མཚོ་སྔོན་ཞིང་ཆེན་ཡིག་སྐོར་ངོ་གཏུག་ཅུའུ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

  གཅིག འགན་གནས་ལེགས་སྒྲུག

  (གཅིག)གཡིག་སྐུར་ངོ་གཏུག་གི་བྱ་བར་ཕྱོགས་བསྡུས་མཐུན་སྦྱོར་མཛུབ་སྟོན་འགན་གནས་ལ་ཤུགས་སྣོན་བྱས་ཏེ།ཡིག་སྐུར་བྱ་བར་མཐུན་སྦྱོར་རམ་འདེགས་སྒྲིག་སྲོལ་བཙུགས་པ་དང་འཐུས་ཚང་སྐུལ་འདེད་གཏོང་དགོས།

  (གཉིས) ཡིག་སྐུར་ངོ་གཏུག་བྱ་བཞག་བསྐྱར་ཞིབ་སྒྲིག་སྲོལ་དང་ཡིག་སྐུར་གནད་དོན་ཞིབ་བཤེར་དང་ཡིག་སྐུར་ངོ་གཏུག་བརྡ་འཕྲིན་གཅིག་བསྡུས་དབྱེ་ཞིབ་ལ་ཤུགས་སྣོན་བྱ་དགོས།

  (གསུམ) ཡིག་སྐུར་ངོ་གཏུག་བྱ་བཞག་གལ་ཆེན་ལ་ལྟ་སྐུལ་ཞིབ་བཤེར་དང་སྒྲུབ་རྒྱུར་ལྟ་སྐུལ་ལས་འགན་ལ་ཤུགས་སྣོན་བྱས་ནས། ཡིག་སྐུར་ངོ་གཏུག་རེ་བ་བཏོན་པའི་བྱེད་སྟངས་འཐུས་ཚང་དུ་བཏང་སྟེ།ཡིག་སྐུར་ངོ་གཏུག་ཐབས་ལམ་སྔར་ལས་བདེ་བགྲོད་ཡིན་པ།

  (བཞི) ཡིག་སྐུར་ངོ་གཏུག་བརྡ་འཕྲིན་མ་ལག་གི་འགན་གནས་འཛུགས་སྐྲུན་ཇེ་མང་དུ་བཏང་བ།

  (ལྔ) དྲ་ངོས་ནས་ཡིག་སྐུར་ངོ་གཏུག་གཏུག་བཤད་བྱ་བཞག་དང་ལེན་བྱེད་པའི་ལས་འགན་ཁ་སྣོན་བྱ་དགོས།

  གཉིས། ལས་འགན་གཙོ་བོ།

  (གཅིག)ཡིག་སྐུར་ངོ་གཏུག་བྱ་བའི་ཁྲིམས་སྲོལ་སྒྲིག་སྲོལ་འཆར་ཟིན་འགོད་པ།

  (གཉིས) འགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་བྱས་པའི་ཡིག་ཆའི་ལག་བསྟར་བྱས་པའི་གནས་ཚུལ་ལ་སྐུལ་འདེད་ཞིབ་བཤེར་བྱས་པ་དང་། ཡིག་སྐུར་ངོ་གཏུག་བྱ་བཞག་སྒྲུབ་རྒྱུ་དང་ལག་བསྟར་ལ་སྐུལ་འདེད་དང་ཞིབ་བཤེར་བྱ་དགོས།

  (གསུམ) མང་ཚོགས་ཀྱི་འཕྲིན་ཡིག་གི་ཐག་གཅོད་ལ་འགན་ཁུར་པ་དང་།མང་ཚོགས་འདྲི་རྩད་ཡོང་ན་སྣེ་ལེན་བྱ་དགོས་པ་དང་། མི་དམངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་པ་དང་། དྲ་ངོས་ནས་གཏུག་བཤེར་བྱ་བཞག་དང་ལེན་བྱེད་པ་དང་། ཕྱོགས་བསྡུས་སྒོས་ཡིག་སྐུར་ངོ་གཏུག་གི་རྣམ་པ་ལ་དཔྱད་ཞིབ་བྱས་ནས།ཡིག་སྐུར་ངོ་གཏུག་གི་བྱ་བ་ལེགས་སུ་གཏོང་བ་དང་ཤུགས་སྣོན་བྱེད་པའི་བསམ་འཆར་བཏོན་པ།

  (བཞི)ཞིང་ཆེན་ཡོངས་ཀྱི་ཡིག་སྐུར་ངོ་གཏུག་བྱ་བར་ཞིབ་བཤེར་དང་། མཐུན་སྦྱོར། མཛུབ་སྟོན་བྱས་ཏེ། ཞིང་ཆེན་ནང་གི་ས་ཁུལ་རྒལ་པ་དང་། སྡེ་ཁག་བརྒལ་པའི་ཡིག་སྐུར་ངོ་གཏུག་གནད་དོན་གལ་ཆེན་མཐུན་སྦྱོར་ངང་ཐག་གཅོད་བྱ་དགོས།

