེམས་བརྟན་པོ་དང་ཆབ་སྲིད་ཀྱི་བློ་དཀར་བརྟན་པོ་བཙུགས། “འདུ་ཤེས་བཞི” ཇེ་ཟབ་དང“རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས། ཏང་གིས་ཁྲིམས་ཁང་བྱ་བར་མགོ་ཁྲིད་མཐའ་གཅིག་ཏུ་བྱེད་པ་དེ་རྒྱུན་འཁྱོངས་བྱས་ནས་ཁྲིམས་ཁང་གི་བྱ་བའི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཁག་ཐེག་བྱས།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གྱི་བཀོད་སྒྲིག་གལ་ཆེན་ལག་ལེན་དོན་འཁྱོལ་བྱས་པ་དང་། ནན་ཏན་སྒོས་ལས་བྱེད་ཉེན་རྟོག་པ་རྩ་འཛུགས་བྱས་ཏེ་ཏང་གི་ལོ་བརྒྱའི་དཀའ་སྤྱད་འབད་བརྩོན་དང་། དཀའ་སྡུག་དང་འོད་སྟོང་ལྡན་ཞིང་། རླབས་ཆེ་བརྗིད་ཉམས་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་གཏིང་ཟབ་སྒོས་བྱས་པ་དང་། ཏང་གི་ལོ་རྒྱུས་ཆེད་དོན་འགྲེམ་སྟོན་ལ་ལྟ་སྐོར་དང་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་ནས་ཏང་གི་སློབ་ཁྲིད་བྱེད་པ། ལྟེ་བའི་ཚན་ཁག་གི་སློབ་སྦྱོང་དང་བགྲོ་གླེང་། “ངས་མང་ཚོགས་ལ་དོན་དངོས་སྒྲུབ་པ”། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་འཚོགས་པ་སོགས་བརྒྱུད་ནས་ལས་བྱེད་ཉེན་རྟོག་པར་གཏིང་ཟབ་པའི་ཆབ་སྲིད་སློབ་གསོ་དང་བསམ་བློའི་ཞུན་བརྡར། བསམ་བློའི་ཞབས་ཁྲུས་ཐེངས་ཤིག་བྱས་པ་མ་ཟད། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་དང་ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གོ་བ་གཏིང་ཟབ་ཏུ་བཏང་ཞིང་། གོམ་གང་མདུན་སྤོས་ཀྱིས་བསམ་བློའི་སྟོབས་ཤུགས་ཆེན་མོ་རྟོགས་པ་དང་མི་དམངས་ལ་བཅངས་པའི་བརྩེ་སེམས་གཏིང་ཇེ་ཟབ། གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་པར་བྱས། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་ལས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། ལོ་རྒྱུས་བསླབས་ནས་གནས་ལུགས་རྟོགས་པ་དང་། ལོ་རྒྱུས་བསླབས་ནས་དད་སེམས་བསྐྱེད་པ། ལོ་རྒྱུས་བསླབས་ནས་སྤྱོད་བཟང་བསྟེན་པ། ལོ་རྒྱུས་བསླབས་ནས་ལག་ཏུ་བསྟར་བ་བཅས་བྱས་པ་མ་ཟད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆབ་སྲིད་ཀྱི་བླང་བྱ་དེ་ཁྲིམས་ཁང་གི་བྱ་བར་སྐུལ་འདེད་དང་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་ཀྱི་རང་རྟོགས་སུ་བསྒྱུར། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་དམངས་ཀྱི་དོན་དངོས་སྒྲུབ་པའི་བྱེད་ཐབས1220གཏན་འབེབས་བྱས་པ་དང་། དམངས་ཀྱི་ཆེད་དུ་དོན་དངོས2850བསྒྲུབས།
དཔུང་སྡེ་སློབ་གསོ་དག་ཐེར་ལ་ཏན་ཏིག་གིས་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ལྟ་བ་གསལ་སྟོན་སྒོས་ཆབ་སྲིད་ལ་དང་དོད་བྱེད་པ་དེ་དཔུང་སྡེ་སློབ་གསོ་དག་ཐེར་གྱི་བླང་བྱ་དང་པོར་བཟུང་ཞིང་། སློབ་སྦྱོང་སློབ་གསོ་དང་། རང་བཤེར་དག་ཐེར། སྤྱི་སྡོམ་མཐོར་འདེགས་བཅས་ཀྱི་ལྷུ་ཚིགས་དང་དམ་དུ་འབྲེལ་ནས། ཆབ་སྲིད་ཀྱི་བློ་དཀར་འཛུགས་པ་དང་། མང་ཚོགས་ལ་གནོད་པའི་མི་ངན་གཙང་སེལ་བྱེད་པ། བཅོས་དཀའི་གཅོང་ནད་བཅོས་སྐྱོང་བྱེད་པ། དཔའ་བོ་དཔེ་ལེགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་ཀྱི་ལས་འགན་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ཏན་ཏིག་སྒོས་ལག་ལེན་དོན་འཁྱོལ་བྱས། སློབ་སྦྱོང་རང་བཤེར་དང་གྱོད་གཞི་དཔྱད་བསྡུར་ཞིབ་བཤེར། སྐོར་གཡེང་ཞིབ་བཤེར་བརྒྱུད་དེ་མང་ཚོགས་ཀྱི་ཐེར་འདོན་ཁུངས་སྣེ་ཐག་གཅོད་མཇུག་སྒྲིལ་བ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་ལས་བྱེད་ཉེན་རྟོག་པར་ཐག་གཅོད་དང་ཆད་གཅོད་བྱས། “གཏན་འབེབས་གསུམ”གྱི་ཟིན་ཐོ་རེའུ་མིག་བཀོད་འབུལ་ལ་ཤུགས་བསྣན་པ་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་འབྲེལ་ཡོད་ཆ་འཕྲིན་སྤྱི་སྡོམ་ཁྲི4.5ལྷག་ཟིན་ཐོ་སྙན་ཞུ་བཀོད་དེ། ཁྲིམས་འཛིན་དྲང་གཞག་གི“མེ་འགོག་གྱང”སྔར་ལས་བརྟན་པོ་བཙུགས། ཉེ་བའི་ལོ་ངོ30རིང་གི་ཉེས་ཆད་ཇེ་ཡང་དུ་བཏང་བ་དང་། ཚོད་བགམ་གློད་གྲོལ། གནས་སྐབས་བཙོན་ཕྱིའི་ལག་བསྟར་བཅས་ཀྱི་གྱོད་གཞི་ལ་ཕྱོགས་ཡོངས་ནས་ལེབ་བཤེར་བྱས་ཏེ། ཁྲིམས་ལྟར་གནད་དོན་ཡོད་པའི་གྱོད་གཞི་དག་བཅོས་བྱས། ཞུ་གཏུག་ཁ་པར་གསར་འཛུགས་དང་སྐོང་འདྲི་གསལ་འདེབས། གཟབ་ནན་སྒོས་འགན་འཁྲི་བདའ་འདེད་བཅས་ཀྱི་ཐབས་ལམ་ལ་བརྟེན་ནས་ལོ་མཇུག་ལ་གྱོད་དོན་ཐོ་འགོད་མི་བྱེད་པའི་གནད་དོན་ཆེད་དམིགས་བཅོས་སྐྱོང་བྱས་པ་དང་། “གྱོད་དོན་ཡོད་ན་ངེས་པར་དུ་ཐོ་འགོད་བྱེད་པ་དང་གཏུག་བཤེར་ཡོད་ཚེ་ངེས་པར་དུ་འདྲི་ཞིབ་བྱེད་པའི”གཟི་བརྗིད་ལྡན་པའི་དམ་བཅའ་མངོན་འགྱུར་བྱས། ཁྲིམས་ལུགས་དང་ཞུ་གཏུག་ལ་འབྲེལ་བ་ཡོད་པའི་ཡིག་སྐུར་ངོ་བཅར་གྱི་གྱོད་གཞི་དཔྱད་བསྡུར་ཞིབ་བཤེར་སེལ་བའི་འགག་སྒྲོལ་བྱ་སྤྱོད་ནན་ཏན་གྱིས་སྤེལ་བ་དང་། ཞིང་ཆེན་ཁྲིམས་ཁང་གིས“བཞི་སྐོར་གཅིག”གི་བྱེད་ཐབས་སྤྱད་ནས་ཡིག་བསྐུར་ངོ་བཅར་གྱི་གྱོད་གཞི་སེལ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་བཅོས་དཀའི་གཅོང་ནད་བཅོས་སྐྱོང་དང་སྒྲིག་སྲོལ་ལམ་ལུགས་འཛུགས་པ་གཞི་གཅིག་ཏུ་སྐུལ་སྤེལ་བཏང་ནས། “བཅོས་དཀའི་གཅོང་ནད་དྲུག”ལེབ་བཤེར་བཅོས་སྐྱོང་བྱས་པ་དང་། སྒྲིག་སྲོལ་ལམ་ལུགས800ལྷག་བཙུགས་ཏེ་ཡུན་ཕན་རྟག་བཅོས་ལ་འགན་ལེན་ཏན་ཏིག་བྱས། དཔུང་སྡེ་སློབ་གསོ་དག་ཐེར་བརྒྱུད་དེ་ཁྲིམས་ཁང་ཁོངས་གཏོགས་ཀྱི་ཁྲིམས་འཛིན་གྱི་བཅོས་དཀའི་གཅོང་ནད་གོམ་གང་མདུན་སྤོས་ཀྱིས་བཅོས་སྐྱོང་བྱས་པ་དང་། ལས་བྱེད་ཉེན་རྟོག་པའི་བསམ་པའི་ཉམས་འགྱུར་སྔར་ལས་ཇེ་ལེགས་དང་། སྒྲིག་ཁྲིམས་སྤྱོད་ཚུལ་སྔར་ལས་ལེགས་འགྱུར། འདྲི་གཅོད་ཀྱི་སྤུས་ཚད་དང་ལས་ཕྱོད་སྔར་ལས་མཐོར་འདེགས་བཏང་།
