ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྲིད་ཀྱི་སྐོར།སྙན་ཞུ།
མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ།
ཡོང་ཁུངས། ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་།  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2021-03-04 11:51:00

——2021ལོའི་ཟླ1པོའི་ཚེས30ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ། ཀྲང་ཀོང་རོང་།

འཐུས་མི་རྣམ་པ།

ངས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར། ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས། དེར་མ་ཟད་ཞིང་ཆེན་སྲིད་གྲོས་ཨུ་ཡོན་དང་གྲོས་ཚོགས་སུ་ཟུར་ཞུགས་ཀྱི་བློ་མཐུན་རྣམ་པས་བསམ་འཆར་སྩོལ་རོགས་ཞུ།

2020ལོ་ནི་ལོ་རང་ག་བ་ཞིག་ཡེ་ནས་མིན། ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཛུབ་ཁྲིད་ཞིབ་ཚགས་འོག་ཏུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱི་འདོམས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལག་ལེན་ནན་ཏན་བྱས་ཤིང། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་སོ་སོའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་བསྟར་མཐིལ་ཕྱིན་བྱས་པ་དང། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཁྲིམས་ལྟར་འགན་བསྒྲུབས་ཤིང་དོན་གཉེར་གསར་གཏོད་བྱས་པས། རིམས་བབ་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ངང་སྐུལ་འདེད་གཏོང་བ་དང་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་རླིང་གི་སྤྱི་ཡོངས་འགན་སྲུང་བྱེད་པའི་ཐད་ལ་དགེ་མཚན་ལྡན་པའི་བྱས་རྗེས་གསར་པ་བཞག་ཡོད།

གཅིག ཏང་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་གནང་བ་རྒྱུན་འཁྱོངས་བྱས་ཏེ། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དམ་པོར་བཟུང།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་ཏང་གིས་མགོ་ཁྲིད་གནང་བ་རྒྱུན་འཁྱོངས་བྱ་རྒྱུ་དེ་དམངས་ཆེན་བྱ་བའི་ཆབ་སྲིད་ཁ་ཕྱོགས་ཡང་དག་པ་ཁག་ཐེག་བྱེད་པ་དང་དམངས་ཆེན་བྱ་བའི་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་བ་དང་བླ་སྲོག་ཏུ་བརྩིས་ཤིང། “འདུ་ཤེས་བཞི”ཇེ་ཟབ་དང་། “རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པ་བཅས་རྩ་བའི་ཚད་གཞིར་བཟུང་སྟེ། དམངས་ཆེན་བྱ་བའི་བརྒྱུད་རིམ་ཡོངས་དང་ཕྱོགས་ངོས་ཀུན་ལ་བསྟར་དུ་བརྒྱུས་ཡོད། ལོ་གཅིག་གི་རིང་ལ་ཞིང་ཆེན་ཏང་ཨུ་ལ་བཀའ་ཞུ་དང་ཡར་ཞུ་ཐེངས་56བྱས། བརྗོད་སྙིང་དང་གཙོ་ཐིག་འབུར་དུ་དོད་ནས། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་མཐིལ་ཕྱིན་བྱ་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེ་ཤོས་སུ་བརྩིས་ཤིང་། ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་རིན་གྲོས་ཚོགས་ཀྱི་གྲོས་དོན་ཨང་དང་པོར་བཞག་ཡོད་ལ། ォཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་གླེང་བサཔོད་གསུམ་པར་ཆེད་དོན་སློབ་སྦྱོང་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་བཀའ་མཆན་གྱི་དགོངས་པར་དུས་ཐོག་ཏུ་རྗེས་སྙེག་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དམངས་ཆེན་མ་ལག་ཏུ་གསོ་སྦྱོང་འཛིན་གྲྭ་སྤེལ་བ་དང་། ཏང་ཙུའུ་ཡི་ཁོངས་མིས་སྣེ་ཁྲིད་དེ་སློབ་པ་དང་། རིམ་པ་སོ་སོའི་དམངས་ཆེན་གྱིས་རེབ་མཐུད་ནས་སློབ་པ། འཐུས་མི་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་ཀྱིན་སློབ་པའི་ཡུན་ཕན་རྐྱེན་སྲོལ་བཙུགས་ཤིང་འཐུས་ཚང་དུ་བཏང་ནས། སློབ་སྦྱོང་དང་ལག་བསྟར་དེ་ཀླད་དབང་དང་སེམས་ཁོངས་སུ་ཞུགས་པ་དང་། གཏིང་ཟབ་དང་དོན་དམ་གྱིས་སྤེལ་བར་སྐུལ་འདེད་གཏོང་བར་བརྩོན་པ་བྱས་ཡོད། རང་ཞིང་གི་དམངས་ཆེན་གྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། དམངས་ཆེན་ལམ་ལུགས་ཀྱི་རིགས་གཞུང་ལ་ཞིབ་འཇུག འཐུས་མིས་འགན་འཁྲི་སྒྲུབ་པར་ཞབས་ཕྱི་དང་འགན་སྲུང་བཅས་བྱས་པའི་ཉམས་མྱོང་དང་སྒྲུབ་ཐབས་ལ་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་དང་རྒྱལ་ཡོངས་དམངས་ཆེན་གྱི་ཁས་ལེན་ཐོབ་ཡོད། ཏང་ཨུའི་བཀོད་སྒྲིག་ལག་བསྟར་མཐིལ་ཕྱིན་བྱས་ཏེ། སྟོབས་ཤུགས་ཡོད་དགུས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུས་དམངས་ཆེན་བྱ་བར་མཐོང་ཆེན་ཚད་མཐོ་གནང་ཞིང་། དམངས་ཆེན་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་གནང་བར་ཤུགས་སྣོན་བརྒྱབ་སྟེ། ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཚོགས་པ་དང། དུས་རབས་གསར་པའི་དམངས་ཆེན་བྱ་བར་སྔར་བས་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བསམ་འཆར་གཏན་ལ་ཕབ་སྟེ་དངོས་སུ་བཏོན་ཞིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་ཝང་ཅན་ཅུན་གྲོས་ཚོགས་སྟེང་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ལ། “བློ་བརྟན་འགྱུར་མེད་ལྔའི”དམིགས་འབེན་བླང་བྱ་བཏོན་ཏེ། དུས་རབས་གསར་པའི་དམངས་ཆེན་བྱ་བ་དང་འཛུགས་སྐྲུན་ལ་སྤུས་ཚད་མཐོན་པོའི་སྒོ་ནས་སྐུལ་འདེད་གཏོང་བར་མཛུབ་སྟོན་དང་བརྩི་བྱ་གལ་ཆེན་འདོན་སྤྲོད་བྱས་ཡོད་ལ། རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བསམ་འཆར་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ་དང། “དམངས་ཆེན་བྱ་བ་དོན་འཁྱོལ་བྱེད་ལོའི”བྱེད་སྒོ་འཆང་བཟུང་བྱས་ཏེ། འོག་གོང་མཉམ་འགུལ་དང་གཞི་གཅིག་ཏུ་སྐུལ་སྤེལ་བྱས་ནས། ཞིང་ཆེན་ཏང་ཨུའི་དམངས་ཆེན་གྱི་ཏང་འཛུགས་སྐྱོང་དང་། ཁྲིམས་འཛུགས། ལྟ་སྐུལ། འཐུས་མིའི་བྱ་བ། དུས་རབས་གསར་པའི་དམངས་ཆེན་འཐུས་མི་ཚད་མཐུན་བྱེད་པ་སོགས་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་བསམ་འཆར་དོན་ཐོག་ཏུ་འཁྱོལ་བར་ཤུགས་བཏོན་ནས་སྐུལ་འདེད་བཏང་བ་དང་། གོང་འོག་མཉམ་འགུལ་དང་གཞི་གཅིག་ཏུ་སྐུལ་སྤེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། “བརྟག་ཞིབ་བཀོད་སྒྲིག+རྗེས་སྙེག་སྐུལ་འདེབས”ཞེས་པའི་བྱ་བ་སྐུལ་ཁྲིད་ཀྱི་རྣམ་པ་གསར་པ་ཆགས་ཡོད། ལྟེ་བའི་ལས་འགན་ལ་དམ་དུ་སྦྱར་ནས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་ཕྱི་བསྒྲུབས། རང་འགུལ་ངང་“ལོ་ལྔའི་འཆར་འགོད་བཅུ་བཞི་བ”སྒྲིག་བཟོ་བྱས་ཚུལ་གྱི་ཆེད་དོན་བརྟག་ཞིབ་སྤེལ་ནས། ཕྱོགས་བསྡུས་གྲོས་མགོ་སྙན་ཞུ་དང་ཡན་ལག་སྙན་ཞུ་11གྲུབ་པ་དང། “བདག་གིས་མཚོ་སྔོན་གྱི་‘ལོ་ལྔའི་འཆར་འགོད་བཅུ་བཞི་བར’ཐབས་ཇུས་འདོན”ཞེས་པའི་འཐུས་མིའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”མཚོ་སྔོན་གྱི་འཕེལ་རྒྱས་མཐིང་རིས་ལེགས་པོར་འབྲི་བར་ཤེས་རིག་གི་སྟོབས་ཤུགས་ཕུལ། མུ་རི་གཏེར་ཁུལ་ལ་ཕྱོགས་བསྡུས་སྒྲིག་བཅོས་བྱེད་པར་དམིགས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་དང་སྦགས་བཙོག་འགོག་བཅོས་སོགས་ཁྱབ་ཁོངས་ཀྱི་ཁྲིམས་སྲོལ་དང་སྲོལ་ཡིག་ལ་གཅིག་བསྡུས་སྒོས་གཙང་སེལ་བྱས། རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པས་རུ་སྣ་ཁྲིད་ནས་ཆེད་དོན་སྐུལ་བཤེར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་དང་ཁྲིམས་སྐྱོང་འགན་འཁྲི་བློ་ཐག་རྦད་ཆོད་ཀྱི་ཕྲག་ཏུ་བླངས། རིམས་བབ་འགོག་སྡོམ་དང་། “བརྟན་འཇགས་དྲུག”དང་“འགན་སྲུང་དྲུག” དབུལ་སྒྲོལ་འགག་གཏོར། སྐྱེ་ཁམས་སྲུང་སྐྱོང། སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་སོགས་ལ་དམ་དུ་སྦྱར་ནས། ཀྲུའུ་རིན་གྲོས་ཚོགས་ཀྱི་ཁོངས་མི་ཐེངས་མང་པོར་གཞི་རིམ་དུ་ཟབ་ཞུགས་ཀྱིས་བརྟག་ཞིབ་དང་སྐུལ་ཁྲིད་བྱས་ཏེ། གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་ལ། བརྟག་ཞིབ་སྙན་ཞུ་མང་པོ་ཞིག་ཞིང་ཆེན་རིམ་པའི་ཕུལ་བྱུང་བརྟག་ཞིབ་སྙན་ཞུར་བདམས་ཐོན་བྱུང་ཡོད། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བར་དམིགས་ནས། ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་སྐོར་གྱི་དཔྱོད་དོན་ཞིབ་འཇུག་ལ་སྣེ་ཁྲིད་ནས་སྤེལ་ཞིང། དམངས་ཆེན་བཅོས་སྒྱུར་དང་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བའི་ལས་འགན་དུས་ལྟར་ལེགས་འགྲུབ་བྱུང་ཡོད། རིམས་བབ་འགོག་སྡོམ་དང་ལས་ཐོན་བསྐྱར་གསོ། མི་རིགས་མཐུན་སྒྲིལ་ཡར་ཐོན། སྲོག་ཆགས་ཀྱི་རིམས་འགོག འགོ་ནད་འགོག་བཅོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས། ལག་བསྟར་དཀའ་བའི་གནད་དོན་དངོས་གནས་ཐག་གཅོད་པ་སོགས་ལ་ཁྲིམས་བསྟར་ཞིབ་བཤེར་དང་ཆེད་དོན་བརྟག་ཞིབ་བྱས་པས། རྒྱལ་ཡོངས་དམངས་ཆེན་གྱི་ཁས་ལེན་ཐོབ་པ་མ་ཟད་འོས་སྦྱོར་ཡང་བྱས་ཡོད།

གཉིས། ཁྲིམས་བཟང་སྐྱོང་མཁས་ཀྱི་དམིགས་ཚད་ལ་དམ་དུ་སྦྱར་ནས། ཁྱད་ལྡན་ཞིབ་ཚགས་སྒོས་ཁྲིམས་འཛུགས་པ་མཚོ་སྔོན་དུ་ལག་ལེན་ཟབ་སྤེལ་བྱས།