  (ལྔ)ཡིག་སྐུར་ངོ་གཏུག་བརྡ་འཕྲིན་མ་ལག་འཛུགས་སྐྲུན་ལ་འགན་དུ་ཁུར་དགོས་པར་མ་ཟད་མཛུབ་སྟོན་བྱ་དགོས་པ་དང་།ཡིག་སྐུར་ངོ་གཏུག་གིས་བྱ་བ་ལ་དྲིལ་བསྒྲགས་དང་བརྡ་འཕྲིན་ཁྱབ་བསྒྲགས་ལས་འགན་དུ་ཁུར་དགོས།

  (དྲུག)ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་།ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཐིན་གྱིས་བསྒྲུབ་རྒྱུར་སྤྲོད་པའི་བྱ་བ་གཞན་དག་སྒྲུབ་དགོས།

  གསུམ། ནང་གི་སྒྲིག་གཞི་འཛུགས་སྟངས།

  གོང་གསལ་ལས་གནས་ལྟར་ཞིང་ཆེན་ཡིག་སྐུར་ངོ་གཏུག་ཐིན་གྱིས་ནང་གི་སྒྲིག་གཞི་བཞི་བཙུགས།

  (གཅིག)གཞུང་ལས་ཁང་།

  དྲུང་ཡིག་དང་།གསང་གནད།ཡིག་ཚགས། གསང་བ།བརྡ་འཕྲིན་སོགས་གནད་འགག་འཁོར་བསྐྱོད་བྱ་བ་ལ་འགན་ཁུར་པ་དང་། གྲོས་ཐག་གཅོད་པའི་བྱ་བཞག་ལྟ་སྐུལ་ཞིབ་བཤེར་དང་ཡིག་སྐུར་ངོ་གཏུག་ཁྲིམས་སྲོལ་འཛུགས་སྐྲུན་བྱ་བར་ལ་འགན་ཏུ་ཁུར་པ་དང་།ཅུའུ་གནད་འགག་གི་ནོར་སྲིད་དང་གཏན་འཇགས་མ་དངུལ་དོ་དམ་ལ་འགན་དུ་ཁུར་པ་དང་།མི་དོན་དང་།ཏང་དོན།ལས་འཁྱུར་ངལ་གསོ་དང་ལས་བྲལ་ངལ་གསོ་མཁན་དོ་དམ་ཞབས་ཞུ་བྱ་བ་དང་ཕྱི་འབྲེལ་གཏུག་བྱེད་པའི་བྱ་བ་བསྒྲུབ་འགན་ཁས་ལེན་པ་དང་། ཞིང་ཆེན་མཉམ་འབྲེལ་གྲོས་ཚོགས་གཞུང་ལས་ཁང་དུས་རྒྱུན་བྱ་བ་བསྒྲུབ་པ་འགན་ཁས་ལེན་པ་དང་།ཞིང་ཆེན་གྱི་པེ་ཅིན་དུ་སྡོད་པའི་ཡིག་སྐུར་ངོ་གཏུག་ཁ་ཏ་བསླབ་བྱ་ཕྱིར་འོང་ཚན་ཆུང་གི་དོ་དམ་དང་། མངག་གཏོང་།རྒྱབ་ཕྱོགས་ཀྱི་ཞབས་འདེགས་འགན་སྲུང་བྱ་བར་འགན་ཏུ་ཁུར་པ་དང་།ཅུའུ་གནད་འགག་གི་རྩིས་འཁོར་བཀོལ་སྤྱོད་མ་ལག་གི་དོ་དམ་དང་སྲུང་སྐྱོང་ལ་འགན་ཁུར་ནས།ཞིང་ཆེན་ཡོངས་ཀྱི་ཡིག་སྐུར་ངོ་གཏུག་མ་ལག་གི་བརྡ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་མཛུབ་སྟོན་བྱ་དགོས།