ཁྲིམས་འཛིན་གྱི་སྤྱོད་ཚུལ་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་བསྣན། དུས་རབས་གསར་བའི“གླང་གསུམ་སྙིང་སྟོབས”དོན་འཁྱོལ་བྱས་ཏེ། ཁྲིམས་ཁང་གི་བྱ་བའི་སྤྱོད་ཚུལ་ངེས་པ་དོན་གྱིས་ལེགས་བཅོས་བཏང་། ཞིང་ཆེན་ཁྲིམས་ཁང་གིས་ན་གཞོན་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་ནས། ན་གཞོན་ལས་བྱེད་ཉེན་རྟོག་པས”གསོག་འཇོག་བཞི”ལ་དོ་སྣང་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་ཞིང་སྔར་ལས་ཆེ་བའི་གཟི་བརྗིད་ལ་བརྩོན་ལེན་བྱེད་པར་སྣེ་ཁྲིད་བྱས། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཏང་སྲོལ་སྲིད་གཙང་དང་རུལ་རྒོལ་བྱ་བའི་ཚོགས་འདུ་བསྡུས་ཏེ། “མགོ་འཛིན་དང་པོས”སྲིད་གཙང་གི་ཏང་གི་སློབ་ཁྲིད་བྱེད་པ་དོན་འཁྱོལ་བྱས་ཤིང་། ཚན་ཁག་གི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་བྱས། ཉེན་བརྡའི་སློབ་གསོ་ལ་ཤུགས་བསྣན་ནས《མཚོ་སྔོན་ཁྲིམས་ཁང་ལས་བྱེད་ཉེན་རྟོག་པའི་སྒྲིག་འགལ་ཁྲིམས་འགལ་དཔེ་མཚོན་གྱོད་གཞི་ཉེན་བརྡའི་ཟིན་ཐོ》རྩོམ་སྒྲིག་པར་འདེབས་བྱས་ཏེ། གམ་གྱི་གྱོད་དོན་ལ་བརྟེན་ནས་གམ་གྱི་མི་ལ་སློབ་གསོ་བཏང་། སྒྲིག་འགལ་སྒོས་སྐྱེས་དངུལ་སྐྱེལ་སྤྲོད་ཀྱི་གནད་དོན་བཅོས་སྐྱོང་གི་ཆེད་དོན་བྱ་འགུལ་སྤེལ་ཞིང་། མང་ཚོགས་གམ་གྱི་རུལ་སུངས་དང་ཚུལ་མིན་སྤྱོད་པའི་གནད་དོན་འབུར་ཐོན་མུ་མཐུད་དུ་གཏིང་ཟབ་སྒོས་བཅོས་སྐྱོང་བྱས་ཏེ། ཁྲིམས་འཛིན་སྤྱོད་གཙང་གི་ཚད་མཐའ་སྔར་ལས་བརྟན་པོར་བཏང་། སློབ་སྦྱོང་རང་བཞིན་གྱི་ཁྲིམས་ཁང་འཛུགས་སྐྲུན་ལ་ཤུགས་བསྣན་ནས་གསོ་སྦྱོང་ཐེངས18དང་སྐོང་འཐེན་སྦྱོང་བརྡར་ཐེངས62སྤེལ་བ། ལོ་ཧྲིལ་བོར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་ལས་བྱེད་ཉེན་རྟོག་པ་མི་ཐེངས6751ལ་གསོ་སྦྱོང་བྱས་ཏེ། ལས་བྱེད་ཉེན་རྟོག་པའི་བྱ་བའི་སྤྱོད་ཚུལ་དང་ཁྲིམས་འཛིན་ནུས་པ་མངོན་གསལ་སྒོས་མཐོར་འདེགས་བཏང་།
གཉིས། ཁྱོན་ཡོངས་ཀྱི་མཐོ་ཚད་ནས་ཁྲིམས་ལྟར་དཔལ་འབྱོར་སྤྱི་ཚོགས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་ཞབས་ཕྱི་དང་ཁག་ཐེག་བྱས།
ཁྲིམས་ཁང་གི་བྱ་བ་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་བྱ་བའི་ཁྲོད་དུ་ཇུས་འགོད་བྱེད་པ་རྒྱུན་འཁྱོངས་དང་། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཞིང་ཆེན་ཁྲིམས་ཁང་གིས《འདྲི་གཅོད་ལག་བསྟར་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཁྱོན་ཡོངས་ལ་ཞབས་ཕྱི་དང་དམངས་ཆེད་ཁྲིམས་འཛིན་སྐོར་གྱི“བྱེད་ཐབས་བཅུ”》དང《མཚོ་སྔོན་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་སྲུང་སྐྱོབ་ལ་སྔར་ལས་ཤུགས་སྣོན་པའི་བསམ་འཆར》གཏན་འབེབས་གཤམ་སྤེལ་བྱས་ཏེ། ཁྲིམས་ཁང་གི་འདྲི་གཅོད་བྱ་བའི་ཁ་ཕྱོགས་གསལ་བོ་བྱས་པར་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གཙོ་བོའི་ཁས་ལེན་མཆན་འགོད་མཛུབ་སྟོན་ཐོབ།
ཞིང་ཆེན་ཡོངས་ཀྱི་བདེ་འཇགས་བརྟན་བརླིང་ལ་རང་ནུས་ཅི་ལྕོགས་ཀྱིས་སྲུང་སྐྱོང་བྱས། ཉེས་དོན་ཉེས་བསགས་སྣ་ཚོགས་ལ་ཁྲིམས་ལྟར་ཉེས་ཆད་བཅད་དེ་འདྲི་རིམ་དང་པོའི་ཉེས་དོན་གྱོད་གཞི5250འདྲི་གཅོད་མཇུག་སྒྲིལ་ཞིང་ཉེས་ཅན6285ལ་ཁྲིམས་ཆད་བཅད།
སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་ལྟ་བ་བཙུགས་ནས་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་དང་རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་སོགས་ཀྱི་ཉེས་བསགས་ལ་རྡུང་རྡེག་ནན་མོ་བཏང་བ་དང་། དྲག་ཤུགས་འཇིགས་སྐུལ་དང་གསང་མྱུལ། ལོག་ཆོས་སོགས་ཀྱི་ཉེས་བསགས་བྱ་སྤྱོད་ལ་ཆད་པ་ནན་གཅོད་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་བརླིང་ལ་བཅའ་ཁྲིམས་ཀྱིས་འགན་སྲུང་བྱས། ནག་འཇོམས་ངན་སེལ་རྒྱུན་རྣམ་ཅན་གྱིས་སྤེལ་ཏེ་ནག་ངན་དང་འབྲེལ་བའི་གྱོད་གཞི5འདྲི་གཅོད་མཇུག་སྒྲིལ་བ་དང་ཉེས་ཅན50ལ་ཁྲིམས་ཆད་བཅད། དྲག་ཤུགས་ཚབས་ཆེན་དང་སྤྱི་པའི་བདེ་འཇགས་ལ་གནོད་པ། བྱུང་ཐེངས་མང་ཞིང་རྒྱུ་ནོར་ལ་གནོད་པའི་རྒྱུན་མཐོང་ཉེས་བསགས་སོགས་ལ་ཁྲིམས་ཆད་ནན་མོ་བཅད་དེ། བསམ་བཞིན་མི་བསད་པ་དང་འཕྲོག་བཅོམ། རྐུ་ཁྱེར་སོགས་ཀྱི་གྱོད་གཞི955འདྲི་གཅོད་མཇུག་སྒྲིལ་བ་དང་ཉེས་ཅན1260ལ་ཁྲིམས་ཆད་བཅད། ཉེན་ཡོད་སྒོས་རླངས་འཁོར་བཏང་བ་དང་འགན་ཤོར་ལས་འཛོལ་ཚབས་ཆེན་གྱི་གྱོད་གཞི1789འདྲི་གཅོད་མཇུག་སྒྲིལ་བ་དང་ཉེས་ཅན1822ལ་ཁྲིམས་ཆད་བཅད། དུག་འགོག་འཐབ་རྩོད་ལ་ཧུར་ཐག་གིས་ཞུགས་ནས་དུག་རྫས་ཉེས་བསགས་གྱོད་གཞི143འདྲི་གཅོད་མཇུག་སྒྲིལ་བ་དང་ཉེས་ཅན185ལ་ཁྲིམས་ཆད་བཅད་དེ། རང་ཞིང་གི་སྤྱི་ཚོགས་བདེ་འཇགས་བརྟན་བརླིང་ལ་འགན་སྲུང་ནུས་ལྡན་བྱས་ཤིང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས།
ལྐོག་ཟ་ལྐོག་རྔན་སོགས་ཀྱི་ལས་འགན་ཉེས་བསགས་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་བཅད་དེ་གྱོད་གཞི86འདྲི་གཅོད་མཇུག་སྒྲིལ་བ་དང་ཉེས་ཅན108ལ་ཁྲིམས་ཆད་བཅད། དེ་ལས་ཐིན་རིམ་པ་གཞོན་པ་ཡན་གྱི་མི7ཡོད། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་གཞོན་པ་ཟུར་པ་རེང་ག་གེ་མོ་ཡིས་ལྐོག་རྔན་བླངས་པ་དང་རྒྱུ་ནོར་འབོར་ཆེན་གྱི་ཡོང་ཁུངས་མི་གསལ་བའི་ནག་ཉེས་བསགས་པས་འདྲི་རིམ་དང་པོར་དུས་བཀག་བཙོན་འཇུག་ལོ་བདུན་གྱི་ཁྲིམས་ཆད་བཅད། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་གཞོན་པ་ཟུར་པ་ཅ་ག་གེ་མོ་ཡིས་ལྐོག་རྔན་བླངས་པའི་ནག་ཉེས་བསགས་པས་འདྲི་རིམ་དང་པོར་དུས་བཀག་བཙོན་འཇུག་ལོ་བདུན་གྱི་ཁྲིམས་ཆད་བཅད་དེ། མི་དམངས་མང་ཚོགས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རུལ་སུངས་བཀག་འགོག་བྱ་བའི་ཡིད་ཆེས་བརྟན་པོར་བཏང་།
མིའི་ཐོབ་ཐང་གི་ཁྲིམས་འཛིན་འགན་སྲུང་ལ་ཤུགས་བསྣན། ཉེས་ཆད་ཁྲིམས་བཀོད་དང་དོགས་ཡོད་ནག་ཉེས་མེད་པར་བཟོ་བའི་རྩ་དོན་རྒྱུན་འཁྱོངས་དང་། གཟབ་ནན་སྒོས་ཁྲིམས་འགལ་གྱི་དཔང་རྟགས་དོར་ཏེ། གཞུང་གཏུག་གྱོད་གཞིའི་གྱོད་ཡ22དང་སྒེར་གཏུག་གྱོད་གཞིའི་གྱོད་ཡ19ལ་ནག་ཉེས་མེད་པ་ཁྲིམས་ལྟར་ཁྱབ་བསྒྲགས་བྱས་ཤིང་། གྱོད་ཡ45ལ་ཉེས་དོན་གྱི་ཉེས་ཆད་མི་གཅོད་པའི་ཐག་བཅད། གུ་ཡངས་དང་ནན་མོ་ཟུང་འབྲེལ་གྱི་ཉེས་དོན་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱས་ཏེ། ཁྲིམས་ལྟར་མི1563ལ་ཉེས་ཆད་ཕྱིར་འགྱངས་སོགས་ཀྱི་བཙོན་འཇུག་མ་ཡིན་པའི་ཁྲིམས་ཆད་བཅད་པ་དང་། མི1520ལ་ཉེས་ཆད་ཇེ་ཡང་དང་ཚོད་བགམ་གློད་གྲོལ་བྱས། ནར་མ་སོན་པའི་མི་དང་འབྲེལ་བའི་ཉེས་བསགས་གྱོད་གཞི125བཅའ་ཁྲིམས་ལྟར་འདྲི་གཅོད་མཇུག་སྒྲིལ་ཞིང་། སློབ་གསོ་དང་བློ་འགུག སྐྱོབ་པ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་བྱུང་བར་སྲུང་སྐྱོབ་བྱས། ཁྲིམས་རྩོད་པའི་དག་འབུད་བྱེད་པ་དང་ལས་ཚབ་བསམ་འཆར་གྱི་ལམ་ལུགས་ལམ་སྲོལ་དོན་འཁྱོལ་བྱས་ཤིང་། ཉེས་དོན་གྱོད་གཞིའི་ཐད་ཁྲིམས་རྩོད་པས་དག་འབུད་བྱེད་པ་ཁྱོན་ཡོངས་སུ་ཁེབས་པར་མངོན་འགྱུར་བྱུང་།