རྒྱུན་ལས་ཨུ་ལྷན་ནས་ཁྲིམས་འཛུགས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ལས་ཕྱོད་ཇེ་མཐོར་གཏོང་བ་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ཤིང། ཁྱད་ལྡན་ཞིབ་ཚགས་དང་དངོས་གཉེར་གོ་ཆོད་འབུར་དུ་ཐོན་པར་བྱས་ཏེ། ཁྲིམས་བཟང་བཙུགས་ནས་འཕེལ་རྒྱས་སྐུལ་འདེད་དང་སྐྱོང་མཁས་འགན་སྲུང་བྱེད་པར་བརྩོན། ལོ་གཅིག་གི་རིང་ལ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་12ལ་གཏན་འབེབས་དང་བཟོ་བཅོས་དང་གྲོས་ཞིབ་བྱས་པ་དང་། ཁྲིམས་སྲོལ་54ལ་མཉམ་གཅིག་ཏུ་བཟོ་བཅོས་བརྒྱབ། གྲོང་ཁྱེར་དང་ཁུལ། རང་སྐྱོང་རྫོང་སོ་སོའི་ཁྲིམས་སྲོལ་དང་སྲོལ་ཡིག་16ལ་ཞིབ་བཤེར་བྱས་ནས་ཆོག་མཆན་བཀོད། རང་ཞིང་གི་ཁྲིམས་འཛུགས་བྱ་བའི་ཉམས་མྱོང་དང་ཁྲིམས་འཛུགས་དཔྱད་དཔོག་བྱེད་ཐབས་ལ་རྒྱལ་ཡོངས་དམངས་ཆེན་གྱི་ཁས་ལེན་ཐོབ། གཙོ་གནད་ཁྱབ་ཁོངས་སུ་ཁྲིམས་འཛུགས་པར་ཤུགས་སྣོན་བརྒྱབ། ཐོལ་བྱུང་གི་རིམས་བབ་ལ་ཧུར་ཐག་སྒོས་ཡ་ལན་སྤྲོད་ཆེད་ཁྲིམས་འཛུགས་འཆར་གཞི་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཏེ། རི་སྐྱེས་སྲོག་ཆགས་ཁྲིམས་མིན་ངང་རྔོན་འཛིན་དང་ཉོ་ཚོང་དང་ཁ་ཟས་བྱེད་པ་གཏན་འགོག་སྐོར་གྱི་ཆོད་དོན་ཁྲིམས་ལྟར་བཏོན་པ་དང། བྱི་ནད་འགོག་སྡོམ་སྲོལ་ཡིག་དེ་ཁྲིམས་འཛུགས་ལས་གཞིའི་གྲས་སུ་བཞག་པ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྲོལ་ཡིག་དེ་ཁྲིམས་འཛུགས་བརྟག་ཞིབ་ལས་གཞིའི་གྲས་སུ་བཞག་སྟེ། རིམས་བབ་འགོག་སྡོམ་གྱི་ཁྲིམས་སྐྱོང་རྨང་གཞི་སྲ་བརྟན་དུ་བཏང། མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་དམིགས་ནས། མཐོ་སྒང་གི་མཛེས་པའི་མཁར་གྲོང་འཛུགས་སྐྲུན་ཡར་སྐུལ་སྲོལ་ཡིག་གཏན་ལ་ཕབ་པས། རང་བདག་རང་བཞིན་དང་གསར་བཟོ་རང་བཞིན་གྱི་ཁྲིམས་འཛུགས་ཐད་ནས་གོམ་པ་གསར་པ་སྤོས། ཤང་དང་གྲོང་རྡལ་གྱི་དམངས་ཆེན་བྱ་བའི་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་པ་དང། ལོ་འདི་ཤས་རིང་གི་ཉམས་མྱོང་ལེགས་པོ་དང་སྒྲུབ་ཐབས་ལེགས་པོ་དུས་ཐོག་ཏུ་ལམ་ལུགས་ཀྱི་རྣམ་པར་གཏན་ཁེལ་བྱས་ཏེ། གཞི་རིམ་གྱི་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཚད་ལྡན་ངང་འཁོར་སྐྱོད་ཐུབ་ཅིང་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་བཏང། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་སྒྱུར་བའི་བླང་བྱ་གསར་པར་བསྟུན་ནས། ཆོས་ལུགས་ལས་དོན་སྲོལ་ཡིག་ཡང་བསྐྱར་གཏན་ལ་ཕབ་སྟེ་ཁྲིམས་ལྟར་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ལ་སྲུང་སྐྱོང་བྱས། དུག་འགོག་སྲོལ་ཡིག་དང་། རྒྱལ་དབང་ས་ཞིང་ཐོག་གི་ཁང་པ་གཞུང་བསྡུ་དང་སྐྱིན་གསབ་སྲོལ་ཡིག སྤྱི་པའི་ཡིད་རྟོན་ཆ་འཕྲིན་སྲོལ་ཡིག བྱི་ནད་འགོག་སྡོམ་སྲོལ་ཡིག་བཅས་ལ་ཐོག་མའི་ཞིབ་བཤེར་བྱས། ཁྲིམས་འཛུགས་ཀྱི་ལམ་ལུགས་དང་རྐྱེན་སྲོལ་འཐུས་ཚང་དུ་བཏང། ཚན་རྩལ་གྱི་གྲུབ་འབྲས་ཕན་སྒྱུར་ལ་ཡར་སྐུལ་བྱེད་པའི་སྲོལ་ཡིག་དང་བྱ་ཕྱུགས་བཤའ་བར་དོ་དམ་བྱེད་པའི་སྲོལ་ཡིག་ལ་ཁྲིམས་འཛུགས་“ཞིབ་གསུམ་ལམ་ལུགས”ལག་བསྟར་བྱས་ཏེ། ཁྲིམས་འཛུགས་སྤུས་ཚད་སྔར་བས་ཇེ་མཐོར་བཏང། ཁྲིམས་འཛུགས་དཔྱད་དཔོག་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང། ས་གནས་ཀྱི་ཁྲིམས་འཛུགས་ཞིབ་འཇུག་དཔྱད་དཔོག་དང་བློ་འདྲི་ཞབས་ཕྱིའི་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ཅིང་། ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཞུ་ཚགས་ཞིབ་བཤེར་བྱེད་པའི་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་མ་བྱུང་སྔོན་གྱི་དཔྱད་དཔོག་དང། ཁེ་ལས་ཆུང་འབྲིང་ཡར་སྐུལ་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་ཀྱི་ཁྲིམས་བཙུགས་རྗེས་ཀྱི་དཔྱད་དཔོག་བྱ་བ་སྤེལ་ནས། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་“ལུས་བརྟག”དང་“ཕྱིར་ལྟ”བྱས། བྱི་ནད་འགོག་སྡོམ་སྲོལ་ཡིག་གི་འཆར་ཟིན་དང་སྤྱི་པའི་ཡིད་རྟོན་ཆ་འཕྲིན་སྲོལ་ཡིག་གི་འཆར་ཟིན་ལ་ཁྲིམས་འཛུགས་གྲོས་མོལ་བྱས་ཏེ། རྒྱ་ཁྱབ་ཏུ་ཁྲིམས་འཛུགས་མོས་པ་གོང་བུར་བསྒྲིལ་བས། ས་གནས་ཀྱི་ཁྲིམས་བཙུགས་པ་དེ་སྔར་བས་ཚན་རིག་དང་མཐུན་ཞིང་དམངས་གཙོ་དང་སྒོ་འབྱེད་དང་གུ་ཡངས་སུ་གྱུར། ཁྲིམས་སྐྱོང་གཅིག་གྱུར་ཡོང་བར་སྲུང་སྐྱོང་བྱ་རྒྱུ་གཙིགས་སུ་བཟུང་། ཡིག་ཆ་བཏོན་ཚད་ངེས་པར་ཞུ་ཚགས་འགོད་པ་དང་། ཞུ་ཚགས་བཀོད་ཚད་ངེས་པར་ཞིབ་བཤེར་བྱེད་པ། ནོར་འཁྲུལ་ཡིན་ཚད་ངེས་པར་ཡོ་བསྲང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཚད་ལྡན་རང་བཞིན་གྱི་ཡིག་ཆར་ཞུ་ཚགས་ཞིབ་བཤེར་བྱེད་པའི་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་པ་དང་། 2019ལོའི་ཞུ་ཚགས་ཞིབ་བཤེར་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་ཞིང་གྲོས་ཞིབ་བྱས། ཞུ་ཚགས་ཞིབ་བཤེར་ཆ་འཕྲིན་ལས་སྟེགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ལོ་ཧྲིལ་པོར་བསྡོམས་པས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་35ལ་ཞུ་ཚགས་ཞིབ་བཤེར་བྱས། ཆོག་མཆན་ཞུ་བའི་ཁྲིམས་སྲོལ་དང་སྲོལ་ཡིག་གི་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་དམིགས་འབེན་དུ་བཟུང་ཞིང་། སྔ་ས་ནས་དེར་ཞུགས་པ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང། ཁུལ་ཡོངས་ཡུལ་སྐོར། འགན་བབས་སློབ་གསོ། མཛེས་པའི་གྲོང་གསེབ་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ། བོད་སྐད་ཡིག་སོགས་ལ་འབྲེལ་བའི་དུས་རབས་ཀྱི་ཁྱད་ཆོས་དང་ས་ཁོངས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཁྱད་ཆོས་མངོན་པའི་ཁྲིམས་སྲོལ་དང་སྲོལ་ཡིག་སྐོར་ཞིག་ལ་ཞིབ་བཤེར་བྱས་ཏེ་ཆོག་མཆན་བཀོད། རེབ་གསར་པའི་རང་སྐྱོང་སྲོལ་ཡིག་བཟོ་བཅོས་བྱ་བ་སྤེལ་མགོ་བརྩམས་ཏེ། མཚོ་ལྷོ་དང་མཚོ་བྱང་དང་ཡུལ་ཤུལ་ཁུལ་བཅས་ཀྱི་རང་སྐྱོང་སྲོལ་ཡིག་ལ་ཞིབ་བཤེར་བྱས་ཏེ་ཆོག་མཆན་བཀོད། མཚོ་ཤར་གྲོང་ཁྱེར་གྱི་ཡུལ་སྲོལ་གསར་སྒྱུར་ཡར་སྐུལ་སྲོལ་ཡིག་ནི་རྒྱལ་ཡོངས་ཀྱི་ཡུལ་སྲོལ་བསྒྱུར་ནས་སྲོལ་བཟང་སྤེལ་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མར་གྱུར། ཟི་ལིང་གྲོང་ཁྱེར་གྱི་གཞིས་ལས་དོ་དམ་སྲོལ་ཡིག་གིས་གཞིས་བདག་དང་གཞིས་ལས་ཞབས་ཕྱི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ནུས་ལྡན་སྒོས་སྲུང་སྐྱོང་བྱས་ཡོད་པས། ས་གནས་ཀྱི་ཁྲིམས་བཙུགས་པ་དེ་སྔར་བས་མང་ཚོགས་ལ་འབྲེལ་བ་ཟབ་ཅིང་སྔར་བས་དམིགས་གཏད་རང་བཞིན་ལྡན་པར་གྱུར།

གསུམ། མི་དམངས་མང་ཚོགས་ཀྱི་དོ་ཁུར་ཆེ་སར་ལན་ཕྱིན་ཏེ། ལྟ་སྐུལ་གྱི་མཁྲེགས་གཤིས་དང་ཕན་འབྲས་རྒྱུན་མ་ཆད་པར་ཇེ་ཆེར་བཏང།

