ཞིང་ཆེན་རྒྱང་བསྒྲགས་བརྙན་འཕྲིན་ཅུའུ།

ཡོང་ཁུངས། སྲིད་གཞུང་དྲ་བ།

  ལས་འགན་གཙོ་བོ།

  རྒྱང་བསྒྲགས་དང་བརྙན་འཕྲིན་དྲིལ་བསྒྲགས་གྱི་བྱེད་ཕྱོགས་དང་། སྲིད་ཇུས། གདེང་ཚོད་གླེང་ཕྱོགས་ཕྱོགས་སྟོན་དང་། རྒྱང་བསྒྲགས་དང་བརྙན་འཕྲིན་ལས་དོན་དོ་དམ་གྱི་ས་གནས་རང་བཞིན་སྒྲིག་སྲོལ་དང་སྒྲིག་ཁྲིམས་ཞིབ་འཇུག་འཆར་ཟིན་འགོད་པ་དང་། ཞིང་ཆེན་རྒྱང་བསྒྲགས་བརྙན་འཕྲིན་ལས་རིགས་ཀྱི་འཕེལ་རྒྱས་འཆར་གཞི་གཏན་འབེབས་དང་།རྒྱང་བསྒྲགས་དང་བརྙན་འཕྲིན་ཁྲིམས་ལུགས། སྒྲིག་སྲོལ་གྱི་གཅིག་གྱུར་འཆར་ཟིན་གཏན་འབེབས་ལག་བསྟར་བྱེད་པ་དང་གཅིག

  རྒྱང་བསྒྲགས་བརྙན་འཕྲིན་དྲིལ་བསྒྲགས་དང་རྒྱང་བསྒྲགས་བརྙན་འཕྲིན་གསར་གཏོད་མཐུན་འགྲིག་བརྗོད་བྱའི་འཆར་གཞི་ལ་མཛུབ་སྟོན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན་གྱི་དཔྱད་བསྡུར་འདེམས་བསྐོའི་བྱ་འགུལ་ལ་རྩ་འཛུགས་དང་། རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན་དང་འཁོར་སྐར་བརྙན་འཕྲིན་ལེ་ཚན་བསྡུ་ལེན་ལ་ལྟ་སྐུལ་དོ་དམ་བྱེད་པ་དང་གཉིས།

  ཁུལ་དང་ས་གནས། གྲོང་ཁྱེར། རྫོང་ལ་སོགས་པའི་རྒྱང་བསྒྲགས་བརྙན་འཕྲིན་གཏོང་བའི་སྒྲིག་གཞི་ལག་ལེན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱང་བསྒྲགས་བརྙན་འཕྲིན་གཏོང་བའི་སྒྲིག་གཞི་དང་རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན། བརྙན་འཕྲིན་འཁྲབ་གཞུང་གསར་བཟོ་སྡེ་ཁག་གི་གསར་སྤེལ་དང་མེད་པར་བཟོ་བ་རྒྱལ་ཁབ་རླུང་བརྙན་འཕྲིན་སྤྱི་ཁྱབ་ཅུས་ལ་ཡར་ཞུ་བྱས་ནས་བསམ་འཆར་འདོན་པ་དང་། གློག་བརྙན་འཕྲིན་འཁྲབ་གཞུང་གསར་བཟོ་ཕྱིར་བསྡུ་དང་ཕྱིར་གཏོང་བྱེད་པ་དང་། ཆོག་མཆན་དཔང་ཡིག་འགྲེམ་པར་རྒྱལ་ཁབ་གློག་བརྙན་འཕྲིན་སྤྱི་ཁྱབ་ཅུས་ལ་ཡར་ཞུ་བྱས་ནས་བསམ་འཆར་འདོན་པ་དང་། རྒྱང་བསྒྲགས་བརྙན་འཕྲིན་ཁྲོད་གཏོང་བའི་གློག་བརྙན་དང་བརྙན་འཕྲིན་འཁྲབ་གཞུང་དང་ཡང་ན་ལེ་ཚན་གཞན་པའི་ནང་དོན་དང་སྤུས་ཚད་ལ་རྩ་འཛུགས་ཞིབ་བཤེར་བྱེད་པ་དང་གསུམ།