སྤུས་ཚད་མཐོན་པོའི་དཔལ་འབྱོར་འཕེལ་རྒྱས་ལ་ཁྲིམས་ལྟར་འགན་སྲུང་དང་ཞབས་ཕྱི་བསྒྲུབས། རིམས་བབ་འགོག་སྡོམ་དང་དཔལ་འབྱོར་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་དང་འགན་སྲུང་བྱས། འདྲི་རིམ་དང་པོའི་ཚོང་དོན་གྱོད་གཞི29347འདྲི་གཅོད་མཇུག་སྒྲིལ་ཞིང་དུས་མཉམ་དང་བསྡུར་ན13.79%འཕར་སྟེ། ཁེ་ལས་བསྐྱར་ཐོན་བྱེད་པར་རོགས་འདེགས་བྱས། དངུལ་རྩའི་ཉེན་ཟོན་སེལ་ཐབས་དང་དངུལ་རྩའི་རྩོད་གཞི་ཞུ་གཏུག་འདུམ་འགྲིག་འབྲེལ་མཐུད་སོགས་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཏོན། “རེངས་འགྱུར་ཁེ་ལས”གཙང་སེལ་བྱ་བ་བརྟན་པོའི་ངང་སྤེལ་བ་དང་བསམ་བཞིན་བུ་ལོན་འཇལ་འགན་ལ་གཡོལ་བ་ཐག་གཅོད་བྱེད་པའི་ཤུགས་ཆེ་རུ་བཏང་ནས། ཚོང་གཉེར་ཁྲིམས་སྐྱོང་ཁོར་ཡུག་ཇེ་ལེགས་དང་རྒྱུན་ལྡན་གྱི་དཔལ་འབྱོར་འཕེལ་རྒྱས་སྒྲིག་ལམ་སྲུང་སྐྱོང་བྱས།
མ་རྩ་རྡིབ་པའི་གྱོད་དོན་གྱི་འདྲི་ཞིབ་མཛུབ་སྟོན་ལ་ཤུགས་བསྣན་ནས་རང་ཞིང་གི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་བཏང་། མ་རྩ་རྡིབ་པའི་ཁེ་ལས་ཀྱི་བུན་བདག་དང་འབྲེལ་ཡོད་ཁག་གི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོབ་བྱས་པ་དང་ལྷན་དུ་གྱོད་གཞི་འདྲི་གཅོད་ཀྱི“ཕན་འབྲས་གསུམ”གཅིག་གྱུར་དམ་ཚགས་ཡོང་བར་དོ་སྣང་བྱས་ཏེ། མ་རྩ་རྡིབ་པར་སྔོན་འགོག་བྱས་པ་དང་། ཉེན་ཁ་འགོག་སེལ་དང་དཔལ་འབྱོར་སྤུས་ཚད་མཐོ་བོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། བསྡོམས་པས་མ་རྩ་རྡིབ་པའི་གྱོད་གཞི49འདྲི་གཅོད་མཇུག་སྒྲིལ། ཞིང་ཆེན་ཁྲིམས་ཁང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་ལྟར། ཟི་ལིང་འབྲིང་རིམ་ཁྲིམས་ཁང་གིས་འདྲི་ཞིབ་བྱས་པའི་ཧྭ་ཞིན་ཆུ་གློག་ཀུང་སིའི་མ་རྡིབ་བསྐྱར་སྒྲིག་གྱོད་གཞི་ལ་མཛུབ་སྟོན་བྱེད་པར་ཧུར་ཐག་གིས་ཤུགས་བསྣན་ནས། མ་རྡིབ་བསྐྱར་སྒྲིག་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་མར་སྟེང་ཆུ་གློག་ས་ཚིགས་ཁྱོན་ཡོངས་ནས་ལས་མགོ་བསྐྱར་ཚུགས་བྱས་ཏེ། ཁེ་ལས“བསྐྱར་གསོན་བྱུང་བ”དང་བུན་བདག་གི་ཁེ་ཕན་ལ་འགན་སྲུང་ཆེས་ཆེ་བ་ཐོབ་པ་མ་ཟད། འཐབ་ཇུས་མ་རྩ་འཇོག་མཁན་གྱིས་དེ་ལ་བརྟེན་ནས། མར་སྟེང“ཆུ་འོད་རླུང་གསུམ་གཞི་གཅིག་ཅན”གྱི་ཕྱོགས་བསྡུས་ནུས་ཁུངས་རྟེན་གཞི་འཛུགས་སྐྲུན་བྱས། འབད་བརྩོན་བརྒྱུད་ཞིང་ཆེན་མ་འཇོག་ཚོགས་ཁག་ཚད་ཡོད་ཀུང་སི་དང་དེའི་ཡན་ལག་ཀུང་སིའི་མ་རྡིབ་བསྐྱར་སྒྲིག་གྱོད་གཞི་ལ་ཡང་འཐབ་ཇུས་མ་རྩ་འཇོག་མཁན་ནང་འགུག་བྱས། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲོའུ་རྫོང་ཁྲིམས་ཁང་གིས་འོས་འཚམ་སྒོས་མ་རྡིབ་བསྐྱར་སྒྲིག་གྱོད་གཞི་འདྲི་ཞིབ་བྱས་ཏེ། མ་རྩ་རྡིབ་ལ་ཉེ་བའི་ཁེ་ལས་གསུམ་ལ་ཡང་བསྐྱར་གསོན་ཤུགས་སྦྱིན་པ་དང་། མངའ་ཁོངས་ཀྱི་ཁང་ས་ཐོན་ལས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། མ་རྩ་རྡིབ་པའི་གྱོད་གཞི་འདི་དག་བསྐྱར་སྒྲིག་ལེགས་འགྲུབ་བྱུང་བ་དེས། རང་ཞིང་གི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་སྒྱུར་དང“རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་བཙན་ས”འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།
ཤེས་བྱའི་ཐོན་དབང་གི་ཁྲིམས་འཛིན་སྲུང་སྐྱོང་ལ་ཤུགས་བསྣན་ནས་གསར་གཏོད་འཕེལ་རྒྱས་ལ་ཞབས་ཕྱི་བསྒྲུབས། ཆེད་ཁེ་དང་ཚོང་རྟགས། རྩོམ་དབང་སོགས་ཀྱི་ཤེས་བྱའི་ཐོན་དབང་གི་གྱོད་གཞི368འདྲི་གཅོད་མཇུག་སྒྲིལ། ཟི་ལིང་འབྲིང་རིམ་ཁྲིམས་ཁང་གིས་འདྲི་ཞིབ་བྱས་པའི“ཝུའུ་མེ”རྟགས་ཅན་གྱི་ཚོང་རྟགས་དབང་གནོད་གྱོད་གཞི་དང“སྒྲ་བརྙན་མཐུན་ཚོགས”ཀྱིས་ཞུ་གཏུག་བྱས་པའིKTVཡི་རབ་དང་རིམ་པའི་གྱོད་གཞི་སོགས་དཔེ་མཚོན་གྱོད་གཞིའི་འདྲི་གཅོད་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས། འདྲི་གཅོད་ཀྱི་ཚད་གཞི་གཅིག་གྱུར་བྱས། ཁྲིམས་འཛིན་སྲུང་སྐྱོབ་ཀྱི་དཔེ་མཚོན་གྱོད་གཞི6ཁྱབ་བསྒྲགས་བྱས་ནས། ཤེས་བྱའི་ཐོན་དབང་གི་སྲུང་སྐྱོབ་འདུ་ཤེས་མུ་མཐུད་དུ་གཏིང་ཟབ་དུ་བཏང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོང་བྱེད་པའི་གླེང་ཕྱོགས་ཀྱི་ཁོར་ཡུག་བསྐྲུན་ཏེ། དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ལ་ཁྲིམས་ལྟར་ཞབས་ཕྱི་བསྒྲུབས།
སྐྱེ་ཁམས་དཔལ་ཡོན་བཙན་ས་འཛུགས་སྐྲུན་བྱེད་པར་ཁྲིམས་ལྟར་འགན་སྲུང་བྱས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱེད་པའི“རྒྱལ་དོན་གྱི་ཆེ་ཕྱོགས”རང་འགན་ཏུ་བླངས་ཤིང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཁྲིམས་ཁང་གི་བྱ་བའི་ནང་མཉམ་འདྲེས་ཡོང་བར་བྱས་ནས། འདྲི་རིམ་དང་པོའི་ཁོར་ཡུག་ཐོན་ཁུངས་གྱོད་གཞི1816འདྲི་གཅོད་མཇུག་སྒྲིལ། དེ་ལས་ཉེས་དོན་གྱོད་གཞི41ཡོད་ཅིང་དུས་མཉམ་དང་བསྡུར་ན་ལྡབ་གཅིག་ལྷག་མར་ཆག ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་ཆུ་ཚད་དང་དམངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོར་འདེགས་མངོན་གསལ་བྱུང་། ཞིང་ཆེན་ཁྲིམས་ཁང་འཛམ་གླིང་ཁོར་ཡུག་གི“སྐྱེ་དངོས་སྣ་མང་རང་བཞིན་གྱི་ཁྲིམས་འཛིན་སྲུང་སྐྱོབ”ཅེས་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ལ་ཞུགས་ནས། ཁ་བྱང་ལ《མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཁྲིམས་འཛིན་སྲུང་སྐྱོབ་ཀྱི་མཚོ་སྔོན་ལག་ལེན》ཞེས་པའི་གཏམ་བཤད་སྤེལ། ཡུལ་ཤུལ་གྲོང་ཁྱེར་ཁྲིམས་ཁང་གིས་རྒྱས་བཟང་བསོད་ནམས་དར་རྒྱས་གསོད་མཁན་གྱི་རྐུ་རྔོན་ཚོགས་པ་དང་དེའི་ཚོགས་མི་ལ་ཁྲིམས་ཆད་བཅད་དེ། མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལྟ་སྲུང་ལ་བློས་གཏོང་ཆེན་པོ་བཏང་བའི་ཁོར་ཡུག་སྲུང་མཁན་ལ་སེམས་གསོ་བྱས། མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་འདབས་མཚོ་སྔོན་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཧུར་ཐག་གིས་ཞུགས་ཏེ། འབྲེལ་ཡོད་གྱོད་གཞིའི་འདྲི་ཞིབ་བྱ་བ་གཅིག་འདོམས་ཀྱིས་ལེགས་པོར་བསྒྲུབས། དྲུག་ལྔ་འཛམ་གླིང་ཁོར་ཡུག་ཉིན་མོར་གསར་འགྱུར་ཡོངས་ཁྱབ་ཚོགས་འདུ་འཚོགས་ཏེ། སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་སྲུང་སྐྱོབ་དཔེ་མཚོན་གྱོད་གཞི6ཁྱབ་བསྒྲགས་བྱས་པ་དང་། རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་ཁྲིམས་རས་འདྲི་ཞིབ་བྱས་པའི་མ་ག་གེ་མོ་ཡིས་འཇིག་ལ་ཉེས་པའི་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་ཐོན་རྫས་ཁྲིམས་འགལ་སྒོས་བསྡུ་ཉོ་དང་སྐྱེལ་འདྲེན། ཕྱིར་འཚོང་བྱས་པའི་གྱོད་གཞི་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་རྨ་ཆུ་བཞུར་རྒྱུན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དཔེར་མཚོན་གྱོད་གཞིར་བདམས་ཐོན་བྱུང་། རྨ་འབྲི་རྫ་གསུམ་མགོ་ཁུངས་དང་མཚོ་སྔོན་པོ། མདོ་ལ་རི་བོའི་སྐྱེ་ཁམས་ཁྲིམས་རའི་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཁྲིམས་ར་གསུམ་པོའི་གྱོད་དོན་ཟི་ལིང་ལྕགས་ལམ་སྐྱེལ་འདྲེན་ཁྲིམས་ཁང་གིས་གཅིག་གྱུར་སྒོས་བདག་ཁོངས་བྱེད་པའི་དགོངས་སྐོར་ཞུ་བ་ལ། ཆེས་མཐོ་ཁྲིམས་ཁང་གི་ཡིད་འཐད་ཆོག་མཆན་ཐོབ་ཅིང་། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཡོད་པའི་ཁོར་ཡུག་ཁྲིམས་འཛིན་གྱི་རྣམ་པ་འཚོལ་ཞིབ་ལ་འཕེལ་རྒྱས་ཆེན་པོ་བྱུང་།
ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པར་ཁྲིམས་ལྟར་ཞབས་ཕྱི་བསྒྲུབས། སྲིད་འཛིན་རྩོད་གཞི་ངེས་པ་དོན་གྱིས་ཐག་གཅོད་པར་ཧུར་ཐག་གིས་སྐུལ་འདེད་བཏང་ནས། སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བྱེད་པར་རམ་འདེགས་དང་ལྟ་སྐུལ་བྱས། འདྲི་རིམ་དང་པོའི་སྲིད་འཛིན་གྱོད་གཞི715འདྲི་གཅོད་མཇུག་སྒྲིལ་བ་དང་རྒྱལ་ཁབ་ཀྱིས་སྤྱིན་ཚབ་སྤྲད་པའི་གྱོད་གཞི174འདྲི་གཅོད་མཇུག་སྒྲིལ། སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་པ་ཁྲིམས་རར་ཞུགས་ཏེ་ཞུ་ལན་འདེབས་པའི་འདུ་ཤེས་མཐོར་འདེགས་བཏང་ནས། ཁྲིམས་རར་ཞུགས་ཏེ་ཞུ་ལན་འདེབས་ཚད60.84%ལ་སླེབས་ཤིང་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཚེག21.98འཕར། “ཞིང་སྡེ་ནང་རྨོ་ཞིང་གང་བྱུང་དུ་བཟུང་ནས་ཁང་བ་འཛུགས་སྐྲུན”བྱས་པ་དང་འབྲེལ་བའི་ཆེད་དོན་བཅོས་སྐྱོང་གི་གནས་ཚུལ་ནན་ཏན་སྒོས་དག་སྒྲིག་བྱས་ཏེ། བཅོས་སྐྱོང་གི་ཇུས་གཞི་དང་བྱ་བའི་བཀོད་སྒྲིག་ལ་ཁྲིམས་ལུགས་ཀྱིས་རིགས་སྒྲུབ་བྱས་ནས། སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བྱེད་པར་རམ་འདེགས་བྱས། བསྟུད་མར་ལོ་བཅུ་གསུམ་གྱི་རིང་ལ་སྲིད་འཛིན་འདྲི་གཅོད་ཀྱི་རྒྱབ་ཤ་དཀར་པོའི་ཡིག་ཆ་ཁྱབ་བསྒྲགས་བྱས་ཤིང་། དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱེད་པ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་སྲིད་འཛིན་ལས་ཁུངས་ལ་གནས་ཚུལ་བརྡ་ཁྱབ་བཏང་། འདྲི་ཞིབ་ཁྲོད་གསར་རྙེད་བྱུང་བའི་གནད་དོན་ལ་དམིགས་ནས་དུས་ཐོག་ཏུ་སྲིད་འཛིན་ལས་ཁུངས་ལ་བཏོན་པའི་ཁྲིམས་འཛིན་གྲོས་གཞི་ཚང་མ་དང་ལེན་བཅོས་སྒྱུར་བྱས།
གྲོང་གསེབ་དར་སྤེལ་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་ཁྲིམས་ལྟར་ཞབས་ཕྱི་བསྒྲུབས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གྲོང་གསེབ་དར་སྤེལ་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ། ཁྲིམས་འཛིན་གྱི་བྱེད་ཐབས་ལ་བརྟེན་ནས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་། ཞིང་འབྲེལ་རྩོད་གཞིའི་གྱོད་གཞི་འདྲི་ཞིབ་འོས་འཚམ་བྱས་ཏེ། རོང་འབྲོག་ཁུལ་གྱི་ཐོན་སྐྱེད་སྒྲིག་ལམ་སྲུང་སྐྱོང་བྱས་པ་དང་རོང་འབྲོག་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས། གོམས་སྲོལ་ངན་པ་བསྒྱུར་ཏེ་ཡ་རབས་ཡུལ་སྲོལ་འཛུགས་པའི་བྱ་འགུལ་ནང་ཧུར་ཐག་གིས་ཞུགས་པ་དང་། ཞུན་ཧྭ་རྫོང་ཁྲིམས་ཁང་གིས་ཁྲིམས་འཛིན་གྲོས་ཡིག་བཏང་སྟེ《མཚོ་ཤར་གྲོང་ཁྱེར་སྲོལ་ངན་བསྒྱུར་བར་སྐུལ་འདེད་གཏོང་བའི་སྲོལ་ཡིག》ལག་ལེན་མཐའ་འཁྱོལ་བྱེད་པར་སྐུལ་འདེད་བཏང་། ཏང་ཨུས་མགོ་ཁྲིད་བྱེད་པའི་གཞི་རིམ་བཅོས་སྐྱོང་མ་ལག་ནང་དུ་རང་རྟོགས་ཀྱིས་ཞུགས་ཏེ། ཁྲིམས་འཛིན་ཞབས་ཕྱིས་གྲོང་ཁྱེར་དང་གྲོང་གསེབ་ཁེབས་པར་བྱས། མི་དམངས་ཁྲིམས་ཁང་གིས་འདུམ་འགྲིག་ལས་སྟེགས་ཞིང་སྡེ་དང་སྡེ་ཁུལ། དྲ་མིག་ནང་དུ་འཇུག་པར་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། ལས་སྟེགས་བརྒྱུད་ནས་འགལ་བ15802འདུམ་འགྲིག་བྱས་པ་དང་། དེ་ལས་གཏུག་བཤེར་སྔོན་ལ13912འདུམ་འགྲིག་བྱས་ཤིང་། 8928འདུམ་འགྲིག་ལེགས་འགྲུབ་བྱུང་ཡོད་ལ། ལེགས་འགྲུབ་ཀྱི་ཚད64.17%ལ་སླེབས། ས་གནས་ཁག་གི་གཞི་རིམ་ཁྲིམས་ཁང་གིས་སྡེ་བར་བཅའ་སྡོད་ཀྱི་འདུམ་འགྲིག་ཁང་ཕྱོགས་ཡོངས་ནས་བཙུགས་ཏེ། “ཁྲིམས་དཔོན་གྱིས་ཁྲིམས་བཤད་པ་དང་གྲོང་གསེབ་རྒན་པོས་ལུགས་བཤད་པ། མང་ཚོགས་ཀྱིས་དོན་བཤད་པའི”ལས་ཀའི་སྡོམ་ཤུགས་གྲུབ་ནས་གཏུག་བཤེར་མེད་པའི་ཞིང་སྡེ་དང་སྡེ་ཁུལ་འཛུགས་པར་རོགས་འདེགས་བྱས། “བརྒྱད་ལྔ”ཁྲིམས་ཁྱབ་བྱེད་སྒོ་གཏིང་ཟབ་སྒོས་སྤེལ་ཏེ་ཞིང་ཆེན་ཁྲིམས་ཁང་དང་། མཚོ་ཤར་དང་མཚོ་ནུབ་འབྲིང་རིམ་ཁྲིམས་ཁང་གིས《ཁྱོད་ལ་དགའ་སྣང་ཞིག་སྟེར》དང《མུན་པ་བརྟོལ་ཏེ་འོད་སྣང་གསལ》《དཔྱིད་ཀར་མེ་ཏོག་བཞད》སོགས་ཀྱི་ཁྲིམས་ཁྱབ་གློག་བརྙན་ཐུང་གྲས་བཟོས་ནས། མི་དམངས་མང་ཚོགས་ལ་ཁྲིམས་ཁང་གི་གཏམ་རྒྱུད་ཡག་པོར་བཤད་པ་དང་། ཁྲིམས་འཛིན་གྱི་དྲང་ནུས་བརྒྱུད་སྤྲོད་བྱས་པར་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་རྩ་འཛུགས་བྱས་པའི་བྱ་འགུལ་ཁྲོད་བྱ་དགའ་ཐོབ།
གསུམ། གཞན་དཔེ་རང་འཇོག་གིས་མི་དམངས་མང་ཚོགས་ཀྱི“མྱུར་མཁོ་དང་དཀའ་གནད། སྡུག་སྣང་། རེ་ལྟོས”བཅས་བྱེད་པའི་གནད་དོན་ཐག་གིས་བཅད།
མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཤིང་། མི་དམངས་ཀྱི་ཁེ་ཕན་གཙོ་བོར་འཇོག་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། གཞན་དཔེ་རང་འཇོག་གི་འདུ་ཤེས་བརྟན་པོར་བཙུགས་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ངེས་པ་དོན་གྱིས་སྲུང་སྐྱོང་བྱས།
