ཞིང་ཆེན་འབྲུ་རིགས་ཅུའུ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། གཡང་སྐྱིད།

  གཅིག འགན་འཁུར་གཙོ་བོ།

  ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་སྤྱི་འབོར་ཆ་སྙོམས་དང་འབྲུ་རིགས་རྒྱུན་འཁོར་ལས་རིགས་ནང་གི་ཡུན་རིང་འཆར་གཞི་དང་། སྤྱི་འབོར་འཆར་གཞི་དང་གསོག་ཉར། ཞིང་ཆེན་བསགས་འབྲུ་བསམ་འཆར་བཀོལ་སྤྱོད་བརྟོག་ཞིབ་བྱས་ཏེ་འདོན་པ། རྒྱལ་ཁབ་འབྲུ་རིགས་ཉོ་སྒྲུབ་སྲིད་ཇུས་དང་འབྲུ་རིགས་ཐོན་ཚོང་མཉམ་འབྲེལ་རྩ་འཛུགས་ལེགས་སྒྲིག་བྱས་ཏེ། འབྲུ་རིགས་རྒྱུན་འཁོར་གྱི་སྤྱིའི་ཚོད་སྙོམ་འགན་འཁུར་བྱས་ཏེ་ཉེན་ཁུར་ཐེབས་རྩའི་དོ་དམ་ལ་ཞུགས་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཆ་སོ་སོའི་འབྲུ་རིགས་ཆད་ལྷག་སྙོམ་སྒྲིག་ལེགས་སྒྲིག་བྱེད་པ། འབྲུ་རིགས་ཕྱིར་གཏོང་ནང་འདྲེན་གྱི་བྱེད་སྒོ་རྩ་འཛུགས་བྱས་པ། འབྲུ་རིགས་བཟའ་སྣུམ་གྱི་ལྟ་ཞིབ་ཚད་ལེན་སྔོན་ཚུད་ཀྱི་ཉེན་བརྡ་དང་མཁོ་བསྟུན་ལས་འགན་འཁུར་བ། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་རྒྱུན་འཁོ་དང་འབྲུ་རིགས་མཛོད་བཞག་ལྟ་སྐུལ་ཞིབ་བཤེར་ལམ་ལུགས་གཏེན་འབེབས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་རྒྱུན་འཁོ་ལས་རིགས་འཕེལ་རྒྱུས་འཆར་གཞི་དང་། སྲིད་ཇུས་གཏན་འབེབས། ཞིང་ཆེན་རིམ་པའི་བསགས་འབྲུ་སོགས་སྲིད་ཇུས་རང་བཞིན་གྱི་མ་དངུལ་དོ་དམ་དང་གཏོང་སྤྲོད་འགན་འཁུར་བྱས། དམག་སྟེར་འབྲུ་རིགས་ཀྱི་འབྲེལ་ཡོད་བྱ་བ་འགན་འཁུར་བྱེད་པ་དང་། ཞིང་ཆེན་རིམ་པའི་བསགས་འབྲུའི་སྲིད་འཛིན་དོ་དམ་འགན་འཁུར་དང་། དམག་དཔུང་། གནོད་སྐྱོན་བྱུང་བའི་ས་ཁུལ། ཆུ་མཛོད་ཁུལ་གྱི་གནས་སྤོ་ཡུལ་མི། དབུལ་ཕོངས་བཟའ་འབྲུ་མི་འདུང་བའི་ས་ཁུལ་གྱི་འབྲུ་རིགས་འདོན་སྤྲོད་བྱ་བར་བཅས་འགན་འཁུར་དགོས།

  གཉིས། ནང་འཛུགས་སྒྲིག་གཞི་དང་འགན་འཁྲི།

  (གཅིག) གཞུང་ལས་ཁང་ནས་གློག་འཕྲིན་དང་། ཚོགས་དོན་ཞབས་ཞུ། གསང་གནད། ཡིག་ཚགས་སོགས་ལས་ཁུངས་ཀྱི་རྒྱུན་འཁོར་བྱ་བའི་འགན་འཁུར་བྱས་པ། ཁྱབ་བསྒྲགས་དང་། ཆ་འཕྲིན། ལྟ་སྐུལ། བདེ་སྲུང་གསང་སྲུང་། ཡིག་སྐུར་ངོ་གཏུག སྲིད་དོན་ཁྲིམས་བསྒྲགས་སོགས་བྱ་བ་འགན་འཁུར་བ། ལས་ཁུངས་ཀྱི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པའི་བྱ་བ་འགན་འཁུར་བ་དང་། ཁོངས་གཏོགས་ལས་ཁུངས་ཀྱི་ལས་འཁྱུར་ངལ་གསོའི་ལས་བྱེད་པ་གཙོ་བོའི་བྱ་བའི་མཛུབ་སྟོན་བྱས་པ།