  ཞིང་ཆེན་ཡོངས་ཀྱི་རྒྱང་བསྒྲགས་བརྙན་འཕྲིན་ལག་རྩལ་བྱ་བར་དོ་དམ་དང་། རྒྱང་བསྒྲགས་བརྙན་འཕྲིན་མ་ལག་སྤྱོད་བདེ་བའི་ལག་རྩལ་གསར་བའི་མཐོ་ཤོས་ཀྱི་ཚན་རིག་ཞིབ་འཇུག་དང་གསར་སྤེལ་བེད་སྤྱོད་བྱེད་པར་མཛུབ་སྟོན་བྱེད་པ། ཞིང་ཆེན་བརྡ་འཕྲིན་དྲ་བ་སྤྱིའི་འཆར་གཞི་གཏན་འཁེལ་བྱེད་པར་ཞུགས་པ་དང་བཞི།

  ཞིང་ཆེན་ཡོངས་ཀྱི་རྒྱང་བསྒྲགས་བརྙན་འཕྲིན་ཆེད་སྤྱོད་དྲ་བ་སྒྲུབ་པར་ཞིབ་ཕྲའི་འཆར་གཞི་དང་དོ་དམ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ཁེབས་པའི་བྱ་བར་མཛུབ་སྟོན་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། རྒྱང་སྒྲོག་བརྙན་འཕྲིན་གཏོང་བའི་དྲ་བའི﹙སྐུད་མེད་དང་སྐུད་ཡོད་གཉིས་ཀའི་བརྙན་འཕྲིན་དྲ་བ﹚གཅིག་གྱུར་འཆར་གཞི་དང་ལས་སྒུག་དོ་དམ་ལ་འགན་འཁུར་དང་། རིམ་དབྱེ་འཛུགས་སྐྲུན་དང་གསར་སྤེལ་བེད་སྤྱོད་བྱ་བར་མཛུབ་སྟོན་དང་། ཞིང་ཆེན་ཡོངས་ཀྱི་རྒྱང་བསྒྲགས་བརྙན་འཕྲིན་བརྒྱུད་སྒྲ་རླབས﹙གློག་རླབས﹚དང་འཕྲོ་བའི་ཤུགས་ཚད་བཅས་ཀྱི་ལག་རྩལ་དཔྱད་གྲངས་ཀྱི་འཆར་གཞི་དང་གཏན་འཁེལ་བགོ་བཤའ་དང་དོ་དམ་ལ་འགན་འཁུར་པ་དང་ལྔ།

  མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་འགོ་ཁྲིད་དང་། མཚོ་སྔོན་བརྙན་འཕྲིན་ལས་ཁུངས་དང་མཚོ་སྔོན་སྐུད་ཡོད་རྒྱང་བསྒྲགས་བརྙན་འཕྲིན་ལས་ཁུངས་དང་། དྲིལ་བསྒྲགས་གལ་ཆེན་སྒྲུབ་པར་མཐུན་འགྲིག་ཞིབ་དཔྱོད་བྱེད་པ་དང་། ལེ་ཚན་གཞན་པ་སྐྱེལ་བར་ཁེབས་པར་གཅིག་གྱུར་གྱིས་རྩ་འཛུགས་དང་དོ་དམ་བྱེད་པ་དང་དྲུག

  ལས་ཁུངས་གསུམ་པོའི་བདེ་འཇགས་སྲུང་སྐྱོབ་བྱ་བར་ཞིབ་བཤེར་ལྟ་སྐུལ་བྱེད་པ་དང་བདུན།

  ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལས་ཚན་གཞན་དག་སྒྲུབ་འགན་ཁས་ལེན་བྱེད་པ་དང་བརྒྱད།

རྩོམ་སྒྲིག་པ། སུང་ཆི།