དམངས་ཚིས་དང་འབྲེལ་བའི་གྱོད་གཞི་ཁྲིམས་ལྟར་འདྲི་ཞིབ་བྱས། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་འདྲི་རིམ་དང་པོའི་དམངས་དོན་གྱོད་གཞི50224འདྲི་གཅོད་མཇུག་སྒྲིལ་ཞིང་དུས་མཉམ་དང་བསྡུར་ན15.29%འཕར། གཉེན་སྒྲིག་དང་ཁྱིམ་ཚང་། ཤུལ་འཛིན། ཁྱིམ་མཚེས་བར་གྱི་རྩོད་གཞི་སོགས་ཀྱི་གྱོད་གཞི14318འདྲི་གཅོད་མཇུག་སྒྲིལ་ཞིང་། མི་ལུས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་བཀའ17བཀྲམས་ནས་ཁྱིམ་ཚང་བརྟན་བདེ་དང་ཁྱིམ་མཚེས་འགྲིག་མཐུན་ཡོང་བར་སྐུལ་འདེད་བཏང་། ཧུའུ་ཀྲུའུ་རྫོང་ཁྲིམས་ཁང་གིས་བཟའ་ཐོར་ཞི་ལྷོད་དུས་དོན་འཁྱོལ་བྱས་ཤིང་། བརྩེ་དུང་ཚད་ལེན་གདེང་འཇོག་དང་བཟའ་ཐོར་དཔང་ཡིག་སོགས་ཁྱིམ་དོན་འདྲི་ཞིབ་ཀྱི་བྱེད་སྟངས་གསར་བ་བཅུ་ལྷག་བཏོན་པ་རྒྱལ་ཡོངས་ཀྱི་ཁྲིམས་སྐྱོང་སྨྱན་བྱད24ཡིས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་དང་གནས་འཕྲིན་སྤེལ། དམངས་ཁྲོད་ཀྱི་བུ་ལོན་གཏོང་ལེན་གྱི་རྩོད་གཞི་གྱོད་གཞི10537འདྲི་གཅོད་མཇུག་སྒྲིལ་ཏེ་ཁྲིམས་མཐུན་གྱི་བུ་ལོན་གཏོང་ལེན་བྱ་སྤྱོད་ལ་སྲུང་སྐྱོབ་བྱས། མི་ལུས་གནོད་འཚེ་དང་སྨན་བཅོས། འགྲིམ་འགྲུལ་དོན་རྐྱེན་བཅས་ཀྱི་གུན་གསབ་རྩོད་གཞིའི་གྱོད་གཞི2869འདྲི་གཅོད་མཇུག་སྒྲིལ་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་གི་དབང་ཆ་སྲུང་སྐྱོབ་བྱས། ངལ་རྩོལ་རྩོད་གཞིའི་གྱོད་གཞི1310འདྲི་གཅོད་མཇུག་སྒྲིལ་ཞིང་། ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་ཁྲིམས་ཁང་གིས་ངལ་རྩོལ་རྩོད་གཞི་རྒྱུ་མང་འདུམ་འགྲིག་ལྟེ་གནས་ཐོག་མ་བཙུགས། ཁྲིམས་འཛིན་རོགས་སྐྱོར་བྱ་བར་ཤུགས་བསྣན་ནས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཞུ་གཏུག་འགྲོ་སོང་གྲོན་དངུལ་སྒོར་ཁྲི3474.37སྤྲོད་རྒྱུ་ཕྱིར་འགྱངས་པ་དང་ཉུང་སྤྲོད། སྤྲོད་མི་དགོས་པར་བྱས་ཤིང་། རོགས་སྐྱོར་མ་དངུལ་སྒོར་ཁྲི489གཏོང་སྤྲོད་བྱས་ནས། དཀའ་ཁག་ཅན་གྱི་མང་ཚོགས་ཀྱིས་ཞུ་གཏུག་བྱེད་ཐུབ་པ་བྱས། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པའི་དཔེ་མཚོན་གྱོད་དཔེ་བཅུ་ཁྱབ་བསྒྲགས་བྱས་ནས་བུད་མེད་དང་བྱིས་པའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས། ཞིང་ཆེན་ཁྲིམས་ཁང་གི་ཁྲིམས་དཔོན་ཝུའུ་ཞའོ་ཆིན་རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་སྔོན་ཐོན་མི་སྣར་བདམས།
དམངས་ཆེད་ཁྲིམས་འཛིན་གྱི་བྱེད་ཐབས་ཕུན་སུམ་ཚོགས་པར་བཏང་། མི་དམངས་མང་ཚོགས་ཀྱིས་གཏུག་བཤེར་བྱེད་པར་སྟབས་བདེ་གང་ལེགས་བསྐྲུན་པའི་བྱ་བའི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་བ་དང་། སྐོར་ཞིབ་འདྲི་གཅོད་ཀྱི་བྱ་བ་རྒྱ་ཆེར་སྤེལ་དེ། རང་འགུལ་གྱིས་རུ་ནང་དང་འབྲོག་པའི་སྦྲ་ཁྱིམ་ནང་དུ་སོང་ནས་ཁྲིམས་ར་འཚོགས་ཤིང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི2068སྐོར་ཞིབ་འདྲི་གཅོད་བྱས། རྨ་སྟོད་རྫོང་དུ་ཚད་རིམ7.4ཅན་གྱི་ས་འགུལ་བྱུང་རྗེས། རྫོང་ཁྲིམས་ཁང་གིས་དུས་ཐོག་ཏུ་ཡོམ་འགོ ག་གནོད་སེལ“སྦྲ་གུར་ཁྲིམས་ར”བཙུགས་ནས་གནོད་ཁུལ་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས། མཚོ་ནུབ་ཁྲིམས་ཁང་གིས་ས་ཁོངས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ། མི་རིགས་མང་བའི་ཁྱད་ཆོས་ལ་དམིགས་ཏེ་པར་གཞི་མི་གཅིག་པའི“དུས་བྱ་རྣམ་པའི་ཁྲིམས་ར”འཛུགས་སྐྲུན་བྱས་ཤིང་། འབྲོག་ཁུལ་དང་ཞིང་སྡེ། གཏེར་ཁུལ་བཅས་ཀྱི་མང་ཚོགས་ལ་སྟབས་བདེ་བའི་གཏུག་བཤེར་ཆ་རྐྱེན་སྐྲུན། གཅིག་འཐུས་རྣམ་པའི་རྒྱུ་མང་འདུམ་འགྲིག་ལམ་ལུགས་དང་གཏུག་བཤེར་ཞབས་ཕྱི་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། གཏུག་བཤེར་མིན་པའི་རྩོད་གླེང་ཐག་གཅོད་བྱེད་པའི་ལམ་སྲོལ་སྔོན་ལ་བཞག་ནས། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་གཏུག་བཤེར་དང་འདུམ་འགྲིག་འབྲེལ་མཐུད་ལྟེ་གནས55བཙུགས་ཤིང་། ལས་རེས་ཁྲིམས་རྩོད་པའི་བྱ་བའི་ས་ཚིགས་དང་ཁྲིམས་རྩོད་པའི་འདུམ་འགྲིག་ཁང115བཙུགས། ཆེད་ཞུ་འདུམ་འགྲིག་པ721གདན་བསྐོ་བྱས། སྤྱི་ཚོགས་འདུམ་འགྲིག་རྩ་འཛུགས300ནང་འགུག་བྱས་ནས་འགལ་ཟླ་རྩོད་རྙོག་སེལ་བའི་བྱ་བ་སྒྲུབ་ཅིང་། འདུམ་འགྲིག་གྱོད་གཞི14622མངག་བཅོལ་དང་མངག་གཏོང་བྱས། དྲ་ཐོག་ནས་ཐེངས37480ལ་གྱོད་དོན་ཐོ་འགོད་བྱས་ཤིང་། གློག་རྡུལ་གྱིས་ཐེངས144718ལ་སྐྱེལ་སྤྲོད་བྱས། དྲ་ཐོག་ནས་ཐེངས32359ལ་གྲོན་དངུལ་སྤྲད། གྱོད་འགོད་དང་འདུམ་འགྲིག སྐྱེལ་སྤྲོད། གཏུག་བཤེར་སྔོན་གྱི་འགན་སྲུང་། ཞུ་སྦྱོར་སོགས་གཙོ་བོ་ཕྱི་ཕྱོགས་ལ་ཁ་གཏད་པའི་ཞབས་ཕྱི་ལས་དོན་གྱི་གོ་རིམ་ཧྲིལ་བོ་དྲ་ཐོག་ནས་སྒྲུབ་པའི་ཚད100%ལ་ཐོན་པ་དང་། ཁོངས་བརྒལ་གྱོད་གཞི་ཐོ་འགོད་ཞབས་ཕྱི་ཁེབས་ཚད100%ལ་ཐོན་ཞིང་། མང་ཚོགས་ཀྱིས་བྱ་བ་སྒྲུབ་པར“དྲ་ཐོག་ནས་བལྟས་ན་གསལ་བོ་ཡིན་ཞིང་དྲ་ཐོག་ནས་མགྱོགས་མྱུར་ངང་སྒྲུབ”སྟེ། ཕན་ནུས་ཆེ་བའི་སྒོ་ནས་གཏུག་བཤེར་ཁེ་དབང་བེད་སྤྱོད་པར་ཁག་ཐེག་བྱས་པ་དང་དོ་བདག་པས་གཏུག་བཤེར་བྱེད་པར་སྟབས་བདེ་བསྐྲུན།
ཁྲིམས་ལྟར་ལག་བསྟར་གྱི་བྱ་བ་ཚད་ལྡན་དང་ཕན་འབྲས་ཆེ་བའི་སྒོ་ནས་བསྒྲུབས། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ལག་བསྟར་གྱོད་གཞི49576དང་ལེན་བྱས་པ་དང་གྱོད་གཞི40539ལག་བསྟར་མཇུག་སྒྲིལ། ལག་བསྟར་མཇུག་སྒྲིལ་ཚད81.77%ལ་ཐོན། ཕྱོགས་བསྡུས་བཅོས་སྐྱོང་དང་འབྱུང་ཁུངས་བཅོས་སྐྱོང་ལ་ཤུགས་བསྣན་ནས། “ལག་བསྟར་བྱེད་དཀའ་བ”ཐག་གཅོད་བྱེད་པའི་གནས་སྟངས་ཆེན་མོ་གཞི་རྩའི་ཆ་ནས་གྲུབ་ཡོད། ལག་བསྟར་བྱ་བའི“གཅིག་གྱུར་དོ་དམ་དང་གཅིག་གྱུར་བཀོད་འདོམས། གཅིག་གྱུར་མཐུན་སྦྱོར”ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་པ་དང་། གཅིག་བསྡུས་ལག་བསྟར་དང་ཁོངས་བརྒལ་ལག་བསྟར་སོགས་ཀྱི་ལག་བསྟར་མ་དཔེ་བེད་སྤྱད་ནས། གོང་འོག་གཞི་གཅིག་དང་ཕྱི་ནང་མཉམ་འགུལ། ཚད་ལྡན་ནུས་མཐོ། ཚོར་སྣང་མྱུར་བའི་ལག་བསྟར་བཀོད་འདོམས་མ་ལག་བཙུགས། ལག་བསྟར་ཁྱབ་ཁོངས་ཀྱི་གནད་དོན་འབུར་ཐོན་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་པའི་ཆེད་དོན་བྱ་འགུལ་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་། གྱོད་གཞི7258དང་འབྲེལ་བའི་ལག་བསྟར་གྱོད་དངུལ་སྒོར་དུང་ཕྱུར12.66གཙང་བཤེར་གཏོང་སྤྲོད་བྱས། “ནོར་ལམ་བཀག་ཅིང་ཁྲག་རྩ་བཅད་པ”དང“ཁྲིམས་འགལ་རྒྱུ་ནོར་གཙང་བཤེར་བྱེད་པའི”བྱ་བ་རྒྱུན་རྣམ་ཅན་གྱིས་སྤེལ་ཏེ། ནག་ངན་དང་འབྲེལ་བའི་གྱོད་གཞིའི་རྒྱུ་ནོར་སྐོར་གྱི་དངུལ་གྲངས་སྒོར་ཁྲི8867.74ལག་བསྟར་བྱས། ལག་བསྟར་ལ་གཡོལ་ཐབས་དང་འགོག་ཐབས་བྱེད་པར་བཙན་གནོན་བྱེད་པའི་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། ཡིད་རྟོན་ཤོར་བའི་ལག་བསྟར་བྱ་ཡུལ་གྱི་མིང་ཐོ་མི་ཐེངས9756ཁྱབ་བསྒྲགས་བྱས་ཤིང་། མི་ཐེངས15229ལ་འཛད་སྤྱོད་ཆེ་བ་ཚོད་འཛིན་བྱེད་པའི་བཀའ་ཁྱབ་བསྒྲགས་བྱས་པ་དང་། མི་ཐེངས70ལ་ཁྲིམས་འཛིན་བཀག་སྐྱིལ་བྱས་ཤིང་། མི་ཐེངས7ལ་ཉེས་ཆད་བཅད་དེ་གོམ་གང་མདུན་སྤོས་ཀྱིས་དོ་བདག་པ་གཏུག་བཤེར་ལས་རྒྱལ་བའི་ཁེ་དབང་མངོན་འགྱུར་བྱས།