རྒྱུན་ལས་ཨུ་ལྷན་གྱིས་ཞིང་ཆེན་ཡོངས་ཀྱི་གཙོ་གནད་དུ་གྱུར་པའི་བྱ་བ་དང་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཚ་གནད་དང་དཀའ་གནད་དུ་གྱུར་པའི་གནད་དོན་ལ་རྩེ་གཅིག་ཏུ་དམིགས་ནས་ལྟ་སྐུལ་བྱས་ཤིང། ཁྲིམས་སུ་ཁུངས་ལུང་ཡོད་པ་དང། གནད་དོན་གྱིས་ཁ་ཕྱོགས་སྟོན་པ། རྒྱ་ཁྱབ་ཏུ་བསམ་འཆར་བསྡུ་བ། སྒྲིག་བཅོས་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ལྟ་སྐུལ་གྱི་མཁྲེགས་གཤིས་ཇེ་དྲག་ཏུ་བཏང་ཞིང་། གོ་རྟོགས་དང་རྒྱབ་སྐྱོར་གསལ་བོར་མངོན་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་དོན་འཁྱོལ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་གོ་ཆོད་བྱེད་པ་ཁག་ཐེག་བྱས། ལོ་གཅིག་གི་རིང་ལ། ཆེད་དམིགས་བྱ་བའི་སྙན་ཞུ་11ལ་ཉན་ཞིང་གྲོས་ཞིབ་བྱས་པ་དང་། ཁྲིམས་བསྟར་ཞིབ་བཤེར་དོན་ཚན་6དང་། ཆེད་དོན་རྩད་འདྲི་ཐེངས་1དང་། ཆེད་དོན་བརྟག་ཞིབ་དོན་ཚན་5སྤེལ་བ་དང་། མང་ཚོགས་ཀྱི་ཡིག་སྐུར་ངོ་བཅར་མི་ཐེངས་376བདག་སྤྲོད་བྱས། ལྟ་སྐུལ་གྱི་གཙོ་གནད་ལ་རྒྱུས་ལོན་ཡང་དག་བྱེད་པ་གཙིགས་སུ་བཟུང་། “བརྟན་འཇགས་དྲུག”དང་“འགན་སྲུང་དྲུག”གི་སྲིད་ཇུས་ལས་འགན་དོན་འཁྱོལ་བྱེད་པར་དམ་དུ་སྦྱར་ནས། ཆེད་དོན་སྐུལ་ཁྲིད་དང་བརྟག་ཞིབ་སྤེལ་བ་དང་། ལྷག་པར་དུ་ལས་ཞུགས་ལ་ཡར་སྐུལ་བྱེད་པ་ཤུགས་རྒྱག་ས་བྱས་ཏེ། ལས་ཞུགས་ཡར་སྐུལ་བཅའ་ཁྲིམས་ལ་ཁྲིམས་བསྟར་ཞིབ་བཤེར་བྱས་པའི་རྨང་གཞིའི་སྟེང་དུ། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ཡར་སྐུལ་བྱ་བར་ཆེད་དོན་རྩད་འདྲི་བྱས་ཏེ། ཁྲིམས་ལྟར་ལས་ཞུགས་བརྟན་འཇགས་དང་དམངས་འཚོ་འགན་སྲུང་བྱས། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་མདོ་བསྡུ་བར་བྱས་ཏེ། རང་ཞིང་གི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཚུབ་ཟློག་དོ་དམ་བྱ་བ་དང་འགོ་ནད་འགོག་བཅོས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་པའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་ཞིང་གྲོས་ཞིབ་བྱས་པ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྐོར་གྱི་“ཁྲིམས་གཅིག་ཆོད་དོན་གཉིས”དང་སྲོག་ཆགས་ཀྱི་རིམས་ནད་འགོག་པའི་སྐོར་གྱི་“ཁྲིམས་གཅིག་སྲོལ་ཡིག་གཅིག”ལ་ཁྲིམས་བསྟར་ཞིབ་བཤེར་བྱས་ཤིང། ཁྲིམས་ལྟར་སྲོག་ཆགས་རིམས་ནད་འགོག་སྡོམ་བྱེད་པའི་ཆུ་ཚད་ཇེ་མཐོར་བཏང་སྟེ། མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་བྱས། སྦགས་བཙོག་འགོག་བཅོས་ཀྱི་འགག་གཏོར་གཡུལ་འཐབ་ལེགས་པོར་བཤམ་པར་དམིགས་ནས། བསྟུད་མར་ལོ་གསུམ་ལ་རླུང་ཁམས་ཆེན་མོ་དང་ཆུ་དང་ས་རྒྱུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ལ་ཁྲིམས་བསྟར་ཞིབ་བཤེར་བྱས་པ་དང་། 2019ལོར་ཆུའི་སྦགས་བཙོག་འགོག་བཅོས་སྐོར་གྱི་བཅའ་ཁྲིམས་ལ་ཁྲིམས་བསྟར་ཞིབ་བཤེར་བྱས་ནས་མཐོང་བའི་གནད་དོན་དང། རེབ་གཉིས་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་བཏོན་པའི་གནད་དོན་ལ་རྗེས་འདེད་སྒྲུབ་སྐུལ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་དམིགས་འབེན་ལེགས་འགྲུབ་བྱས་པའི་གནས་ཚུལ་གྱི་སྙན་ཞུར་ཉན་ཞིང་གྲོས་ཞིབ་བྱས། “རྨ་འབྲིའི་འབྱུང་ཡུལ་གྱི་ཁོར་ཡུག་སྲུང་སྐྱོང་དུས་རབས་འགུལ་སྐྱོད”ཅེས་པའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ཏེ། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་གནམ་སྔོ་ཆུ་དྭངས་ས་གཙང་སྲུང་སྐྱོབ་ཀྱི་གཡུལ་འཐབ་ལེགས་པོར་བཤམ་པར་ཁྲིམས་ལྟར་རམ་བུ་བཏེགས། ལྟ་སྐུལ་བྱེད་ཐབས་གསར་གཏོད་ལ་འབད་བརྩོན་བྱས། དམངས་ཆེན་གྱི་ཁྲིམས་བཀོད་འགན་ནུས་དང་ལྟ་སྐུལ་བྱེད་སྟངས་མི་འདྲ་བ་རྣམས་སྤྱོད་མཁས་བྱས་ཏེ། ཁྲིམས་འཛུགས་དང་ལྟ་སྐུལ། ཐག་གཅོད། བསྐོ་འཐེན། འཐུས་མིའི་བྱ་བ་བཅས་ཕན་ཚུན་དུ་འདྲེས་པར་སྐུལ་འདེད་བཏང་བ་དང་། དམངས་ཆེན་གྱི་ལྟ་སྐུལ་དང་གླེང་ཕྱོགས་ཀྱི་ལྟ་སྐུལ། སྤྱི་ཚོགས་ཀྱི་ལྟ་སྐུལ། འཐུས་མིའི་ལྟ་སྐུལ་བཅས་ཕན་ཚུན་མཉམ་སྒྲུབ་བྱས་ཏེ། ལྟ་སྐུལ་གྱི་ཕན་ནུས་ཆེར་བསྐྱེད་ཅིང་ལྟ་སྐུལ་གྱི་སྡོམ་ཤུགས་ཆགས་སུ་བཅུག ཉན་ཞིང་གྲོས་ཞིབ་བྱ་དགོས་པའི་བྱ་བའི་སྙན་ཞུ་དང་ཆེད་དོན་སྙན་ཞུའི་ཁྲོད་དུ་གནད་དོན་དང་རྒྱུ་མཚན་གྱི་ཁག་ནི་སུམ་ཆ་གཅིག་ལས་མི་ཉུང་བ་དང། གནད་དོན་ཐག་གཅོད་པའི་ཐབས་བཀོད་ཀྱི་ཁག་ནི་སུམ་ཆ་གཅིག་ལས་མི་ཉུང་བ་ཐེངས་དང་པོར་ངེས་གསལ་བྱས་པ་དང་། ཁྲིམས་བསྟར་ཞིབ་བཤེར་གྱི་ཁྲོད་དུ་ཐེངས་དང་པོར་ཞིབ་བཤེར་ཕྱོགས་སྟོན་གཏན་ལ་ཕབ་པ་མ་ཟད། སྐབས་བསྟུན་འཐེན་བཤེར་དང་འབྲེལ་ཡོད་གནད་དོན་ལ་ཞིབ་བཤེར་ཁ་སྣོན་ཡང་བྱས། རྒྱུན་ལས་ཨུ་ལྷན་གྱི་གྲོས་ཞིབ་བསམ་འཆར་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་བསྒྲུབ་སྤྲོད་ཚོགས་འདུ་ཐེངས་དང་པོར་ཚོགས་ཏེ། གནད་དོན་གྱི་གསལ་ཐོ་བཀོད་པ་དང་། འགན་འཁྲི་ལས་བགོས་ཞིབ་ཚགས་སུ་བཏང་ཞིང་། རྒྱུན་མཐུད་ངང་རྗེས་འདེད་ལྟ་སྐུལ་བྱས་ཏེ། སྒྲིག་བཅོས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང། མཚོ་ལྷོ་ཁུལ་གྱིས་ལྟ་སྐུལ་ལས་མཐོང་བའི་གནད་དོན་དང་། དམངས་ཆེན་གྱི་གྲོས་ཆོད་དང་ཆོད་དོན་སྣ་ཚོགས་དང་གྲོས་ཞིབ་བསམ་འཆར་བཅས་ལ་རྗེས་འདེད་སྒྲུབ་སྐུལ་བྱེད་པའི་བྱ་བའི་རྐྱེན་སྲོལ་བཙུགས་པ་དང་། མགོ་ལོག་ཁུལ་གྱིས་“གཞུང་གཅིག་ཨུ་གཅིག་ཁང་གཉིས”ཀྱིས་གྲོས་ཞིབ་བསམ་འཆར་བསྒྲུབས་པའི་གནས་ཚུལ་ལ་ཡིད་ཚིམ་ཚད་ཀྱི་ཚད་འཇལ་དཔྱད་འཇོག་བྱས། ལྟ་སྐུལ་གྱི་ཕན་འབྲས་དངོས་གནས་ཇེ་དྲག་ཏུ་བཏང། དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། འཆར་གཞི་དང། ནོར་སྲིད་ཀྱི་སྔོན་རྩིས་ངེས་རྩིས། རྩིས་བཤེར་བྱ་བ། དེ་མིན་2020ལོའི་དཔལ་འབྱོར་བྱ་བའི་ལས་འགན་དང་“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”རྩ་གནད་ཀྱི་དམིགས་འབེན་ཁག་ཅིག་ལེགས་སྒྱུར་སྙོམས་སྒྲིག་བྱེད་པའི་སྙན་ཞུ་ལ་ཉན་ཞིང་གྲོས་ཞིབ་བྱས་པ་དང་། ས་གནས་སྲིད་གཞུང་གིས་བུན་འཛིན་འགྲེམ་སྤེལ་བྱེད་པ་མ་ཟད་གཏོང་ཡོང་སྔོན་རྩིས་ཀྱང་བབ་བསྟུན་གྱིས་ལེགས་སྒྲིག་བྱེད་པའི་སྙན་ཞུ་ལ་ཞིབ་བཤེར་བྱས་ཏེ་ཆོག་མཆན་བཀོད་པ་དང། འབྲེལ་ཡོད་ཀྱི་སྲིད་ཇུས་དང་ཐབས་བཀོད་རྗེས་སྙེག་དོན་འཁྱོལ་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་བརྟན་རླིང་ངང་ཡར་རྒྱས་སུ་འགྲོ་བར་རམ་བུ་བཏེགས། རྒྱལ་དབང་རྒྱུ་ནོར་གྱི་རིན་ཐང་བརྟན་སྲུང་དང་འཕར་སྣོན་འབྱུང་བར་དམིགས་ནས། བསྟུད་མར་ལོ་གཉིས་ལ་རྒྱལ་དབང་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུ་དང་ཆེད་དམིགས་སྙན་ཞུར་གྲོས་ཞིབ་བྱས་ཏེ། རྒྱུ་ནོར་ཅི་ཡོད་ཁུངས་ཆོད་པ་བྱས་པ་དང། རྗེས་འདེད་ལྟ་སྐུལ་བྱས་ནས། ཞིང་ཆེན་སྲིད་གཞུང་གིས་རྒྱལ་དབང་རྒྱུ་ནོར་ལ་བདག་གཉེར་དོ་དམ་བྱེད་པའི་འགན་འཁྲི་སྔར་བས་ལེགས་པོར་བསྒྲུབ་པར་སྐུལ་འདེད་བཏང། དམངས་ཆེན་གྱིས་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པའི་གཙོ་གནད་དེ་འགྲོ་སོང་སྔོན་རྩིས་དང་སྲིད་ཇུས་ཀྱི་ཕྱོགས་སུ་རྒྱ་བསྐྱེད་པར་ཤུགས་བཏོན་ནས་སྐུལ་འདེད་བཏང་བ་དང་། རང་ཞིང་གིས་སྔོན་རྩིས་ལ་ཐོག་མའི་ཞིབ་བཤེར་དང་སྔོན་རྩིས་ལ་དྲ་སྦྲེལ་ལྟ་སྐུལ་བྱས་པའི་བྱ་བའི་ཉམས་མྱོང་དེ་རྒྱལ་ཡོངས་དམངས་ཆེན་གྱིས་འོས་སྦྱོར་བྱས། ཁྲིམས་སྐྱོང་བྱེད་སྟངས་ལ་བརྟེན་ནས་མི་དམངས་ཀྱི་ཁེ་དབང་འགན་སྲུང་དང་སྤྱི་ཚོགས་བཅོས་སྐྱོང་སྐུལ་འདེད་བྱས་ཤིང། ཕྱིར་ལོག་ཕྱིར་སྡོད་རང་མི་དང་དེ་དག་གི་ཁྱིམ་མིའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་ཞིང་གིས་བཏོན་པའི་ལག་བསྟར་བྱེད་ཐབས་ལ་ཐེངས་དང་པོར་ཁྲིམས་བསྟར་ཞིབ་བཤེར་བྱས་ཏེ། ཕྱིར་ལོག་ཕྱིར་སྡོད་རང་མི་དང་དེ་དག་གི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས། ཞིང་ལས་འཕྲུལ་ཆས་ཅན་ཡར་སྐུལ་བྱེད་པའི་“ཁྲིམས་གཅིག་སྲོལ་ཡིག་གཅིག”གི་ཁྲིམས་བསྟར་ཞིབ་བཤེར་གཏིང་ཟབ་ཏུ་སྤེལ་ཏེ། ཞིང་ལས་དེང་རབས་ཅན་དུ་འཕེལ་རིམ་ལ་རམ་བུ་བཏེགས། ནག་འཇོམས་ངན་སེལ་གྱི་ཆེད་དམིགས་འཐབ་རྩོད་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་ཞིང་གྲོས་ཞིབ་བྱས་ཏེ། བདེ་འཁོད་སྒྲིག་ཡོད་ཀྱི་སྤྱི་ཚོགས་ཁོར་ཡུག་ལ་སྔར་བས་སྲུང་སྐྱོང་བྱས་པ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལག་བསྟར་བྱ་བའི་སྒྲིག་བཅོས་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་ཞིང་གྲོས་ཞིབ་བྱས་ཏེ། “ལག་བསྟར་བྱེད་དཀའ་བ་ཕལ་ཆེར་ཐག་གཅོད་”བྱས་པའི་འབྲས་བུ་སྲ་བརྟན་དུ་བཏང། ཞིང་ཆེན་ཡོངས་ཀྱི་སློབ་སྔོན་སློབ་གསོའི་དགེ་རྒན་གྱི་ལས་མཚུངས་ཐོབ་མཚུངས་གནས་ཚུལ་དང་། བོད་འབྲེལ་ས་ཁུལ་གྱི་རྒན་གསོ་ཞབས་ཕྱིའི་འཕེལ་རྒྱས། ཟི་ལིང་གྲོང་ཁྱེར་གྱི་གད་སྙིགས་གཙང་སེལ་དང་གད་སྙིགས་རིགས་དབྱེའི་ཚོད་ལྟའི་གནས་སྐུལ་སྤེལ་བྱས་པའི་གནས་ཚུལ་བཅས་ལ་ཆེད་དོན་བརྟག་ཞིབ་བྱས་ཤིང། འབྲེལ་ཡོད་ཀྱི་བྱ་བར་ཡར་སྐུལ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དང་བདེ་སྣང་རྒྱུན་མ་ཆད་པར་ཡར་འཕར་དུ་བཅུག་ཡོད།