  (གཉིས) ཡིག་སྐུར་ངོ་གཏུག་བསྒྲུབ་ས།

  མི་དམངས་མང་ཚོགས་ཀྱི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་མགོ་ཁྲིད་ལ་གནད་དོན་ཞུ་བའི་སྐུར་ཡིག་དང་མཐོ་རིམ་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གིས་བརྒྱུད་ཡོང་བའི་སྐུར་ཡིག་ལ་ཐག་གཅོད་བྱས་ནས།མི་དམངས་ཀྱི་བསམ་འཆར་བསྡུ་ལེན་བྱ་དགོས།“ཧྲིན་ཀྲང་ཡིག་སྒམ”གྱིས་དང་ལེན་བྱས་པའི་སྐུར་ཡིག་ཐག་གཅོད་བྱེད་པ་དང་།དྲ་ངོས་ནས་ཞིང་ཆེན་ཡོངས་ཀྱིས་ཡིག་སྐོར་ངོ་གཏུག་བརྡ་འཕྲིན་མ་ལག་གཏུག་བཤེར་བྱ་བཞག་དང་ལེན་བྱེད་པ་དང་།ཞིང་ཆེན་གྱི་མཉམ་འབྲེལ་གྲོས་ཚོགས་གཞུང་ལས་ཁང་གིས་ཐག་གཅོག་བྱས་པའི་མང་ཚོགས་ཀྱི་ཡིག་སྐུར་ནས་བཤད་པའི་བྱ་བ་གལ་ཆེན་སྒྲུབ་པའི་བྱ་བ་འགན་ཏུ་ཁུར་དགོས། ཕྱོགས་བསྡུས་སྒོས་མང་ཚོགས་ཀྱི་སྐུར་ཡིག་ལ་དཔྱད་ཞིབ་བྱེད་པ་མ་ཟད་བྱ་བར་བསམ་འཆར་དང་གྲོས་འགོ་འདོན་པ་དང་།ས་ཁུལ་སོ་སོས་དང་སྡེ་ཁག་སོ་སོས་མང་ཚོགས་ཀྱི་སྐུར་ཡིག་ཁྲོད་འཕྲད་པའི་གནད་དོན་སྣ་ཚོགས་དང་གལ་ཆེན་བྱ་བཞག་ལ་མཐུན་སྦྱོར་སྒོས་ཐག་གཅོད་བྱས་ཏེ།ས་ཁུལ་སོ་སོའི་དང་སྡེ་ཁག་སོ་སོའི་སྐུར་ཡིག་ལ་ཐག་གཅོད་བྱེད་པའི་བྱ་བ་ལ་ཞིབ་བཤེར་མཛུབ་སྟོན་བྱ་དགོས།

  (གསུམ)ངོ་བཅར་སྣེ་ལེན་བྱེད་ས།(ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ངོ་བཅར་སྣེ་ལེན་ཁང་ཞེས་འབོད)མི་དམངས་མང་ཚོགས་ཀྱི་ངོ་བཅར་ལ་སྣེ་ལེན་བྱེད་ནས། དམངས་ཚོགས་ཐུན་མོང་གིས་ངོ་བཅར་དང་ཐུན་མོང་རང་བཞིན་གྱི་གློ་བར་དུ་བྱུང་རྐྱེན་ལ་མཐུན་སྦྱོར་སྒོས་ཐག་གཅོག་བྱེད་པ་དང་། ངོ་བཅར་བྱ་བ་གལ་ཆེན་ལ་བརྒྱུད་འབུལ་དང་།སྒྲུབ་རྒྱུད་སྤྲོད་པ་དང་། སྒྲུབ་རྒྱུར་ལྟ་སྐུལ་བྱ་དགོས། ས་ཁུལ་དང་། སྡེ་ཁག་ངོ་བཅར་སྣེ་ལེན་ཁྲོད་འཕྲད་པའི་གནད་དོན་སྣ་ཚོགས་ལ་མཐུན་སྦྱོར་ངང་ཐག་གཅོད་བྱེད་ནས།ས་ཁུལ་དང་སྡེ་ཁག་ལ་ངོ་བཅའ་གནས་ཚུལ་བརྡ་ཁྱབ་གཏོང་བ།

  བཞི། ཡིག་སྐུར་ངོ་གཏུག་ལྟ་ཞིབ་ཁང་།(ཡིག་སྐུར་བསྐྱར་ཞིབ་གཞུང་ལས་ཁུངས)

  ཡིག་སྐུར་ངོ་གཏུག་བྱ་བར་ཐབས་ཇུས་དང་སྒྲིག་བཀོད་ཀྱི་ལག་བསྟར་གནས་་ཚུལ་ལ་སྐུལ་འདེད་ཞིབ་བཤེར་བྱ་དགོས་པ་དང་། རིམ་པ་སོ་སོའི་ཡིག་སྐུར་ངོ་གཏུག་བྱ་བར་སྒྲིག་གཞི་བྱ་བ་ལ་ཞིབ་བཤེར་མཛུབ་སྟོན་བྱས་པ་དང་།གོང་རིམ་དང་འགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་དང་། སྒྲུབ་རྒྱུར་སྤྲོད་པའི་ཡིག་སྐུར་ངོ་གཏུག་གི་བྱ་བ་གཞན་དག་ལ་སྒྲུབ་རྒྱུར་ལྟ་སྐུལ་བྱེད་པ་དང་།ས་ཁུལ་སོ་སོ་དང་།སྡེ་ཁག་སོ་སོ་ཡིག་སྐུར་ངོ་གཏུག་གྱོན་གཞིར་ཞིབ་བཤེར་ཐག་གཅོད་དང་སྒྲུབ་རྒྱུར་བྱ་བ་ལ་མཛུབ་སྟོན་དང་།མཐུན་སྦྱོར།སྐུལ་འདེད།ཞིབ་བཤེར་བྱེད་པ་དང་།ས་ཁུལ་སོ་སོ་ལ་ཞིབ་བཤེར་དང་།སྡེ་ཁག་སོ་སོའི་ཡིག་སྐུར་ངོ་གཏུག་གྱོད་དོན་ལ་ཞིབ་བཤེར་ཐག་གཅོད་བྱ་དགོས།

ལོ་ཙཱ་བ། ཨ་གཡང་སྐྱིད།

རྩོམ་སྒྲིག་པ། སུང་ཆི།