ཁྲིམས་འཛིན་ཁྲོམ་བསྒྲགས་མུ་མཐུད་དུ་སྐུལ་སྤེལ་བཏང་། ཁྲུན་གཅོད་ཡིག་རིགས་དང་འདྲི་གཅོད་ལས་རིམ་གྱི་ཆ་འཕྲིན། ལག་བསྟར་ཆ་འཕྲིན། ཁྲིམས་རའི་འདྲི་ཞིབ་བཅས་ཁྲོམ་བསྒྲགས་བྱེད་པར་སྐུལ་སྤེལ་བྱས། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས“གཏན་ཁེལ་ལྟར་ཁྲོམ་བསྒྲགས་མ་བྱས་པའི་ཁྲུན་བཅད་ཡིག་རིགས་དང་ཁྲིམས་རའི་འདྲི་ཞིབ། འདྲི་གཅོད་ལས་རིམ་གྱི་ཆ་འཕྲིན ”གཙང་བཤེར་བྱ་བའི་མགོ་བརྩམས་ཏེ། ཁྲིམས་ཁང་རེ་རེ་དང་གྱོད་གཞི་རེ་རེ་བཞིན་གཙང་བཤེར་བྱས་པ་མ་ཟད། གྱོད་གཞི་སོ་སོའི་ཁྲོམ་བསྒྲགས་གནས་ཚུལ་ལ་འདྲི་རྩད་བྱས་ནས་བརྡ་ཁྱབ་བཏང་། ཀྲུང་གོའི་ཁྲུན་གཅོད་ཡིག་རིགས་དྲ་བ་རུ་ཁྲུན་གཅོད་ཡིག་རིགས་ཁྲི9.3ལྷག་ཁྲོམ་བསྒྲགས་བྱས་ཤིང་། ཀྲུང་གོའི་ཁྲིམས་རའི་འདྲི་ཞིབ་ཁྲོམ་བསྒྲགས་དྲ་བ་རུ་གྱོད་གཞི་ཁྲི2.9ལྷག་ཐད་གཏོང་བྱས། དོ་བདག་པར་འདྲི་གཅོད་ལས་རིམ་གྱི་ཆ་འཕྲིན་ཁྲི45ལྷག་འགྲེམ་སྤེལ་བྱས། ལག་བསྟར་ཆ་འཕྲིན་ཁྲི18.4ལྷག་ཁྱབ་བསྒྲགས་བྱས། ཁྲོམ་བསྒྲགས་བསྡུར་ཚད་དང་དུས་ཐོག་ཡིན་ཚད་རྒྱལ་ཡོངས་ཁྲིམས་ཁང་གི་སྔོན་གྲས་སུ་ཚུད། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་གསར་འགྱུར3690ལྷག་པོད་ཕྲན་དང་སྐད་འཕྲིན་སྤྱི་དམངས་ཨང་རྟགས་བརྒྱུད་དེ་སྒྲིག་སྤེལ་བྱས་པ་དང་། གསར་འགྱུར7580ལྷག་མི་དམངས་ཚགས་པར་དང་དེ་རིང་གི་གསར་འགྱུར་དང་པོ། དཔྱད་ཡིག་ཆ་འཕྲིན་ལྟ་ཞིབ་སོགས་འཕྲིན་སྦྱོར་གསར་བའི་སྤོ་འགུལ་དུད་སྣེ་བརྒྱུད་དེ་འགྲེམ་སྤེལ་བྱས་པ་དང་། བརྙན་ཐུང200ལྷག་འཁྱུག་དབྱངས་དང་མགྱོགས་འཕྲིན་བརྒྱུད་དེ་སྒྲིག་བཟོ་འགྲེམ་སྤེལ་བྱས་ཤིང་ཀློག་ཚད་མི་ཐེངས་ཁྲི4300ལྷག་ལ་སླེབས།
བཞི། ཚད་ལྡན་ནན་མོ་ལྟར་འདྲི་གཅོད་ལག་བསྟར་བྱ་བའི་སྤུས་ཚད་དང་ལས་ཕྱོད་མཐོར་འདེགས་བཏང་།
མི་དམངས་ཁྲིམས་ཁང་གི“ལྔ་ལྔ་བཅོས་སྒྱུར་རྩ་གནད”ནན་ཏན་སྒོས་དོན་འཁྱོལ་བྱས་ཤིང་། དག་སྲུང་གསར་གཏོད་རྒྱུན་འཁྱོངས་དང་། ཚད་ལྡན་དོ་དམ་ལ་ཤུགས་སྣོན། རྨང་བརྟན་ཕྱོགས་སྟོན་ལ་དོ་སྣང་བྱས་ཏེ། འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་ཏུ་འགྱུར་བར་སྐུལ་སྤེལ་བཏང་།
ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྣམ་པ་གསར་བའི་འདྲི་གཅོད་དབང་ཆ་འཁོར་སྐྱོད་བྱེད་ཚུལ་དང་འཚམ་པའི་ཚོད་འཛིན་ལྟ་སྐུལ་མ་ལག་མགྱོགས་མྱུར་ངང་བཙུགས་ཤིང་། ཞིང་ཆེན་ཡོངས་ཀྱི་རིམ་པ་གསུམ་གྱི་ཁྲིམས་ཁང་གི་འགན་ནུས་གནས་འཁེལ་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ་དང་། རིམ་སྤར་བདག་ཁོངས་ཀྱི་ལམ་ལུགས་དང་བསྐྱར་ཞིབ་གོ་རིམ་ཚད་ལྡན་དུ་བཏང་ནས། རིམ་པ་གོང་འོག་ཁྲིམས་ཁང་བར་གྱི་འདྲི་གཅོད་ལྟ་སྐུལ་མཛུབ་སྟོན་གྱི་འབྲེལ་བ་ཇེ་ལེགས་སུ་བཏང་། འདྲི་གཅོད་ལྟེ་བར་འཛིན་པའི་ཉེས་དོན་གཏུག་བཤེར་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། ཁྲིམས་རའི་འདྲི་ཞིབ་ཀྱི་བྱེད་ནུས་ལ་ཤུགས་བསྣན། ཁྲུན་གཅོད་ཡིག་རིགས་ཚད་ལྡན་དུ་བཏང་ཞིང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས2018ལོའི་ཚུན་དུ་དྲ་ཐོག་ཏུ་བཞག་པའི་ཁྲུན་གཅོད་ཡིག་རིགས་ལ་ཕྱོགས་ཡོངས་ནས་ཚགས་བཤེར་བྱས་ཏེ། ཁྲུན་གཅོད་ཡིག་རིགས“སྐྱོན་ཅན”དྲ་ཐོག་ཏུ་འཇོག་པ་སྔོན་འགོག་བྱས། ཁྲུན་གཅོད་ཡིག་རིགས1དང་ཁྲིམས་རའི་འདྲི་ཞིབ4རྒྱལ་ཡོངས་ཁྲིམས་ཁང་སྐབས་བཞི་བའི“ཁྲིམས་གཅོད་ཡིག་རིགས་ཕུལ་བྱུང་བརྒྱ”དང“ཁྲིམས་རའི་འདྲི་ཞིབ་ཕུལ་བྱུང་བརྒྱ”ཡི་གྲས་སུ་བདམས་ཐོན་བྱུང་།
གྱོད་འགོད་དང་འདྲི་གཅོད། ལག་བསྟར་སོགས་རིམ་པ་སོ་སོའི་གཅོད་འཇལ་དབང་ཆ་བཀོལ་བ་ཚད་ལྡན་དུ་བཏང་ཞིང་། འདྲི་གཅོད་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན། ཡོན་ཀྲང་དང་ཐིན་ཀྲང་གི་ལྟ་སྐུལ་དོ་དམ་འགན་འཁྲི་ཏན་ཏིག་གིས་སྒྲུབ་པ་དང་། དུས་ཚོད་ངེས་ཅན་ནང་འདྲི་གཅོད་བྱ་བའི་དབྱེ་ཞིབ་ཚོགས་འདུ་བསྡུས་ཏེ། འདྲི་གཅོད་ཀྱི་སྤུས་ཚད་དང་ལས་ཕྱོད་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་འདྲི་རིམ་དང་པོའི་ཁྲིམས་བཅད་དང་ལེན་བྱས་ནས་གོང་གཏུག་བྱས་མཚམས་བཞག་ཚད91.39%ལ་སླེབས་ཤིང་། དེ་རྒྱལ་ཡོངས་ཁྲིམས་ཁང་གི་ཆ་སྙོམས་གྲང་ཐང་ལས་བརྒྱ་ཆའི་ཚེག2.68ཀྱིས་མཐོ་བ་དང་། རྒྱལ་ཡོངས་ཀྱི་ཨང་བཞི་བ་ཡིན།
ཤེས་རིག་ཁྲིམས་ཁང་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། དྲ་རྒྱའི་བདེ་འཇགས་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་དྲ་རྒྱའི་བདེ་འཇགས་འགོག་སྲུང་གི་འཛིང་རགས་སྔར་ལས་ཇེ་བརྟན་དུ་བཏང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་སྲིད་ཁྲིམས་མཉམ་སྒྲུབ་གྱོད་ཞིབ་ཀྱི་ལས་སྟེགས་བཀོལ་བར་སྐུལ་འདེད་བཏང་ནས། འདྲི་རིམ་དང་པོའི་གཞུང་གཏུག་གྱོད་གཞི2044ལས་སྟེགས་ལས་བརྒྱུད་སྐོར་བྱས་པ་དང་། བཀག་ཉར་བྱེད་མཁན་ཐེངས516ལ་བརྗེ། ཉེས་ཆད་ལག་བསྟར་ཐེངས102ལ་བྱས། སྡེ་ཁུལ་ཡོ་བསྲང་ཐེངས285ལ་བྱས། དྲ་རྒྱའི་འཁོར་སྐྱོད་སྲུང་སྐྱོང་གི་ལས་ཕྱོད་དང་སྤུས་ཚད་མཐོར་འདེགས་དང་། གྱོད་གཞི་སྒྲུབ་པའི་ལས་ཕྱོད་ཇེ་མཐོར་འགྲོ་བར་སྐུལ་འདེད་བཏང་ནས་ཆུ་ཚད་སྔར་ལས་མཐོ་བའི་དྲང་གཞག་དྲང་བདེན་མངོན་འགྱུར་བྱས།
ལྔ། རང་རྟོགས་ཀྱི་སྒོ་ནས་ཕྱོགས་སོ་སོའི་ལྟ་སྐུལ་དང་དུ་བླངས།
ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་རང་རྟོགས་ངང་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་རྟོག་དང་དུ་བླངས་ཤིང་། 《ཞིང་ཆེན་དམངས་ཆེན་གྱི་འཐུས་མིའི་གྲོས་གཞི། སྐྱོན་བརྗོད། བསམ་འཆར་དང་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་སོགས་སྒྲུབ་པའི་བྱ་བའི་སྒྲིག་སྲོལ》གཏན་འབེབས་བྱས་པ་དང་། ཁྲིམས་ཁང་གི་བྱ་བའི་འགུལ་རྣམ་དང《མཚོ་སྔོན་འདྲི་གཅོད》དུས་ངེས་ཅན་ནང་སྦྲག་སྲིད་བརྒྱུད་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་འཐུས་མིར་བསྐུར། ཞིང་ཆེན་དམངས་ཆེན་འཐུས་མིས་བཏོན་པའི་གྲོས་གཞི་ནན་ཏན་གྱིས་སྒྲུབ་པ་དང་སྒྲུབ་པའི་གནས་ཚུལ་དུས་ཐོག་ཏུ་འཐུས་མིར་ལན་སློག