  (གཉིས) ནོར་དོན་ཁང་ནས་འབྲེལ་ཡོད་འབྲུ་རིགས་རྒྱུན་འཁོར་ཁོངས་གཏོགས་ནོར་སྲིད་ཀྱི་བཟོ་འགོད། དངུལ་རྩ་སོགས་སྲིད་ཇུས་དང་འབྲུ་རིགས་སྲིད་ཇུས། ནོར་སྲིད་དོ་དམ་ཐབས་ཤེས་བཅས་རྩ་འཛུགས་ལ་བསྟར་ཞུགས་པར་འགན་འཁུར་བྱས། སྡེ་ཁག་གི་སྔོན་རྩིས་དང་འབྲེལ་ཡོད་ཀྱི་ནོར་དོན་དོ་དམ་བྱ་བ་འགན་ལེན་བྱས། ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་འབྲུ་རིགས་ཉོ་ཚོང་ཁེ་ལས་དང་ཁོངས་གཏོངས་ལས་ཁུངས་ཀྱི་ནོར་དོན་བྱ་བའི་རྟོག་ཞིབ་འགན་འཁུར་བྱས།

  (གསུམ) གསོག་འཇོག་དོ་དམ་ཁང་ནས་རྟོག་ཞིབ་བྱས་ཏེ་ས་ཁུལ་བསགས་འབྲུའི་རྒྱ་ཁྱོན་དང་། སྒྲིག་གཞི། བཀོད་ཚུལ་བསམ་འཆར་བཅས་འདོན་པར་འགན་འཁུར་བ། ས་ཁུལ་གྱི་བསགས་འབྲུའི་ཉོ། ཚོང་། སྤོ། བསགས་བཅས་ཀྱི་འཆར་གཞི་འདོན་པ་མ་ཟད་ལྟ་སྐུལ་དང་ཞིབ་བཤེར་འགན་འཁུར་བྱས་པ། ཞིང་ཆེན་རིམ་པའི་བསགས་འབྲུ་བདེ་འཇགས་དོ་དམ་འགན་འཁུར་བ་དང་། ཁུལ་རིམ་པའི་བསགས་འབྲུ་དང་། ཁེ་ལས་འབྲུ་རིགས་འཁོར་རྒྱུག་དང་ཞིང་སྡེ་བསགས་འབྲུའི་བདེ་འཇགས་གསོག་ཉར་སོགས་མཛུབ་སྟོན་བྱས།

  (བཞི) ལས་རིགས་མཛུབ་སྟོན་ཁང་ནས་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་རྒྱུན་འཁོར་ལས་རིགས་ཀྱི་བྱེད་སྒོ་མཛུབ་སྟོན་བྱ་བར་འགན་འཁུར་བྱེད་པ། འབྲུ་རིགས་ལས་རིགས་བདེ་འཇགས་ཐོིན་སྐྱེད་མཛབ་སྟོན་བྱས་པ་དང་། འབྲུ་རིསག་ཚོང་ར་དང་། ཟོང་འགྲུལ། བཟོ་ལས་འཕེལ་རྒྱས་འཆར་འགོད་ཀྱི་ལག་བསྟར་དང་ཚན་རྩལ་གྲུབ་འབྲས་ཡི་གསལ་འབྱེད། ཁྱབ་གདལ། བེད་སྤྱོད་བཅས་མཛུབ་སྟོན་བྱས། ཞིང་ཆེན་དང་ཞིང་ཆེན་བར་གྱི་ཡུན་རིང་བརྟན་གནས་ཀྱི་འབྲུ་རིགས་ཉོ་ཚོང་འབྲེལ་བར་བཀོད་འཛུགས་བྱས་པ།