བཞི། གཅིག་གྱུར་གཉིསརྒྱུན་འཁྱོངས་བྱས་ཏེ། ཐག་གཅོད་དང་བསྐོ་འཐེན་བྱ་བ་ཁྲིམས་ལྟར་ལེགས་པོར་བསྒྲུབས།

རྒྱུན་ལས་ཨུ་ལྷན་གྱིས་དོན་དག་གལ་ཆེན་ཐག་གཅོད་བྱེད་དབང་དང་མི་དོན་བསྐོ་འཐེན་བྱེད་དབང་ཁྲིམས་ལྟར་སྤྱད་དེ། ཏང་གི་བཞེད་དགོངས་དེ་ཁྲིམས་བཀོད་གོ་རིམ་བརྒྱུད་ནས་རྒྱལ་ཁབ་ཀྱི་འདོད་བློ་རུ་འགྱུར་བ་དང། ཏང་རྩ་འཛུགས་ཀྱིས་འོས་སྦྱོར་བྱས་པའི་འོས་མི་དེ་ཁྲིམས་བཀོད་གོ་རིམ་བརྒྱུད་ནས་རྒྱལ་ཁབ་ལས་ཁུངས་ཀྱི་མགོ་ཁྲིད་མི་སྣ་འགྱུར་བ་ཁག་ཐེག་བྱས། ཏང་ཨུས་ཇུས་ཐག་གཅོད་པ་དང་དམངས་ཆེན་གྱིས་ཁྲིམས་ལྟར་ཐག་གཅོད་པ་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་ཆེན་གལ་ཆེན་དང་མི་དམངས་མང་ཚོགས་ཀྱི་ཅི་མཁོ་ཅི་རེ་ལ་མདོ་བསྡུ་བར་བྱས་ནས། སྔ་གཞུག་ཏུ་གྲོས་ཆོད་དང་ཆོད་དོན་32བཏོན་པ་དང་། པྲོག་གསར་གློ་ནད་ཀྱི་རིམས་བབ་འགོག་སྡོམ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ། ཐོན་ཁུངས་དཔྱ་ཁྲལ་གྱི་ཁྲལ་ཐོ་ཁྲལ་ཚད་དང་གཟིགས་སྐྱོང་སྲིད་ཇུས་སོགས་ཕྱོགས་མང་པོར་འབྲེལ་ཡོད་པས། ཇུས་ཆོད་གལ་ཆེན་དག་ཚན་རིག་ཅན་དང་དམངས་གཙོ་ཅན་དང་ཁྲིམས་སྐྱོང་ཅན་དུ་སྒྱུར་བར་ཡར་སྐུལ་བྱས། ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་མཉམ་ལས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་ནས། སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་བྱ་བར་ཤུགས་སྣོན་རྒྱག་པའི་སྐོར་གྱི་ཆོད་དོན་བཏོན་ཏེ། ཁྲིམས་སྐྱོང་མཚོ་སྔོན་གྱི་འཛུགས་སྐྲུན་ལ་རམ་བུ་བཏེགས། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པ་དང་དམངས་ཆེན་གྱིས་ཁྲིམས་ལྟར་བསྐོ་འཐེན་བྱེད་དབང་སྤྱོད་པ་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས། ཆབ་སྲིད་ལ་དང་དོད་བྱེད་པའི་མཐོ་ཚད་ནས་བསྐོ་འཐེན་བྱེད་དབང་དངོས་གནས་ལེགས་པོར་སྤྱད་ཅིང་། འདེམ་བསྐོ་དང་བསྐོ་འཐེན་གྱི་བྱ་བ་ལེགས་པོར་བསྒྲུབ་རྒྱུ་དེ་“འདུ་ཤེས་བཞི”ཇེ་ཟབ་དང་“རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པར་ཐད་ཀར་ཞིབ་དཔྱད་བྱེད་པར་བརྩིས་ཏེ། ཆབ་སྲིད་ལ་དང་དོད་བྱེད་པའི་མཐོ་ཚད་ནས་བསྐོ་འཐེན་བྱེད་དབང་དངོས་གནས་ལེགས་པོར་སྤྱད་ནས། ལོ་ཧྲིལ་པོར་བསྡོམས་པས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་མི་ཐེངས་67འདེམ་བསྐོ་དང་བསྐོ་འཐེན་བྱས། རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་ལག་བསྟར་བྱེད་ཐབས་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་བསྐོ་འཐེན་བྱེད་ཐབས། བསྐོ་བྱའི་འོས་མིས་བསྐོས་འགན་མ་ཁུར་སྔོན་དུ་གཏམ་བཤད་པའི་གནས་སྐབས་གཏན་འབེབས་བཅས་ལ་བཟོ་བཅོས་བརྒྱབ་ཅིང་དོན་འཁྱོལ་བྱས་པ་དང། ཐག་བཅད་པའི་དོན་ཚན་དང་བསྐོས་འགན་ཁུར་བའི་ལས་བྱེད་པར་རྗེས་འདེད་ལྟ་སྐུལ་བྱེད་པའི་རྐྱེན་སྲོལ་འཛུགས་པར་འཚོལ་ཞིབ་བྱས་ནས། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་རྩ་ཁྲིམས་འདུ་ཤེས་དང། མི་དམངས་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཇེ་ཟབ་ཏུ་བཏང། ཞིང་ཆེན་དམངས་ཆེན་འཐུས་མི་དང་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་དག་གིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་བརྩི་མཐོང་བྱས་ཏེ། དོན་གནས་དྲང་གཞག་ཡིན་པ་རྒྱུན་འཁྱོངས་བྱས་ཤིང་། ལྷག་བསམ་རྣམ་དག་གིས་འགན་འཁྲི་བསྒྲུབས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མི་དོན་བཀོད་སྒྲིག་གི་འདོད་བློ་མཐའ་དག་ཕུན་སུམ་ཚོགས་པའི་སྒོ་ནས་མངོན་འགྱུར་བྱུང། རྨ་ལྷོ་ཁུལ་གྱིས་འགན་བསྐོས་ལས་བྱེད་པར་རྗེས་འདེད་ལྟ་སྐུལ་བྱེད་པའི་རྐྱེན་སྲོལ་བཙུགས་ཤིང་། ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོའི་འགན་ཁུར་པ་གཙོ་བོའི་འགན་འཁྲི་བསྒྲུབས་པའི་གནས་ཚུལ་ལ་དཔྱད་མོལ་བྱས།

ལྔ། འཐུས་མིའི་བྱེད་པོའི་ནུས་པ་འདོན་སྤེལ་བྱས་ཏེ། འཐུས་མིས་འགན་འཁྲི་བསྒྲུབས་པའི་ཕན་ནུས་ཤུགས་ཆེན་པོས་ཇེ་མཐོར་བཏང་།