ཁྲིམས་ཁང་གི་དཔུང་སྡེ་སློབ་གསོ་དག་ཐེར་སྐབས་སུ། རང་འགུལ་སྒོས་ཏང་གི་འཐུས་མི་དང་དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན། དོ་བདག་པ། ཁྲིམས་རྩོད་པ་སོགས་ཀྱིས་ཁྲིམས་ཁང་གི་བྱ་བར་བཏོན་པའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་ཏེ། རང་རྟོགས་སྒོས་ལྟ་རྟོག་དང་དུ་བླངས། ཞིང་ཆེན་དམངས་ཆེན་འཐུས་མི་གདན་འདྲེན་བྱས་ནས་མི་ཐེངས30ལྷག་ལ་ཁྲིམས་རའི་འདྲི་ཞིབ་ལ་ཟུར་ཉན་དང་ཁྲིམས་ཁང་གི་བྱ་བར་གཟིགས་ཞིབ་བྱས་ཤིང་། དམངས་ཆེན་འཐུས་མི་གདན་འདྲེན་བྱས་ནས་མི་ཐེངས189ལ་ལག་བསྟར་བྱ་བར་བདེན་དཔང་བྱས། ལྟ་ཞིབ་བཅའ་ཁྲིམས་གཏིང་ཟབ་སྒོས་ལག་ལེན་མཐའ་འཁྱོལ་བྱས་ཏེ། རང་རྟོགས་སྒོས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་ཁང་གི་ལས་བྱེད་མི་སྣར་ལྟ་རྟོག་བྱེད་པ་དང་དུ་བླངས། དམངས་གཙོ་ཏང་ཁག་དང་བཟོ་ཚོང་མཉམ་ལྷན། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་སོ་སོ་བཅས་ལ་དུས་རྒྱུན་འབྲེལ་འདྲིས་བྱེད་པར་ཤུགས་བསྣན་ནས་བསམ་འཆར་ལ་ནན་ཏན་གྱིས་ཉན། ཁྲིམས་ལྟར་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་ལུགས་ཀྱི་ལྟ་སྐུལ་དང་དུ་བླངས་ནས། ཞིབ་དཔྱོད་ཀྲང་གདན་འདྲེན་བྱས་ནས་འདྲི་གཅོད་ཨུ་ཡོན་ཚོགས་འདུ་ཐེངས182ལ་ཟུར་ཞུགས་བྱས། གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སོགས་ཀྱི་རྣམ་པ་བརྒྱུད་དེ་སྨྱན་བྱད་དང་སྤེལ་རེས་བྱེད་པར་ཤུགས་བསྣན་ནས། སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་བྱ་བ་གཙོ་བོ་དང་དཔེ་མཚོན་གྱོད་གཞི་དུས་ཐོག་ཏུ་བརྡ་ཁྱབ་བཏང་སྟེ་སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་རྒྱ་ཁྱབ་ངང་དང་དུ་བླངས།
འཐུས་མི་རྣམ་པ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་བླངས་པའི་གྲུབ་འབྲས་དང་ཡར་ཐོན་ནི་ཞིང་ཆེན་ཏང་ཨུའི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་དང་ཁ་འབྲལ་ཐབས་མེད་ལ། ཞིང་ཆེན་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནུས་ལྡན་ལྟ་སྐུལ་དང་ཆེས་མཐོ་ཁྲིམས་ཁང་གི་ལྟ་སྐུལ་མཛུབ་སྟོན་དང་ཡང་ཁ་འབྲལ་ཐབས་མེད། ཞིང་ཆེན་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོ་དང་ཞིང་ཆེན་སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཁྲིམས་ལུགས་ལྟ་སྐུལ་དང་ཡང་ཁ་འབྲལ་ཐབས་མེད། གྲོང་ཁྱེར་དང་ཁུལ་གྱི་རིམ་པ་སོ་སའི་ཏང་སྲིད་ལས་ཁུངས་དང་དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན། སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་རྒྱབ་སྐྱོར་དང་ཡང་ཁ་འབྲལ་མི་ཐུབ། ངས་འདི་ནས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཚབ་བྱས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བ་དང་ཆབས་ཅིག་བླ་ན་མེད་པའི་གུས་འདུད་ཞུ་བ་ཡིན།
དེ་མཚུངས་སུ། ང་ཚོས་ཀྱང་གསལ་བོར་མཐོང་ཐུབ་པ་ནི། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་བྱ་བར་ད་དུང་གནད་དོན་དང་དཀའ་ངལ་དུ་མ་ཞིག་ཡོད་དེ། ཁྲིམས་འཛིན་ནུས་པ་སྔར་ལས་མཐོར་འདེགས་གཏོང་དགོས་པ་དང་གཅིག ཁྲིམས་འཛིན་བྱ་སྤྱོད་སྔར་ལས་ཇེ་ལེགས་སུ་གཏོང་དགོས་པ་དང་གཉིས། ཁྲིམས་འཛིན་དམངས་ཆེད་ཀྱི་བྱེད་ཐབས་སྔར་ལས་ཕུན་སུམ་ཚོགས་པར་གཏོང་དགོས་པ་དང་གསུམ། ཁྲིམས་དཔོན་ཆད་རིམ་ཀྱི་གནད་དོན་སྔར་བཞིན་ཛ་དྲག་ཆེ་བ་དང་བཞི་བཅས་སོ། གནད་དོན་དང་དཀའ་ཁག་འདི་དག་ལ་ང་ཚོས་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་ནས་ཐག་གཅོད་བྱ་རྒྱུ།
2022ལོའི་བྱ་བའི་བཀོད་སྒྲིག
འཐུས་མི་རྣམ་པ། 2022ལོར། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་བྱ་བའི་རིག་ལམ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ཏུ་བསྟར་ཞིང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གཏིང་ཟབ་མོས་ལག་ལེན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་ལེན་པ། ཏང་གིས་ཁྲིམས་ཁང་བྱ་བར་མགོ་ཁྲིད་མཐའ་གཅིག་ཏུ་བྱེད་པ་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཆེས་མཐོ་ཁྲིམས་ཁང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་ནན་ཏན་གྱིས་དོན་འཁྱོལ་བྱས་ཐོག འདྲི་གཅོད་ལག་བསྟར་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་བརླིང་། མི་དམངས་བདེ་འཇགས་ཀྱི་འགན་འཁྲི་ཆེན་པོ་ངེས་པ་དོན་གྱིས་ལག་ཏུ་བསྟར་བ་བཅས་བྱས་ཏེ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་དང“གནས་བཞི”འཛུགས་སྐྲུན་དམིགས་འབེན་མངོན་འགྱུར་ཡོང་བར་སྤུས་ཚད་མཐོ་བའི་ཁྲིམས་ཁང་གི་ནུས་པ་བཟང་བོ་འདོན་སྤྲོད་བྱེད་པ་དང་། མི་དམངས་མང་ཚོགས་ལ་ངེས་པ་དོན་གྱིས་དྲང་གཞག་དྲང་བདེན་གམ་ན་ཡོད་པ་ཚོར་དུ་བཅུག་སྟེ། ལག་ལེན་དངོས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད།
གཅིག་ནས་ཆབ་སྲིད་འཛུགས་སྐྲུན་དེ་ཁྲིམས་ཁང་གི་བྱ་བའི་ཨང་དང་པོར་འཇོག་དགོས། མར་ཁེ་སི་རིང་ལུགས་དང་དེའི་ཀྲུང་གོ་ཅན་གྱི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་རྒྱུན་འཁོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམསས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ངེས་པ་དོན་གྱིས“འདུ་ཤེས་བཞི”ཇེ་ཟབ་དང“རང་རྟོན་བཞི”ཇེ་བརྟན།
“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱ་དགོས། “ཁྱོན་ཡོངས་གཉིས”བློ་ལ་བཅངས་པ་དང“རྒྱལ་དོན་གྱི་ཆེ་ཕྱོགས”སེམས་སུ་བཟུང་ནས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་ཤུགས་ཆེན་པོས་མཐོ་རུ་གཏོང་བ། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་སྤྱད་ནས་ཁྲིམས་ཁང་གི་བྱ་བའི་ཁྲོད་གནས་པའི་དཀའ་ཁག་དང་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་རྒྱུ། ཏང་གིས་ཁྲིམས་ཁང་གི་བྱ་བར་མགོ་ཁྲིད་མཐའ་གཅིག་ཏུ་བྱེད་པ་དེ་རྒྱུན་འཁྱོངས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པར་ཁག་ཐེག་བྱེད་དགོས།