  (ལྔ) ཚོད་འཛིན་ཁང་ནས་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ཀྱི་སྤྱིའི་ཚོད་སྙོམ་དང་། སྤྱི་འབོར་ཆ་སྙོམས་ཀྱི་དུས་ཡུན་རིང་བ་དང་འབྲིང་བའི་འཆར་གཞི། འབྲུ་རིགས་ཕྱིར་གཏོང་ནང་འདྲེན་གྱི་འཆར་གཞི་བཅས་བརྟོག་ཞིབ་བྱས་ཏེ་རྩ་འཛུགས་ལག་བསྟར་བྱས། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་བསྡོམས་རྩིས་ལམ་ལུགས་བརྟོག་ཞིབ་བྱས་ཏེ་གཏེན་འབེབས་རྩ་འཛུགས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ལས་རིགས་བསྡོམས་རྩིས་བྱ་བ་མཛུབ་སྟོན་བྱས། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་སྔོན་ཚད་ཀྱི་ཉེན་བརྡ་སྔོན་བསྒྲགས་དང་། འབྲུ་སྣུམ་ཆ་འཕྲིན་བསྡུས་བ་དང་ཁྱབ་བསྒྲགས་བྱ་བ་འགན་འཁུར་བྱས་པ། ཞིང་ཆེན་ཕྱི་ནང་གི་འབྲུ་སྣུམ་གྱི་གནས་བབ་དང་འགུལ་ཚུལ་བརྟོག་ཞིབ་དབྱེ་ཞིབ་བྱས། ཞིང་ཆེན་ཡོངས་ཀྱི་སྤྱིའི་ཚོད་སྙོམ་གྱི་སྲིད་ཇུས་བསམ་འཆར་འདོན་པ།

  (དྲུག) ལྟ་སྐུལ་ཞིབ་བཤེར་ཁང་ནས་འབྲུ་རིགས་རྒྱུན་འཁོར་ལྟ་སྐུལ་ཞིབ་བཤེར་གྱི་ལམ་ལུགས་དང་ཐབས་ཤེས་གཏན་འབེབས་བྱས་ཏེ་རྩ་འཛུགས་ལག་བསྟར་བྱས། འབྲུ་རིགས་རྒྱུན་འཁོར་དང་ས་གནས་བསགས་འབྲུའི་དོ་དམ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ་ལམ་ལུགས་ཀྱི་ལག་བསྟར་གནས་ཚུལ་ལྟ་སྐུལ་ཞིབ་བཤེར་བྱས་པ། བསགས་འབྲུའི་འཆར་གཞི་དང་གྲངས་ཚད། ལག་རྩལ་ཚད་ལྡན་གྱི་གནས་ཚུལ་ལྟ་སྐུལ་ཞིབ་བཤེར་བྱས། འབྲུ་རིགས་རྒྱུན་འཁོར་ཁྲོམ་ར་གྱི་འབྲུ་རིགས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་བྱས།

  ལས་ཁུངས་ཀྱི་ཏང་ཨུ་ནས་ལས་ཁུངས་དང་ཁོངས་གཏོགས་ལས་ཁུངས་ཀྱི་ཏང་དང་མང་ཚོགས་ཀྱི་བྱ་བ་འགན་འཁུར་བ།

  གསུམ། འོག་འཛུགས་སྒྲིག་གཞི་དང་འགན་འཁྲི།

  (གཅིག) མཚོ་སྔོན་ཞིང་ཆེན་འབྲུ་རིགས་ཅུའུ་ཡི་ལས་ཁུངས་ཀྱི་རྒྱབ་ཕྱོགས་ཞབས་འདེབས་ལྟེ་གནས་སུ་ཞིང་ཆེན་འབྲུ་རིགས་ཅུའུ་ཡི་ལས་ཁུངས་དང་འཚོ་བ་སྐྱེལ་ཁུལ་གྱི་རྒྱབ་ཕྱོགས་ཞབས་འདེབས་དང་འབྲེལ་ཡོད་ཀྱི་གཞིས་ལས་ཞབས་འདེབས་འགན་འཁུར་བྱས། ཆད་འབོར་ཁ་གསབ་བྱེད་པའི་བྱ་གཞག་སྡེ་ཚན་ཡིན། ཁ་པར་ཨང་གྲངས། 0971 8247028