རྒྱུན་ལས་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་འཐུས་མིའི་བྱེད་པོའི་ནུས་པ་འདོན་སྤེལ་བྱ་རྒྱུ་དེ་མང་ཚོགས་ལ་འབྲེལ་བ་དམ་ཟབ་འཛུགས་པའི་ཐབས་ལམ་གཙོ་བོ་དང་བྱ་བའི་སྤུས་ཚད་ཇེ་མཐོར་གཏོང་བའི་རྨང་གཞི་གལ་ཆེན་དུ་བརྩིས་ཡོད་ལ། འཐུས་མིས་འགན་ཁུར་ཕོད་ཅིང་འགན་གཙང་མར་སྒྲུབ་པར་རྒྱབ་སྐྱོར་བྱས་ཤིང། འཐུས་མིའི་འགན་འཁྲི་སྒྲུབ་པའི་འཇོན་ཐང་ཇེ་ཆེར་བཏང་བས། འཐུས་མིའི་བྱ་བ་སྔར་བས་ཕུན་སུམ་ཚོགས་ཤིང་གསོན་ཉམས་ལྡན་པར་གྱུར། འཐུས་མིའི་ངོ་བོ་དང་གནས་ངེས་ལ་རྒྱུས་ལོན་ཡང་དག་བྱས་ཏེ། འདུ་ཤེས་གསར་པར་བརྟེན་ནས་འཐུས་མིའི་བྱ་བར་སྣེ་ཁྲིད་དང་སྐུལ་འདེད་བྱས། དུས་རབས་གསར་པའི་དམངས་ཆེན་འཐུས་མིའི་“ངོ་བོ་དྲུག”གི་གནས་ངེས་ལ་དམ་དུ་སྦྱར་ནས། “འཐུས་མིའི་དབང་ཆར་བརྩི་འཇོག་བྱེད་པ་ནི་མི་དམངས་ཀྱི་དབང་ཆར་བརྩི་འཇོག་བྱེད་པ་ཡིན”ཞེས་པ་དང་། “འཐུས་མི་ནི་མཚན་སྙན་དང་ཡིད་ཆེས་ཡིན་ལ། དེ་བས་ཀྱང་གོ་གནས་དང་འགན་འཁྲི་ཡིན”ཞེས་པའི་འདུ་ཤེས་བརྟན་པོར་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་དམངས་ཆེན་འཐུས་མིའི་བྱ་བའི་གྲོས་ཚོགས་ཐེངས་དང་པོར་ཚོགས་པ་དང། དུས་རབས་གསར་པའི་དམངས་ཆེན་འཐུས་མི་ཚད་མཐུན་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་དང་འཐུས་མིའི་བྱ་བར་ཤུགས་སྣོན་རྒྱག་པའི་སྐོར་གྱི་བསམ་འཆར་གཉིས་རྒྱལ་ཡོངས་ཀྱི་སྔོན་དུ་གཏན་ལ་ཕབ་སྟེ་དངོས་སུ་བཏོན། “བྱེད་ཐབས་གཉིས”དམངས་ཆེན་རིམ་པ་བཞི་ལ་ཡོངས་སུ་ཁྱབ་པར་སྐུལ་འདེད་ཧུར་ཐག་བྱས་ཤིང། ཞིང་ཆེན་དམངས་ཆེན་འཐུས་མིའི་འགན་འཁྲི་བསྒྲུབས་ཚུལ་དང་“བྱེད་ཐབས་གཉིས”ལག་བསྟར་བྱས་ཚུལ་གྱི་ཡར་ཞུ་ལ་ཉན་པ་དང། འཐུས་མིའི་བྱ་བ་ཚད་ལྡན་དུ་བཏང་ཞིང་ཞབས་ཕྱིའི་འགན་སྲུང་ལེགས་སྒྱུར་བྱས་ཏེ། འཐུས་མིས་འཇོན་ནུས་ལེགས་པོར་སྦྱོང་བ་དང་ཁུར་ཕོད་ཅིང་ལས་ལ་གཞོལ་བར་ཁྲིད་སྟོན་བྱས། སྒྲུབ་ཐབས་འདི་དག་ལ་རྒྱལ་ཡོངས་དམངས་ཆེན་ནས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་པ་མ་ཟད་ཧྲུའུ་ཅི་ཝང་ཅན་ཅིན་ལགས་ཀྱི་མཆན་བཀོད་དང་ཁས་ལེན་ཡང་ཐོབ་ཡོད། འབྲེལ་གཏུག་ཐབས་ལམ་རྒྱ་བསྐྱེད་དེ། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བྱས། “འབྲེལ་གཏུག་གསུམ”གྱི་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ། ཀྲུའུ་རིན་གྲོས་ཚོགས་ཀྱི་ཁོངས་མི་རྣམས་འཐུས་མི་ལ་བཅར་འདྲིར་འགྲོ་བའི་བྱེད་སྒོ་ཕྱོགས་ཡོངས་སྤེལ་བ་དང་། འཐུས་མིར་རྩ་འཛུགས་བྱས་ཏེ་སྔར་གྱི་འདེམ་བསྐོ་སྡེ་ཚན་དུ་སོང་ནས་ལས་འགན་གསལ་ཞུ་བྱེད་པ་སོགས་ཀྱི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་ཏེ། འབྲེལ་གཏུག་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ཡིན་པ་མངོན་འགྱུར་བྱས། རིམ་པ་སོ་སོའི་དམངས་ཆེན་འཐུས་མི་གདན་དྲངས་ནས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ལ་ཟུར་ཞུགས་བྱས་པ་དང་ཁྲིམས་བསྟར་ཞིབ་བཤེར་དང། ཁྲིམས་འཛུགས་བརྟག་བཤེར། ཆེད་དོན་རྩད་འདྲི་སོགས་ཀྱི་བྱེད་སྒོར་ཞུགས་པ་མི་ཐེངས་110ཡོད་ལ། རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་སུ་ཟུར་ཞུགས་བྱས་པའི་འཐུས་མི་རྣམ་པར་བཞུགས་མོལ་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ། འཐུས་མི་རྣམས་རྒྱུན་ལས་ཨུ་ལྷན་གྱི་བྱ་བར་ཞུགས་པའི་ཁྱབ་རྒྱ་དང་ཟབ་ཚད་ཇེ་ཆེར་བཏང། “ཁང་གཉིས་ལས་སྟེགས་གཅིག”གི་ནུས་པ་འདོན་སྤེལ་བྱས་ཏེ། མགོ་ཁྲིད་ལས་བྱེད་པའི་ཁྲོད་ཀྱི་དམངས་ཆེན་འཐུས་མི་མགོ་མ་བྱས་ཏེ་འབྲེལ་གཏུག་ཁང་དུ་འགྲོ་བར་སྐུལ་འདེད་བཏང་བ་དང་། དྲ་ཐོག་དྲ་འོག་གི་མཐུན་འདྲེས་དང་གསབ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། འཐུས་མིས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་“མཇུག་མཐའི་ལེ་དབར་གཅིག”གེགས་མེད་དུ་བཏང་། “དམངས་ཆེན་འཐུས་མིས་ཡུལ་སྐོར་ལ་སྐུལ་འདེད་བྱེད་པ”དང་“དམངས་ཆེན་འཐུས་མི་གྲོང་གསེབ་ཏུ་སྐྱོད་པ”སོགས་ཀྱི་བྱེད་སྒོ་གསར་གཏོད་སྒོས་སྤེལ་ནས། འཐུས་མིའི་སྲིད་ཞུགས་སྲིད་བགྲོ་སྲིད་སྐུལ་གྱི་ནུས་པ་འདོན་སྤེལ་བྱས། འཐུས་མི་གསོ་སྦྱོང་བྱེད་སྟངས་ལེགས་སྒྱུར་བྱས་ཤིང་། གཅིག་བསྡུས་དང་རང་སྦྱོང་ཟུང་སྦྲེལ་དང་། འགན་སྒྲུབ་དང་ཆེད་དོན་ཟུང་སྦྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། འཐུས་མིའི་འགན་སྒྲུབ་ནུས་པ་ཕན་ལྡན་སྒོས་ཇེ་མཐོར་བཏང། མཚོ་ནུབ་ཁུལ་གྱིས་འཐུས་མིའི་འགན་སྒྲུབ་སྤྱི་བསྒྲགས་དང་སྐོང་འདྲི་གསལ་འདེབས་ཀྱི་ལམ་ལུགས་འཐུས་སྒོ་ཚང་བར་བཙུགས། འཐུས་མིའི་གྲོས་མགོ་ནན་ཏན་གྱིས་བསྒྲུབས་ཏེ། དོན་དངོས་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་གིས་འཐུས་མིའི་གྲོས་མགོ་སྒྲུབ་ཁྲིད་དང་སྒྲུབ་སྐུལ་བྱས་པ་མ་ཟད། སྒྲུབ་ཁྲིད་དང་སྒྲུབ་སྐུལ་གྱི་སྙན་ཞུའང་གྲུབ་ཡོད་དེ། གོང་གིས་འོག་ལ་དཔེ་སྟོན་སྐུལ་ཁྲིད་བྱས་པས། གྲོས་མགོ་གཅིག་བདག་སྤྲོད་བྱས་པ་ལས་ས་ཁོངས་གཅིག་གི་འཕེལ་རྒྱས་ལ་ཡར་སྐུལ་ཐེབས་པའི་ཕན་འབྲས་དགེ་མཚན་ལྡན་པ་ཐོན་ཞིང། རྒྱལ་ཡོངས་དམངས་ཆེན་གྱི་ཁས་ལེན་ཐོབ་པ་མ་ཟད་འོས་སྦྱོར་ཡང་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་དམངས་ཆེན་འཐུས་མིའི་གྲོས་མགོ་བྱ་བའི་བཞུགས་མོལ་ཚོགས་འདུ་དང་། སྐུལ་སྤེལ་ཚོགས་འདུ། བསྒྲུབ་སྤྲོད་ཚོགས་འདུ་བཅས་སྔ་གཞུག་ཏུ་ཚོགས་པ་དང། འཐུས་མིའི་གྲོས་མགོ་བདག་སྤྲོད་བྱ་བར་དཔྱད་དཔོག་བྱེད་པར་འཚོལ་ཞིབ་བྱས་ཏེ། འཐུས་མིའི་གྲོས་མགོ་འདོན་པ་དང་སྒྲུབ་པའི་སྤུས་ཚད་ཇེ་མཐོར་གཏོང་བའི་སྐོར་གྱི་བསམ་འཆར་དང་དཔྱད་འཇོག་བྱེད་ཐབས། ལན་གློན་ཚད་གཞི་བཅས་གཏན་ལ་ཕབ་པ་དང། སྒྲུབ་སྐུལ་གྱི་གྲོས་མགོ་གཙོ་གནད་ཅན་ལ་རྗེས་འདེད་དོན་འཁྱོལ་བྱེད་པའི་ལམ་ལུགས་བཙུགས་པས། “སྒྲུབ་སྐུལ་ཆེན་པོའི”རྣམ་པ་ཆགས་ཡོད། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་སྟེང་དུ་འཐུས་མི་ཚོས་བཏོན་པའི་གྲོས་མགོ་244གཅིག་ཀྱང་མ་ལུས་པར་བསྒྲུབས་ཚར་ཞིང་། བསྒྲུབས་པར་ཡིད་ཚིམ་ཚད་100%ལ་སླེབས་ཡོད། འཐུས་མིའི་གྲོས་མགོ་21གཙོ་གནད་དུ་བཟུང་ནས་སྒྲུབ་སྐུལ་བྱ་རྒྱུ་གཏན་ཁེལ་བྱས་ཏེ། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཁག་ཅིག་དངོས་གནས་ཐག་བཅད་ཡོད། ན་ནིང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྟེང་དུ། རང་ཞིང་གི་འཐུས་མི་ཚོགས་པས་བཏོན་པའི་ནོར་སྲིད་ཀྱིས་རྨ་ཆུ་འབབ་ཡུལ་དུ་སྐྱེ་ཁམས་སྐྱིན་གསབ་སྟེར་བར་རྒྱབ་སྐྱོར་བྱེད་པ་སོགས་སྐོར་གྱི་གྲོས་མགོ་4རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་སྒྲུབ་སྐུལ་གྱི་གྲོས་མགོ་གཙོ་གནད་ཅན་དུ་གཏན་ཁེལ་བྱས་ཡོད་པས། འབྲེལ་ཡོད་ཀྱི་བྱ་བར་སྐུལ་འདེད་ཤུགས་ཆེན་བཏང། མཚོ་བྱང་ཁུལ་དང་རྨ་ལྷོ་ཁུལ་གྱིས་འཐུས་མིའི་གྲོས་མགོ་དང་དེ་བསྒྲུབས་པར་གཟེངས་བསྟོད་བྱ་དགའ་སྟེར་བའི་ལམ་ལུགས་བཙུགས།

དྲུག ཁྲིམས་ལྟར་དང་ཚན་རིག་ཚད་ལྡན་ནན་སྐྱོང་བཅས་རྒྱུན་འཁྱོངས་བྱས་ཏེ། ལས་ཁུངས་བཞིའཛུགས་སྐྲུན་ལ་ཏན་ཏིག་གིས་སྐུལ་སྤེལ་བཏང་།

དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་དང། ཁྲིམས་ལྟར་དང་ཚན་རིག་ཚད་ལྡན་ནན་སྐྱོང་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་པ་དང། “ལས་ཁུངས་བཞི”འཛུགས་སྐྲུན་གྱི་སྟེང་དུ་མདོ་བསྡུ་བར་བྱས་ཏེ། ཏང་གི་འཛུགས་སྐྱོང་དམ་འཛིན་དང་། སྤྱོད་ཚུལ་ལེགས་སྒྱུར། བྱང་ཚད་མཐོར་འདེགས། རྨང་གཞི་སྲ་བརྟན་བཅས་བྱས་ནས། རང་ངོས་འཛུགས་སྐྱོང་གི་ཕན་འབྲས་ལ་བརྟེན་ནས་དམངས་ཆེན་བྱ་བའི་འཕེལ་རྒྱས་གསར་པར་སྐུལ་འདེད་བཏང། ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པས་ལམ་སྣ་དྲངས་ཏེ། དམངས་ཆེན་ལས་ཁུངས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང། རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་ཁ་ཕྱོགས་ལ་ཁ་ལོ་སྒྱུར་བ་དང་སྤྱི་ཡོངས་ལ་དོ་དམ་བྱེད་པ། དོན་འཁྱོལ་ལ་འགན་སྲུང་བགྱིད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དམངས་ཆེན་ལས་ཁུངས་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་ཐེངས་དང་པོར་ཚོགས་པ་དང། དམངས་ཆེན་ལས་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་བསམ་འཆར་གཏན་ལ་ཕབ་སྟེ། “ལས་ཁུངས་བཞི”འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ། རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་དང་། ལས་ཁུངས་ཀྱི་ཏང་ཙུའུ། ལས་ཁུངས་ཀྱི་ཏང་ཨུ། ཏང་ཀྲི་པུའུ་བཅས་“རིམ་པ་བཞི”མཉམ་འགུལ་གྱིས་ཏང་འཛུགས་སྐྱོང་བྱ་བར་དམ་འཛིན་བྱེད་པའི་རྐྱེན་སྲོལ་འཐུས་སྒོ་ཚང་བར་བཙུགས་ཤིང། “དཔེ་ཆ་བའི་ཀྲི་པུའུ”དང་“རིག་ལྡན་གྱི་དམངས་ཆེན”ལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང། “དར་ཆ་གསལ་སྒྲེང་གིས་ཆབ་སྲིད་ལ་དང་དོད་བྱེད་པ་དང། ཁྲིམས་ལྟར་འགན་འཁྲི་སྒྲུབ་ཅིང་ཁུར་ཕོད་པ། མང་ཚོགས་ཀྱི་ཁེ་ཕན་གླེང་བའི་མགྲིན་ཚབ་བྱེད་པའི”དམངས་ཆེན་ལས་ཁུངས་ཀྱི་ཆབ་སྲིད་རིག་གནས་ཀྱི་རྟགས་མཚན་བསྐྲུན་པས། ཞིང་ཆེན་དམངས་ཆེན་ལས་ཁུངས་ནི་“ཞིང་ཆེན་ཐད་གཏོགས་ཀྱི་དཔེ་སྟོན་ལས་ཁུངས”སུ་བདམས་ཡོད། ལམ་ལུགས་འཛུགས་སྐྱོང་བྱེད་པ་འཆང་བཟུང་བྱས་ཏེ། སྤྱོད་ཚུལ་དང་ནུས་པ་འཛུགས་སྐྱོང་གཏིང་ཟབ་ཏུ་སྤེལ། ལས་ཁུངས་འཛུགས་སྐྲུན་གྱི་ཉམས་ཞན་མཚམས་ཚིགས་ལ་མིག་ཅེར་ནས། ལམ་ལུགས་དང་བྱེད་ཐབས་རིགས་མི་འདྲ་བ་སོ་སོར་བཟོ་བཅོས་བརྒྱབ་ཅིང་འཐུས་ཚང་དུ་བཏང་བ་དང་། ལམ་ལུགས་ལ་བརྟེན་ནས་མི་ལ་དོ་དམ་དང་བྱ་བར་དོ་དམ་དང་དབང་ཆར་དོ་དམ་བྱེད་པའི་ཡུན་ཕན་རྐྱེན་སྲོལ་རིམ་གྱིས་འཐུས་ཚང་དུ་བཏང། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་པ་དང། སྤྱོད་ཚུལ་གྱི་གནད་དོན་འབུར་ཐོན་དག་གཅིག་བསྡུས་སྒོས་སྒྲིག་བཅོས་བྱེད་པའི་ཆེད་དམིགས་འགུལ་སྐྱོད་སྤེལ་བ་དང། ཀྲུང་དབྱང་གིས་རང་ཞིང་ལ་སྐོར་ཞིབ་བྱེད་པའི་བྱ་བར་རམ་འདེགས་ཧུར་ཐག་བྱས། “མི་སྣ་གསོ་སྦྱོང་ཆེན་པོ་དང་། ལས་གནས་སྦྱོང་བརྡར་ཆེན་པོ། ཁོར་ཡུག་སྒྲིག་བཅོས་ཆེན་པོའི”བྱེད་སྒོ་དང་། ལས་ཁུངས་ཀྱི་སྤྱོད་ཚུལ་དང་ནུས་པ་མཐོར་འདེགས་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ནས། དམངས་ཆེན་གྱི་ལས་བྱེད་པའི་“ནུས་པ་བདུན”གཙིགས་སུ་བཟུང་ནས་ཇེ་མཐོར་བཏང། དབུལ་སྒྲོལ་འགག་གཏོར་གྱི་རོགས་འདེགས་འགན་འཁྲི་ནན་ཏན་གྱིས་བསྒྲུབས་པས། ཞིང་ཆེན་དམངས་ཆེན་ལས་ཁུངས་ནི་“ཞིང་ཆེན་རིམ་པའི་གནས་ཁེལ་དབུལ་སྐྱོར་སྔོན་ཐོན་སྡེ་ཚན”དུ་བདམས་ཡོད། ཡང་དག་པའི་སྒོ་ནས་མི་སྣ་འདེམ་པ་དང་བཀོལ་བའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། དོ་དམ་ནན་མོ་དང་བརྩེ་བ་ཟབ་མོ་བཅངས་ཏེ། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང། ལས་ཀ་སྒྲུབ་གཉེར་དང་ལས་ལམ་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་བྱས། ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱི་ཞིང་ཆེན་དམངས་ཆེན་ལས་ཁུངས་སུ་སྡོད་པའི་སྒྲིག་བཤེར་ལྟ་ཞིབ་ཚོ་ཁག་གིས་ནུས་པ་འདོན་པར་རྒྱབ་སྐྱོར་དང་འགན་སྲུང་བྱས། དམངས་ཆེན་གྱི་གསར་འགྱུར་དྲིལ་བསྒྲགས་དང་གཞུང་ལུགས་ཞིབ་འཇུག་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱས་པ་དང། ཞིང་ཆེན་ཏང་ཨུའི་ォམཚོ་སྔོན་ཆ་འཕྲིནサདུ་དམངས་ཆེན་བྱ་བའི་གནས་ཚུལ་ཀྱི་རྩོམ་19སྤེལ་ཡོད་ལ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་ཞིབ་འཇུག་བྱེད་པའི་དཔྱོད་དོན་དེ་ཞིང་ཆེན་རིམ་པའི་སྤྱི་ཚོགས་ཚན་རིག་འཆར་འགོད་ལས་གཞིའི་གྲས་སུ་བཀོད་ཡོད། རྨང་གཞི་དང་རྩ་བ་སྲ་བརྟན་ཡོང་བ་གཙོ་གནད་དུ་བཟུང་སྟེ། བྱ་བའི་སྤྱི་ཁོག་གི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་བཏང། ཞིང་ཆེན་ཏང་ཨུའི་དུས་རབས་གསར་པའི་དམངས་ཆེན་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བསམ་འཆར་ལག་བསྟར་དང་དོན་འཁྱོལ་ནན་ཏན་བགྱིད་པའི་གོ་སྐབས་བཟང་བོར་བརྟེན་ནས། གཞི་རིམ་དམངས་ཆེན་གྱིས་སྔར་ལས་ལྷག་པར་བྱ་བའི་སྟོབས་ཤུགས་ཕུན་སུམ་ཚོགས་གཏོང་བར་སྐུལ་འདེད་བྱས་པ་དང། མི་སྣའི་གྲུབ་ཚུལ་ལེགས་སྒྱུར་བྱས་ཏེ། ཆེད་གཉེར་ཅན་དང་ཆེད་ལས་ཅན་གྱི་བསྡུར་ཚད་ཇེ་མཐོར་བཏང། “ཤང་དང་གྲོང་རྡལ་གྱི་དམངས་ཆེན་འཛུགས་སྐྲུན་བྱེད་ལོའི”ཁུལ་དབྱེ་བསམ་ཚུལ་བརྗེ་རེས་བྱེད་སྒོ་སྤེལ་ཞིང། ཕན་ཚུན་ལ་སློབ་སྦྱོང་ཟུར་ལྟ་དང་དགེ་ལེན་སྐྱོན་སེལ་བྱེད་པར་ཡར་སྐུལ་བྱས་ཏེ། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང། ཟི་ལིང་གྲོང་ཁྱེར་གྱིས་མཛུབ་སྟོན་བསམ་འཆར་བཏོན་ནས་ཤང་དང་གྲོང་རྡལ་དང་སྲང་ལམ་གྱི་དམངས་ཆེན་བྱ་བའི་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང། ཡུལ་ཤུལ་ཁུལ་དུ་སྲིད་གཞུང་གིས་ཞབས་ཕྱི་ཉོ་བར་བརྟེན་ནས་དམངས་ཆེན་བྱ་བའི་སྟོབས་ཤུགས་ཇེ་དྲག་ཏུ་བཏང། དམངས་ཆེན་བྱ་བའི་“བསམ་བཀོད་གཅིག”གི་བསམ་བློ་རྒྱུན་འཁྱོངས་བྱས་ཤིང། རྒྱལ་ཡོངས་དམངས་ཆེན་གྱི་བྱ་བར་སྦྲེལ་མཐུད་བྱེད་པར་རང་འགུལ་གྱིས་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་མཚོ་སྔོན་དུ་ཁྲིམས་བསྟར་ཞིབ་བཤེར་དང་ཁྲིམས་འཛུགས་བརྟག་ཞིབ། འཐུས་མིའི་གཟིགས་ཞིབ་སོགས་ཀྱི་བྱ་བར་རམ་འདེགས་བྱས་ཏེ་ལེགས་པོར་བསྒྲུབས། གོང་འོག་འབྲེལ་འདྲིས་དང་མཉམ་འགུལ་བྱེད་པའི་རྐྱེན་སྲོལ་འཐུས་སྒོ་ཚང་བར་བཙུགས་ཤིང། དུས་བཅད་ལྟར་བཅར་འདྲིར་འགྲོ་བ་དང་། བསམ་འཆར་ལ་ཉན་པ། མཉམ་འགུལ་གྱིས་ཁྲིམས་བསྟར་ཞིབ་བཤེར་བྱེད་པ། འཐུས་མི་མཉམ་འབྲེལ་གྱིས་གཟིགས་ཞིབ་ཏུ་འགྲོ་བ་སོགས་ཀྱི་རྣམ་པ་བརྒྱུད་ནས། རིམ་པ་སོ་སོའི་དམངས་ཆེན་གྱི་སློབ་སྦྱོང་བརྗེ་རེས་དང་བྱ་བ་མཉམ་སྒྲུབ་བྱེད་པར་སྐུལ་འདེད་བཏང་བས། ཞིང་ཆེན་ཡོངས་ཀྱི་དམངས་ཆེན་བྱ་བའི་སྡོམ་ཤུགས་དང་སྤྱི་ཁོག་གི་ཕན་འབྲས་མངོན་གསལ་གྱིས་ཇེ་ཆེར་ཕྱིན་ཡོད།

འཐུས་མི་རྣམ་པ། འདས་པའི་ལོ་གཅིག་གི་རིང་ལ། རྒྱུན་ལས་ཨུ་ལྷན་གྱི་བྱ་བར་གྲུབ་འབྲས་ཐོབ་པ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་ལྡན་པར་མཛུབ་སྟོན་བྱས་པའི་འབྲས་བུ་ཡིན་ལ། ཞིང་ཆེན་ཏང་ཨུས་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་རྒྱལ་ཡོངས་དམངས་ཆེན་གྱིས་བློ་ཞིབ་མོའི་མཛུབ་སྟོན་གནང་བའི་འབྲས་བུ་ཡིན། ཞིང་ཆེན་གྱི་“གཞུང་གཅིག་ཨུ་གཅིག་ཁང་གཉིས”དང་ཞིང་ཆེན་སྲིད་གྲོས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་གནང་བའི་འབྲས་བུ་ཡིན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ་དང་སྡེ་ཚན་སོ་སོས་རམ་འདེགས་དམ་ཟབ་གནང་བའི་འབྲས་བུ་ཡིན། དམངས་ཆེན་འཐུས་མི་ཡོངས་ཀྱིས་ཁུར་ཕོད་ཅིང་འགན་གཙང་སྒྲུབ་བྱས་ཤིང་རིམ་པ་སོ་སོའི་དམངས་ཆེན་དང་དེ་དག་གི་རྒྱུན་ལས་ཨུ་ལྷན་གྱིས་མཉམ་དུ་འབད་བརྩོན་བྱས་པའི་འབྲས་བུ་ཡིན། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཧུར་ཐག་གིས་ཞུགས་ཤིང་ཡིད་ཆེས་ཅི་ཡོད་གནང་བའི་འབྲས་བུའང་ཡིན། འདི་ནས། ངས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང། བླ་ན་མེད་པའི་གུས་འདུད་ཕུལ་བ་ཡིན།