གཉིས་ནས་སྤུས་ཚད་མཐོ་བའི་ཁྱོན་ཡོངས་འཕེལ་རྒྱས་ལ་ཁྲིམས་ལྟར་ཞབས་ཕྱི་བསྒྲུབ་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་ཞིང་ཡང་དག་པ། ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཕྱི་བསྒྲུབ་པ་རང་འགན་ཏུ་བླངས་ནས། ཁྲིམས་ཁང་གི་བྱ་བ་རང་རྟོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་་ནང་བཞག་ནས་ཇུས་འགོད་དང་སྐུལ་འདེད་གཏང་རྒྱུ། སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་ཅིང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་མཐའ་དག་ངེས་པ་དོན་གྱིས་འདྲི་གཅོད་ལག་བསྟར་གྱི་བྱེད་ཐབས་ཞིབ་ཕྲ་ཅན་དུ་བསྒྱུར་ནས། ཉེས་གསོག་མཐའ་དག་ལ་རྡུང་རྡེག་ནན་མོ་གཏོང་བ་དང་། སིམ་འཛུལ་དང་རྩ་བཤིག་གཏོར་བརླག་དང་འཇིགས་སྐུལ་ཁ་བྲལ། ཆོས་ལུགས་ཐལ་དྲག་སོགས་འདྲེས་པའི་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ཆད་ནན་མོ་གཅོད་རྒྱུ། ནག་འཇོམས་ངན་སེལ་རྒྱུན་རྣམ་ཅན་གྱིས་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། མཚོ་སྔོན་གསར་བ་འཛུགས་སྐྲུན་དང་སྐྱེ་ཁམས་བདེ་འཇགས། “གནས་བཞི”འཛུགས་སྐྲུན་སོགས་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་ཏེ། སྤུས་ཚད་ལེགས་ཤིང་ལས་ཕྱོད་མཐོ་བའི་ཁྲིམས་འཛིན་ཞབས་ཕྱི་དང་འགན་སྲུང་འདོན་སྤྲོད་བྱས་ནས། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་ཁང་གི་ཤེས་རིག་སྐྱེས་སུ་འབུལ་དགོས།
གསུམ་ནས་མི་དམངས་ཀྱི་ཁེ་ཕན་ནམ་ཡང་གཙོ་བོར་འཛིན་དགོས། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་དང་གཞན་དཔེ་རང་འཇོག་གི་འདུ་ཤེས་བརྟན་པོར་འཛུགས་པ་དང་། དམངས་དོན་གྱོད་གཞི་མཐའ་དག་འོས་འཚམ་སྒོས་འདྲི་གཅོད་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད། “གྱོད་སྒྲུབ་དོན་སེལ་འཆམ་མཐུན”དེ་གྱོད་སྒྲུབ་དམིགས་འབེན་དུ་བྱས་ནས། སྤུས་ཚད་མཐོ་བའི་འདྲི་གཅོད་བྱ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་དང་སྤྱི་ཚོགས་འགལ་རྩོད་ངེས་པ་དོན་གྱིས་སེལ་བར་སྐུལ་འདེད་གཏང་དགོས། གཞི་རིམ་ཁྲིམས་ཁང་དང་མི་དམངས་ཁྲིམས་ར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། གཞི་རིམ་གྱི་ཁྲིམས་འཛིན་དམངས་ཆེད་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏང་དགོས། གཅིག་འཐུས་རྣམ་པའི་རྒྱུ་མང་འདུམ་འགྲིག་དང་གཏུག་བཤེར་ཞབས་ཕྱི་མ་ལག་གཏིང་ཟབ་སྒོས་འཛུགས་སྐྲུན་བྱས་ནས། ལས་ཕྱོད་མཐོན་པོས་འགལ་བ་ཞི་འཇགས་སུ་གཏང་དགོས། སྐོར་སྐྱོད་འདྲི་ཞིབ་ལ་ཤུགས་བསྣན་ནས། རྩོད་གཞི་ས་གནས་ནས་ཐག་གཅོད་པ་དང་འགལ་བ་གཞི་རིམ་ནས་ཐག་གཅོད་ཅིང་། གྲོང་གསེབ་དར་སྤེལ་གྱི་ཐབས་ཇུས་དང་གྲོང་ཁོངས་སྤྱི་ཚོགས་བཅོས་སྐྱོང་ལ་ཧུར་ཐག་གིས་ཞབས་ཕྱི་འགན་སྲུང་བྱེད་པ་དང་། འདྲི་གཅོད་ལག་བསྟར་བྱ་བའི་ཁྲོད་མི་དམངས་མང་ཚོགས་ལ་དྲང་གཞག་དང་དྲང་བདེན་ཚོར་དུ་འཇུག་དགོས།
བཞི་ནས་འདྲི་གཅོད་ལག་བསྟར་གྱི་དབང་ཆ་ཚད་ལྡན་དོ་དམ་བྱེད་པར་མུ་མཐུད་དུ་ཤུགས་སྣོན་དགོས། འདྲི་གཅོད་དབང་ཆར་ལྟ་སྐུལ་ཚོད་འཛིན་བྱེད་པའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་ཞིང་། འདྲི་གཅོད་དོ་དམ་དང་དབྱེ་ཞིབ་དཔྱད་བཤེར། གྲུབ་འབྲས་དཔྱད་ཞིབ། ཁྲིམས་དཔོན་གྱིས་ལས་འགན་སྒྲུབ་པའི་འགན་སྲུང་དང་ཆད་གཅོད་བསླབས་འདོམས་སོགས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཙུགས་ཏེ། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། “རིམ་བཞིའི་ཁྲིམས་ཁང་གི་འདྲི་རིམ་འགན་ནུས་གནས་འཁེལ་འཐུས་ཚང་དུ་གཏོང་བའི་བཅོས་སྒྱུར་ཚོད་ལྟའི་གནས”ཀྱི་བྱ་བ་གཏིང་ཟབ་སྒོས་སྤེལ་ཏེ། རིམ་སྤར་བདག་ཁོངས་བྱ་བའི་བརྒྱུད་རིམ་ཞིབ་ཕྲར་གཏོང་བ་དང་བསྐྱར་ཞིབ་གོ་རིམ་བཅོས་སྒྱུར་ཐབས་ལམ་འཐུས་ཚང་དུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་ཐོན་ཁུངས་སྡེབ་སྒྲིག་ཇེ་ལེགས་སུ་གཏང་དགོས། འདྲི་གཅོད་ལས་སྒོ་སྡེ་ཁག་གིས་གྱོད་འགོད་དང་འདྲི་གཅོད། ལག་བསྟར་གྱི་རིམ་པ་སོ་སོའི་ནང་ཁྲིམས་དཔོན་གྱི་གཅོད་འཇལ་དབང་ཆ་སྤྱོད་པ་དང་ཕྱོགས་བསྡུས་དོ་དམ་སྡེ་ཁག་གི་དབང་ཆ་སྤྱོད་པ་ཕྱོགས་ཡོངས་ནས་ཚད་ལྡན་དུ་གཏང་དགོས། ཁྲུན་གཅོད་ཡིག་རིགས་བཟོ་བ་དང་ཁྲོམ་བསྒྲགས་ཀྱི་བརྒྱུད་རིམ་ཚད་ལྡན་དུ་གཏོང་ཞིང་། ཞིབ་བཤེར་ཞུ་དག་དང་ལྟ་སྐུལ་འགན་འཁྲི་རྩད་གཅོད་ལམ་ལུགས་བཙུགས་ནས། ཁྲུན་གཅོད་ཡིག་རིགས་ཀྱི་སྤུས་ཚད་ཇེ་མཐོར་འགྲོ་བར་ནུས་ཤུགས་འདོན་དགོས། ཤེས་རིག་ཁྲིམས་ཁང་གི་འཛུགས་སྐྲུན་བྱ་བ་གཏིང་ཟབ་སྒོས་སྤེལ་ཏེ། མིས་བཟོས་རིག་ནུས་དང་ཁྲིམས་འཛིན་གཞི་གྲངས་ཆེན་མོའི་འཕེལ་རྒྱས་དགོས་མཁོ་དང་འཚམ་པའི་ཆ་འཕྲིན་ཅན་གྱི་རྨང་གཞི་བརྟན་པོར་བཙུགས་ནས། འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་དུ་སྒྱུར་བར་སྐུལ་སྤེལ་གཏང་དགོས།
ལྔ་ནས་མུ་མཐུད་དུ་སྤུས་ཚད་ཇེ་མཐོར་བཏང་སྟེ་ཉམས་སད་ཐེག་ཐུབ་པའི་ཁྲིམས་ཁང་གི་དཔུང་སྡེ་འཛུགས་སྐྱོང་བྱེད་དགོས། དཔུང་སྡེ་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དང་དཔུང་སྡེའི་ཕྱོགས་བསྡུས་སྤུས་ཚད་མཐོར་འདེགས་སུ་བཏང་ནས། གཅིག་མཁས་མང་འཇོན་ཅན་གྱི་ཁྲིམས་ཁང་གི་ལས་བྱེད་མི་སྣ་གསོ་སྐྱོང་བྱེད་པར་དོ་སྣང་བྱ་དགོས། ལས་རིགས་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་དང་བཅའ་ཁྲིམས་ལས་རིགས་ཀུན་སྤྱོད་བརྩི་སྲུང་བྱས་ནས། ཁྲིམས་ལྟར་དྲང་གཞག་དྲང་བདེན་སྒོས་གྱོད་དོན་སྒྲུབ། “དོ་དམ་ནན་མོ་ནི་བརྩེ་བ་ཟབ་མོ་ཡིན་པ”རྒྱུན་འཁྱོངས་བྱེད་པ་དང་། སྒྲིག་ཁྲིམས་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཏང་གི་སྒྲིག་ཁྲིམས་སྒྲིག་སྲོལ་དང་འདྲི་གཅོད་ཀྱི་སྒྲིག་ཁྲིམས་ནན་སྲུང་བྱས་ཏེ། བྱ་བའི་སྤྱོད་ཚུལ་མུ་མཐུད་དུ་ཇེ་ལེགས་སུ་གཏང་དགོས། ཁྲིམས་ཁང་ལས་བྱེད་ཉེན་རྟོག་པའི་རུལ་རྒོལ་འགྱུར་འགོག་གི་བསམ་བློའི་རང་རྟོགས་དང་ཆབ་སྲིད་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་ཇེ་མཐོར་གཏོང་བ་དང་། ལས་བྱེད་ཉེན་རྟོག་པ་ཚང་མ་ནམ་ཡང་ཏང་ལ་བློ་དཀར་བ་དང་རྒྱལ་ཁབ་ལ་བློ་དཀར་བ། མི་དམངས་ལ་བློ་དཀར་བ། རྩ་ཁྲིམས་དང་བཅའ་ཁྲིམས་ལ་བློ་དཀར་བ་བཅས་ལ་ཁག་ཐེག་བྱས་ཏེ། ཏང་དང་མི་དམངས་ཀྱིས་ཡིད་ཆེས་པ། བློས་འཁེལ་བ། སེམས་གཏད་ཆོག་པའི་ཁྲིམས་ཁང་གི་ཧྲག་དམག་འཛུགས་སྐྱོང་བྱེད་པར་འབད་བརྩོན་བྱེད་དགོས་སོ།།
འཐུས་མི་རྣམ་པ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རླབས་ཆེན་གྱི་རྒྱང་སྐྱོད་ཁྲོད། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱ་དགོས་ཤིང་། ཞིང་ཆེན་ཏང་ཨུའི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་དང་དམངས་ཆེན་གྱི་ནུས་ལྡན་ལྟ་སྐུལ་འོག ཐེངས་འདིའི་ཚོགས་ཆེན་གྱི་གྲོས་ཆོད་ནན་ཏན་སྒོས་དོན་འཁྱོལ་དང་། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ། ཏང་གི་ལོ་བརྒྱའི་དཀའ་སྤྱད་འབད་བརྩོན་གྱི་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། ཁྲིམས་ཁང་གི་དཔུང་སྡེ་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱ་དགོས།