  (གཉིས) མཚོ་སྔོན་ཞིང་ཆེན་འབྲུ་སྣུམ་ཞིབ་དཔྱད་ཚད་ལེན་འགོག་བཅོས་ཁང་ནས་གཙོ་བོ་ཞིང་ཆེན་ཡོངས་ཀྱི་འབྲུ་སྣུམ་དང་འབྲུ་སྣུམ་ལས་བཟོ་ཐོན་རྫས་ཀྱི་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་སྒྲིག་གཞི་དང་འབྲུ་སྣུམ་ཐོན་རྫས་མང་པོའི་སྤུས་ཚད་ལྟ་སྐུལ་ཞིབ་བཤེར། འབྲུ་སྣུམ་གསོག་ཉར་ལག་རྩལ་བརྟོག་ཞིབ་དང་ཁྱབ་སྤེལ་བྱེད་པ། འབྲུ་སྣུམ་བཟའ་ཆས་ཀྱི་ཚན་རིག་ཞིབ་འཇུག་དང་བཀོལ་སྤྱོད། རྒྱབ་ཁབ་ཕྱི་ནང་གི་འབྲུ་སྣུམ་ཚོང་རའི་ཆ་འཕྲིན་བསྡུས་བ་དང་ལེགས་སྒྲིག དབྱེ་ཞིབ། ཁྱབ་བསྒྲགས་བཅས་ཕུང་པོ་གཅིག་ཏུ་གྲུབ་པའི་ལས་ཁུངས་འགན་འཁུར་བྱས་པ། ཞིང་ཆེན་ཡོངས་ཀྱི་ལས་རིགས (ཉོ། ཚོང་། ལེགས་སྒྲིག གསོག་ཉར། སྣོན) འབྲུ་སྣུམ་ཞིབ་དཔྱད་དང་དོ་དམ་འགན་འཁྲི་བཅས་འགན་འཁུར་བྱས་པ། གྲངས་འབོར་ཚང་མའི་དངུལ་གཏོང་བྱེད་པའི་བྱ་གཞག་སྡེ་ཚན་ཡིན། ཁ་པར་ཨང་གྲངས། 0971 8247213

  (གསུམ) མཚོ་སྔོན་ཞིང་ཆེན་དམག་དཔུང་འབྲུ་སྣུམ་ཉོ་སྒྲུབ་མཁོ་སྤྲོད་ཁང་ནས་གཙོ་བོ་མཚོ་སྔོན་བཅའ་སྡོད་དམག་དཔུང་འབྲུ་སྣུམ་མཁོ་སྤྲོད་འགན་འཁུར་བྱས། རང་སྡུད་རང་གཏོང་གི་བྱ་གཞག་སྡེ་ཚན་ཡིན། ཁ་པར་ཨང་གྲངས། 0971 8237472

  ཞིང་ཆེན་འབྲུ་རིགས་ཅུའུ་ཡི་གཞུང་ལས་གནས་གཞི། ཟི་ལིང་གྲོང་ཁྱེར་བཅིངས་འགྲོལ་ལམ་ཨང2པ། སྦྲག་ཨང་། 810000 འབྲེལ་གཏུག་བྱེད་ལུགས(ཡོངས་བསྒྲགས་ཁ་པར་ཨང་གྲངས) 8221898 8226825 བརྙན་སྐྱེལ 8226825

  མཚོ་སྔོན་ཞིང་ཆེན་འབྲུ་རིགས་ཅུའུ་དྲ་བ།www.qhgrain.gov.cn ཡིག་ཚགས་རྒྱུ་ཆས་ཀློག་བཤེར་ཁང་ཟི་ལིང་གྲོང་ཁྱེར་བཅིངས་འགྲོལ་ལམ་ཨང2པ་ཞིང་ཆེན་འབྲུ་རིགས་ཅུའུ་གཞུང་ལས་ཁང305ཡོད་པ་དང་། སྒོ་འབྱེད་དུས་ཚོད་ནི་གཟའ་ཟླ་བ་ནས་གཟའ་པ་སངས་ཡིན། (ཁྲིམས་བཀོད་དུས་ཆེན་དང་གུང་སང་མ་ཐེ་བ) ཉིན་རེའི་དུས་ཚོད9:00-11:00 14:30-16:30བར་ཡིན།
 


གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་དང་དྲ་ངོས་ལ་གཟིགས་ཐུབ། 

  

རྩོམ་སྒྲིག་པ། : སུང་ཆི།