གྲུབ་འབྲས་ཁས་ལེན་པ་དང་ཆབས་ཅིག་ཏུ། ང་ཚོས་བྱ་བའི་ཁྲོད་ད་དུང་གནད་དོན་དང་ཞན་ཆ་ཁ་ཤས་གནས་པའང་གསལ་བོར་རྟོགས་ཡོད་དེ། གཙོ་བོ་ནི། ཁྲིམས་འཛུགས་དང་ལྟ་སྐུལ་གྱི་ལས་གཞི་འཛུགས་པ་དང་སྤུས་ཚད་ཕན་འབྲས་ཐད་ལ་ད་དུང་སྔར་བས་མཐོང་ཆེན་དང་མཐོར་འདེགས་བྱ་དགོས་ལ། བསྐོ་འཐེན་ཐག་བཅད་རྗེས་མུ་མཐུད་དུ་ལྟ་སྐུལ་བྱེད་པའི་ལམ་ལུགས་དང་རྐྱེན་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱག་དགོས། འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པའི་ཐད་དུ་ད་དུང་མཐོར་འདེགས་གཏོང་དགོས་ས་ཡོད་པ་དང། དམངས་ཆེན་ལས་ཁུངས་དང་གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་ཐད་ལ་ད་དུང་རྒྱུན་མི་ཆད་པར་ཤུགས་སྣོན་བརྒྱག་དགོས་པ་སོགས་ཡོད། འདི་དག་ལ་ངེད་ཅག་གིས་མཐོང་ཆེན་ཚད་མཐོ་བྱས་ཏེ། ཏན་ཏིག་གིས་སྐུལ་འདེད་དང་ཐག་གཅོད་བྱ་དགོས།

འཐུས་མི་རྣམ་པ། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཡིན་ལ། “ལོ་ལྔའི་འཆར་འགོད་བཅུ་བཞི་བ”དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་རྒྱང་སྐྱོད་གསར་པ་མགོ་རྩོམ་པའི་ལོ་ཡིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྤྱི་འདོམས་གནང་བ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ནན་ཏན་དང་ལག་བསྟར་མཐིལ་ཕྱིན་བྱེད་ཅིང། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་སོ་སོའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང། “འདུ་ཤེས་བཞི”ཇེ་ཟབ་དང། “རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པ་བྱ་དགོས། ཏང་གིས་མགོ་ཁྲིད་གནང་བ་དང། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་འོས་མཐུན་ཡོང་བ་རྒྱུན་འཁྱོངས་བྱ་དགོས། འཕེལ་རྒྱས་དུས་རིམ་གསར་པར་རྐང་ཚུགས་ཤིང། འཕེལ་རྒྱས་འདུ་ཤེས་གསར་པ་ལག་བསྟར་དང། འཕེལ་རྒྱས་རྣམ་པ་གསར་པ་འཛུགས་སྐྱོང་བྱ་དགོས་ལ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་དམིགས་ནས། ཞིང་ཆེན་ཏང་ཨུའི་“བློ་བརྟན་འགྱུར་མེད་ལྔ”ཡི་དམིགས་འབེན་བླང་བྱ་ལྟར། ལྷག་བསམ་ཟོལ་མེད་ཀྱིས་འགན་འཁྲི་སྒྲུབ་པ་དང། བློ་རྩ་བརྟན་པོའི་ངང་གསར་གཏོད་ལ་བརྩོན་ཏེ། རིམས་བབ་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོར་འཕེལ་རྒྱས་འགྲོ་བར་གཅིག་འདོམས་སྒོས་སྐུལ་སྤེལ་བྱས་ནས། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”མགོ་ལེགས་པོ་རྩོམ་པ་དང་གོམ་པ་ལེགས་པོ་སྤོ་བ་ཁག་ཐེག་བྱེད་པར་ཁྲིམས་སྐྱོང་འགན་སྲུང་སྟོབས་དང་ལྡན་པ་འདོན་སྤྲོད་བྱས་ཏེ། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ངོ་ལོ་100འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན།

གཅིག་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་པར་ཤུགས་སྣོན་བརྒྱབ་སྟེ། ཏང་གིས་དམངས་ཆེན་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་གནང་བ་རྒྱུན་འཁྱོངས་བྱ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་བརྗོད་སྙིང་དང་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། དུས་འོས་འཚམ་དུ་རྩ་འཛུགས་བྱས་ནས་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་མ་ལག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བསམ་ཚུལ་བརྗེ་རེས་ཚོགས་འདུ་ཚོགས་ཏེ། ཐོས་བསམ་ཉམས་རྟོགས་ཀྱི་ཁྲོད་ནས་ཆབ་སྲིད་ལངས་ཕྱོགས་སྲ་བརྟན་དུ་གཏོང་བ་དང། ཟབ་སློབ་དངོས་སྤྱོད་ཀྱི་ཁྲོད་ནས་ལྷག་བསམ་དང་ཁུར་ཕོད་ཇེ་ཆེར་གཏང་དགོས་ཤིང། རང་རྟོགས་སྒོས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་བསྒོ་བ་དང། ཁ་ཕྱོགས་ལ་སྣེ་ཁྲིད་པ། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་ཅིང། སྔར་བས་དམ་པ་དོན་གཉེར་ཡིན་པའི་ཐབས་བཀོད་ལ་བརྟེན་ནས། “འདུ་ཤེས་བཞི”ཇེ་ཟབ་དང། “རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པ་བཅས་བྱེ་བྲག་ཅན་དང་ལག་ལེན་ཅན་དུ་སྒྱུར་བར་ཤུགས་བཏོན་ནས་སྐུལ་འདེད་གཏང་དགོས། ཞིང་ཆེན་ཏང་ཨུ་ལ་བཀའ་ཞུ་དང་སྙན་ཞུ་འབུལ་བའི་ལམ་ལུགས་ལག་བསྟར་ནན་ཏན་བྱས་ཏེ། དམངས་ཆེན་གྱི་བྱ་བ་སོ་སོ་ནམ་ཡང་ཏང་གི་མགོ་ཁྲིད་འོག་ཏུ་གནས་པར་བྱ་དགོས། དུས་རབས་གསར་པའི་དམངས་ཆེན་བྱ་བའི་གནས་ངེས་དང་འགན་འཁྲི་ལ་སྔར་བས་རྒྱུན་ལོན་ཡང་དག་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བསམ་འཆར་ལ་སྐུལ་ཁྲིད་དང་དོན་འཁྱོལ་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། ཞིང་ཆེན་ཏང་ཨུས་བཏོན་པའི་དམངས་ཆེན་བྱ་བར་ཤུགས་སྣོན་རྒྱག་པའི་སྐོར་གྱི་ཡིག་ཆ་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་པར་ཤུགས་བཏོན་ནས་དམ་འཛིན་བྱས་ཏེ། དུས་རབས་གསར་པའི་དམངས་ཆེན་བྱ་བའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས།

གཉིས་ནས་ལམ་ལུགས་རང་རྟོན་གཡོ་བ་མེད་པ་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་སྔར་བས་ནུས་ལྡན་ངང་མངོན་འགྱུར་བྱེད་སྟངས་ལ་འཚོལ་ཞིབ་ཧུར་ཐག་བགྱི་དགོས། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ཆབ་སྲིད་ཁག་ཐེག་དང་ཁྲིམས་སྐྱོང་འགན་སྲུང། ལྟ་སྐུལ་སྐུལ་འདེད། གཞི་རྩ་བརྟན་སྲུང། མི་དམངས་ཀྱི་བྱེད་པོའི་གོ་གནས་སྲུང་སྐྱོང་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཅིང་། མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་གསར་པའི་མགོ་རྩོམ་པའི་སྤྱི་ཁོག་གི་བཀོད་པར་དམ་དུ་སྦྱར་ནས། གཙོ་བོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང། དམངས་འཚོ་ལེགས་བཅོས། རིམས་བབ་འགོག་སྡོམ། སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་ལམ་ལུགས་མཁོ་སྤྲོད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ལམ་ལུགས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་ནུས་ཕྱོད་དུ་དངོས་གནས་བསྒྱུར་ཐུབ་དགོས། ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་བསྟར་མཐིལ་ཕྱིན་བྱེད་པ་དང། རྩ་ཁྲིམས་ལ་དམ་བཅའ་བ་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའི་བྱེད་སྒོར་རྩ་འཛུགས་ལེགས་པོ་བྱས་ཏེ། “ལྔ་བདུན”ཁྲིམས་ཁྱབ་ལ་སྤྱི་བསྡོམས་དང་“ལྔ་བརྒྱད”ཁྲིམས་ཁྱབ་ཀྱི་ཐབས་ཇུས་འདིང་བའི་སྐོར་གྱི་བྱ་བར་སྐུལ་འདེད་གཏང་དགོས། འཐུས་མི་ཚོགས་ཆེན་དང་རྒྱུན་ཨུའི་གྲོས་ཚོགས། ཀྲུའུ་རིན་གྲོས་ཚོགས་བཅས་ཀྱི་གཞུང་དོན་གྲོས་མོལ་བྱེད་སྲོལ་སོགས་ལ་ལམ་ལུགས་འཐུས་སྒོ་ཚང་བ་བཙུགས་ཏེ། གྲོས་ཚོགས་ཀྱི་སྤུས་ཚད་ཤུགས་བཏོན་ནས་ཇེ་མཐོར་གཏང་དགོས། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་གཞུང་ལུགས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། འབྲས་བུ་ཕན་སྒྱུར་དང་ལག་ལེན་གསར་གཏོད། དྲིལ་བསྒྲགས་བཤམས་སྟོན་བཅས་དམ་འཛིན་བྱས་ཏེ། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ལག་ལེན་ཁྱད་ཆོས་དང་དུས་རབས་ཁྱད་ཆོས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་པར་བཏང་སྟེ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཚོ་སྔོན་དུ་སྔར་བས་སྐྱེ་སྟོབས་འབར་ཞིང་གསོན་ཉམས་ལྡན་པ་བྱ་དགོས།

གསུམ་ནས་ལྟེ་བ་དང་སྤྱི་ཡོངས་ལ་དམིགས་ནས། དམངས་ཆེན་གྱི་ཕྲག་ཏུ་བབས་པའི་ལས་འགན་དང་འགན་འཁྲི་ལྷག་བསམ་རྣམ་དག་གིས་བསྒྲུབ་དགོས། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་དང་། “སའི་གོ་ལའི་སྣེ་གསུམ་པ”སྲུང་སྐྱོབ། “དཔལ་འབྱོར་ཆགས་སྟངས་རིགས་བཞི”གསོ་སྐྱོང། “དཔེ་སྟོན་ལྔའི་ཞིང་ཆེན”གསར་སྐྲུན་གྱི་བླང་བྱ་བཅས་ལ་དམ་དུ་སྦྱར་ནས། གནས་ངེས་ལེགས་པོར་འཚོལ་བ་དང། ཧུར་ཐག་སྒོས་མཐུན་འདྲེས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དམངས་གཙོ་ཁྲིམས་སྐྱོང་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་རང་འགུལ་གྱིས་ཕྲག་ཏུ་ལེན་དགོས། སྤུས་ཚད་མཐོན་པོ་ཡིན་པ་ལྟེ་བར་བཟུང་ནས་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱ་དགོས་ཏེ། དམངས་ཆེན་གྱིས་ཁྲིམས་འཛུགས་ལ་གཙོ་ཁྲིད་བྱེད་པའི་ནུས་པ་སྔར་ལས་ལེགས་པོར་འདོན་སྤེལ་བྱ་དགོས། ད་ལོ་གཙོ་བོར་སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་དང་། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར། རིམས་བབ་འགོག་སྡོམ། འཁོར་སྐྱོད་དཔལ་འབྱོར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང། གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་སོགས་ཀྱི་ཐད་ལ་དམིགས་ནས་ཁྲིམས་འཛུགས་པ་དང། འདེམ་བསྐོ་བཅའ་ཁྲིམས་ཀྱི་ལག་བསྟར་ཞིབ་སྲོལ་དང་མེ་སྐྱོན་འགོག་གསོད་སྲོལ་ཡིག རྒྱ་བོད་སོག་གསུམ་གྱི་གསོ་རིག་སྲོལ་ཡིག་སོགསལ་བཟོ་བཅོས་བརྒྱག་དགོས་ཤིང། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་ཆེད་དམིགས་གཙང་སེལ་བྱེད་པའི་བྱེད་སྒོ་སྤེལ་དགོས། ཕན་འབྲས་ངོ་མ་ཐོན་པར་ཤུགས་སྣོན་རྒྱག་པ་རྩ་བར་བཟུང་ནས་ལྟ་སྐུལ་གཏིང་ཟབ་ཏུ་སྤེལ་དགོས་ཏེ། “དག་པ་དང་། གསལ་བ། ཞིབ་པ། ནན་པ། བདེན་པ”བཅས་ལ་དམིགས་ནས། ལྟ་སྐུལ་བྱེད་སྟངས་ལ་གསར་གཏོད་དང་རྗེས་འདེད་ལྟ་སྐུལ་ལ་ཤུགས་སྣོན། ལྟ་སྐུལ་གྱི་མཁྲེགས་གཤིས་ཇེ་དྲག་ཏུ་གཏང་དགོས། ད་ལོ་གཙོ་བོར་ཕྱུགས་ལས་བཅའ་ཁྲིམས་དང་དགེ་སྒྲུབ་བཅའ་ཁྲིམས། སྲ་སྙིགས་ཀྱི་ཁོར་ཡུག་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས། རང་ཞིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཡར་སྐུལ་བྱེད་པའི་སྲོལ་ཡིག གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག་(ཚོད་སྤྱོད)བཅས་ལ་ཁྲིམས་བསྟར་ཞིབ་བཤེར་བྱ་དགོས། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་དམིགས་འབེན་ལེགས་འགྲུབ་དང་ཁྲིམས་ལྟར་སྦགས་བཙོག་འགོག་བཅོས་ཀྱི་འགག་གཏོར་གཡུལ་འཐབ་ལེགས་པོར་བཤམ་དགོས་པ་དང་། རྒྱལ་དབང་རྒྱུ་ནོར་དོ་དམ་དང། རྒྱལ་དབང་རང་བྱུང་ཐོན་ཁུངས་དང་རྒྱུ་ནོར་དོ་དམ། མུ་རི་གཏེར་ཁུལ་དང་མདོ་ལ་རིང་མོའི་ལྷོ་ངོས་ཀྱི་མཚོ་སྔོན་ཁག་གི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས། སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ། “ལྔ་བདུན”ཁྲིམས་ཁྱབ་ཀྱི་གྲོས་ཆོད་ལག་བསྟར། རོང་འབྲོག་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཕྱི་མ་ལག་འཛུགས་སྐྲུན། ལས་རིགས་སློབ་གསོའི་འཕེལ་རྒྱས། རྒྱལ་མངའ་ས་ཁོངས་ཀྱི་བར་སྟོང་འཆར་འགོད་(2019-2035)བཅས་ཀྱི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་ཞིང་གྲོས་ཞིབ་བྱ་དགོས་པ་དང། སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་བྱ་བར་ཆེད་དོན་རྩད་འདྲི་བྱ་དགོས། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་བསྟར་ཚད་ལྡན་ཅན་འཛུགས་སྐྱོང་དང་དམངས་ཡོངས་ལུས་སྦྱོང་གི་བྱ་བ། ཁྱིམ་ལས་ཞབས་ཕྱིའི་ལས་རིགས་སོགས་ལ་ཆེད་དོན་བརྟག་ཞིབ་སྤེལ་དགོས། ཞུ་ཚགས་ཞིབ་བཤེར་གྱི་ལམ་ལུགས་དང་ནུས་པ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱག་དགོས། “གཅིག་གྱུར་གཉིས”མངོན་འགྱུར་ཡོང་བ་དམིགས་ཡུལ་བྱས་ཏེ་ཐག་གཅོད་དབང་ཆ་དང་བསྐོ་འཐེན་དབང་ཆ་སྤྱོད་པ་རྒྱུན་འཁྱོངས་བྱ་དགོས་ཏེ། དམངས་ཆེན་གྱིས་དོན་དག་གལ་ཆེན་ལ་གྲོས་སྡུར་དང་ཐག་གཅོད་བྱེད་པ་ཚད་ལྡན་ཅན་དུ་གཏོང་བར་སྐུལ་འདེད་བྱེད་པ་དང། ལོ་ལྔའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་བརྒྱད་པ་དང་། གན་ཁྲལ་གྱི་སྤྱོད་འཐུས་ཁྲལ་ཕྱོད་དང་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་ཇུས་གཞི་བཅས་གཙོ་གནད་དུ་བཟུང་སྟེ་གྲོས་ཆོད་དང་ཐག་གཅོད་བྱ་དགོས། ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣར་བསྐོས་རྗེས་ལྟ་སྐུལ་བྱེད་པར་བྱ་བ་གོམ་ཁ་བརྟན་པོར་སྤེལ་དགོས།

བཞི་ནས་འཐུས་མིའི་བྱེད་ནུས་འདོན་སྤེལ་བྱས་ཏེ། དམངས་ཆེན་འཐུས་མིའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏང་དགོས། འཐུས་མིའི་བྱ་བའི་སྐོར་གྱི་བསམ་འཆར་དང་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱེད་པ་དང། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ཏེ། འཐུས་མིའི་བྱ་བའི་སྤུས་ཚད་ཇེ་མཐོ་དང་ཁྱབ་རྒྱ་ཇེ་ཆེ། ཕན་ནུས་ཇེ་སྟོབས་སུ་འགྲོ་བར་ཡར་སྐུལ་བྱ་དགོས། “འབྲེལ་གཏུག་གསུམ”གྱི་ལམ་ལུགས་རྒྱུན་མ་ཆད་པར་སྔར་བས་འཐུས་ཚང་དུ་གཏོང་བ་དང། “འབྲེལ་གཏུག་གཉིས་མཉམ་འགུལ་གསུམ”དང་“རིམ་པ་ལྔའི་དམངས་ཆེན་འཐུས་མི་འབྲེལ་གཏུག་ཁང་དུ་སྐྱོད་པའི”བྱེད་སྒོ་ཧུར་ཐག་གིས་སྤེལ་དགོས་ལ། “ཁང་གཉིས་ལས་སྟེགས་གཅིག”ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས། འཐུས་མིས་གྲོས་གཞི་དང་གྲོས་མགོ་འདོན་པ་དང་དེ་སྒྲུབ་པའི་སྤུས་ཚད་ཇེ་མཐོར་གཏོང་བ་དང། སྒྲུལ་སྐུལ་བྱ་བར་ཤུགས་སྣོན་བརྒྱབ་སྟེ། སྒྲུབ་སྐུལ་བྱས་པའི་དོན་དག་ལེགས་པོར་སྒྲུབ་པ་ཁག་ཐེག་བྱ་དགོས། འཐུས་མི་རྣམས་རྒྱུན་ལས་ཨུ་ལྷན་གྱི་བྱ་བར་ཞུགས་རྒྱ་ཇེ་ཆེར་གཏོང་བ་དང་། འཐུས་མི་ལ་རྩ་འཛུགས་བྱས་ནས་གཟིགས་ཞིབ་བརྟག་ཞིབ་དང་ཁྲིམས་བསྟར་ཞིབ་བཤེར་བྱ་དགོས། དམངས་ཆེན་འཐུས་མི་གྲོང་གསེབ་ཏུ་སྐྱོད་པ་དང་ལས་རིགས་སློབ་གསོར་ཡར་སྐུལ་བྱེད་པ་སོགས་ཀྱི་བྱེད་སྒོ་མུ་མཐུད་དུ་སྤེལ་དགོས། ཤུགས་བཏོན་ནས་འཐུས་མིའི་འགན་སྒྲུབ་ནུས་པ་ཇེ་མཐོར་གཏོང་བ་དང། སློབ་སྦྱོང་གསོ་སྦྱོང་དང་བྱ་བའི་བསམ་ཚུལ་བརྗེ་རེས་ལ་ཤུགས་སྣོན་བརྒྱག་དགོས་ཤིང། ལྷག་པར་དུ་གསར་དུ་བསྐོས་པའི་དམངས་ཆེན་འཐུས་མི་དང་དམངས་ཆེན་ལས་བྱེད་པ་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང། འཐུས་མིའི་ཞབས་ཕྱི་འགན་སྲུང་དང་ལྟ་སྐུལ་དོ་དམ་གྱི་རྐྱེན་སྲོལ་འཐུས་སྒོ་ཚང་བར་བཏང་སྟེ། འགན་སྒྲུབ་ནུས་པ་ཤུགས་ཆེན་པོས་ཇེ་མཐོར་གཏང་དགོས། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གི་བླང་བྱ་ལྟར། གྲོང་ཁྱེར་དང་ཁུལ་དང་རྫོང་དང་ཞང་བཅས་ཀྱི་དམངས་ཆེན་གྱི་སྐབས་བརྗེ་འདེམ་བསྐོའི་འབྲེལ་ཡོད་བྱ་བ་ནན་ཏན་གྱིས་ལེགས་པོར་བསྒྲུབ་དགོས།

ལྔ་ནས་དོ་དམ་ནན་པོ་དང་བརྩེ་བ་ཟབ་མོ་རྒྱུན་འཁྱོངས་བྱས་ཏེ། དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱག་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ་དང། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་ཏན་ཏིག་གིས་བསྒྲུབ་དགོས་ལ། ཁྲིམས་ལྟར་དང་ཚན་རིག་ཚད་ལྡན་ནན་སྐྱོང་གི་འདུ་ཤེས་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱས་ཏེ། ཏང་འཛུགས་སྐྱོང་གི་བྱ་བ་དང་དམངས་ཆེན་གྱི་བྱ་བ་གཏིང་ཟབ་ཏུ་འདྲེས་ཤིང་ཕན་ཚུན་ལ་ཡར་སྐུལ་བྱེད་པར་སྐུལ་འདེད་གཏང་དགོས། “ལས་ཁུངས་བཞི”འཛུགས་སྐྲུན་ཟབ་སྤེལ་དང་རྒྱ་བསྐྱེད་གཏོང་བ་འཆང་བཟུང་བྱས་ཏེ། དམངས་ཆེན་ལས་ཁུངས་ཀྱི་ཆབ་སྲིད་དང་བསམ་བློ། རྩ་འཛུགས། སྒྲིག་ལམ། སྤྱོད་ཚུལ། ལམ་ལུགས་བཅས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱག་དགོས་ལ། “བརྒྱ་ཆའི་བརྒྱ་ཚད་ལོངས་པར་སྐུལ་ནས། ཏང་གི་ལོ་བརྒྱའི་འཁྲུངས་སྐར་བསུ”ཞེས་པའི་དཔྱད་འཇོག་གིས་འཛུགས་སྐྲུན་སྐུལ་བའི་བྱེད་སྒོ་སྤེལ་ནས། དམངས་ཆེན་ལས་ཁུངས་ཀྱི་འཛུགས་སྐྲུན་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏང་དགོས། མི་རྩ་བར་འཛིན་པ་རྒྱུན་འཁྱོངས་བྱས་ནས། དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང། ལས་བྱེད་པར་སློབ་གསོ་དང་གསོ་སྦྱོང་དང་གདམ་གསེས་བཅས་བྱེད་ཤུགས་ཇེ་ཆེར་བཏང་ནས། མི་ཡི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། མུ་མཐུད་དུ་རྒྱལ་ཡོངས་དམངས་ཆེན་དང་ཕྱོགས་སོ་སོར་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་དང། གཞི་རིམ་དམངས་ཆེན་གྱི་བྱ་བར་མཛུབ་སྟོན་བགྱིད་པར་ཤུགས་སྣོན་བརྒྱག་དགོས་ལ། “དམངས་ཆེན་གྱི་བྱ་བ་དོན་འཁྱོལ་བྱེད་ལོ”དང་“ཤང་དང་གྲོང་རྡལ་གྱི་དམངས་ཆེན་འཛུགས་སྐྲུན་བྱེད་ལོ”མཐོར་འདེགས་གཏོང་བའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང། “རིག་ལྡན་དམངས་ཆེན”འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། དམངས་ཆེན་བྱ་བའི་གཞི་རིམ་གྱི་རྨང་གཞི་སྔར་བས་སྲ་ཞིང་བརྟན་པར་གཏང་དགོས།

འཐུས་མི་རྣམ་པ། འབད་བརྩོན་ལ་བརྟེན་ནས་བྱས་རྗེས་རླབས་ཆེན་འཇོག་ཅིང། ཁུར་ཕོད་ལ་བརྟེན་ནས་བརྩམས་ཆོས་ཁྱད་འཕགས་བྲི་དགོས། ང་ཚོ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་ལྷག་པར་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཏུ། ཁྲིམས་ལྟར་འགན་སྒྲུབ་པ་དང། འབད་བརྩོན་གྱིས་ལས་ལ་གཞོལ་ཏེ། དུས་རབས་གསར་པའི་དམངས་ཆེན་བྱ་བ་དུས་བསྟུན་མདུན་སྐྱོད་དང་གསར་གཏོད་གོང་སྤེལ་བྱེད་པར་སྐུལ་འདེད་བཏང་སྟེ། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་ངོ་100འཁོར་བར་ལེགས་སྐྱེས་འབུལ་བ་དང། མཚོ་སྔོན་གསར་པའི་འཛུགས་སྐྲུན་གྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན། །

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2022nbsp; མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
མཚོ་ཉརICPཨང་08000030བ། འབྲེལ་གཏུགས་ཁ་པར། 0971-8456487
 
མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ།

ཡོང་ཁུངས།:ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་།

རྩོམ་སྒྲིག་པ:སུང་ཆི།

སྤེལ་དུས།:2021-03-04 11:51:00