ཞིང་ཆེན་བསྡོམས་རྩིས་ཅུའུ།

ཡོང་ཁུངས། སྲིད་གཞུང་དྲ་བ།

  ལས་འགན་གཙོ་བོ།

  གཅིག་གྱུར་གྱི་ཁྲིམས་སྲོལ་ལྟར་བསྡོམས་རྩིས་བཅོས་བསྒྱུར་དང་བསྡུམས་རྩིས་དུས་རབས་འཛུགས་སྐྲུན་འཆར་གཞིའམ་ས་ཁུལ་རང་བཞིན་གྱི་གཅིག་གྱུར་ཞིབ་བཤེར་འཆར་གཞི་བཟོ་བ།ས་ཁུལ་སོ་སོར་དང་།ལས་ཁུངས་སོ་སོའི་བསྡོམས་རྩིས་དང་རྒྱལ་དམངས་དཔལ་འབྱོར་ཞིབ་རྩིས་བྱ་བར་རྩ་འཛུགས་མཛུབ་སྟོན་དང་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།བསྡོམས་རྩིས་ཁྲིམས་ལུགས་དང་ཁྲིམས་སྲོལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།ཞིང་ཆེན་ཡོངས་ཀྱི་དམིགས་ཡུལ་འགན་ལེན་ལམ་ལུགས་དཔྱད་ཞིབ་བར་གྱི་དཔལ་འབྱོར་དམིགས་ཚད་ཀྱི་དཔྱད་ཞིབ་ལྟ་ཞིབ་ཚད་ལེན་ཚོད་འཛིན་བྱེད་པར་འགན་ལེན་དགོས་པ་དང་གཅིག

  རྒྱལ་དམངས་དཔལ་འབྱོར་ཞིབ་རྩིས་མ་ལག་དང་བསྡོམས་རྩིས་དམིགས་ཚད་མ་ལག་བཅོས་ལེགས་སྐྲུན་པ།རྒྱལ་ཡོངས་གཅིག་གྱུར་གྱི་གཞི་རྩའི་བསྡོམས་རྩིས་ལམ་ལུགས་དང་རྒྱལ་ཁབ་བསྡོམས་རྩིས་ཚད་ལྡན་ལྟར་ས་ཁུལ་སོ་སོར་དང་།ལས་ཁུངས་སོ་སོའི་བསྡོམས་རྩིས་ཚད་ལྡན་ཞིབ་བཤེར་བྱས་པ།ཞིང་ཆེན་ཡོངས་ཀྱི་བསྡོམས་རྩིས་ཞིབ་བཤེར་ལས་གཞི་ལ་དོ་དམ་རྩ་འཛུགས་བྱེད་དགོས་པ།ས་ཁུལ་སོ་སོར་དང་ལས་ཁུངས་སོ་སོའི་གཅིག་གྱུར་གྱི་ཞིབ་བཤེར་འཆར་གཞི་དང་ཞིབ་བཤེར་འཆར་གཞི་ཞིབ་བཤེར་ཆོག་མཆན་འགོད་པ་དང་གཉིས།

  རྒྱལ་ཁབ་ཀྱི་གནས་ཚུལ་དང་སྟོབས་ཤུགས་གལ་ཆེན་ཡོངས་ཁྱབ་ཀྱི་ཞིབ་བཤེར་བྱ་བར་ལག་བསྟར་བྱེད་པར་འགན་ཁུར་དགོས།ས་ཁུལ་སོ་སོར་དང་ལས་ཁུངས་སོ་སོའི་སྤྱི་ཚོགས་དཔལ་འབྱོར་ཞིབ་བཤེར་གཅིག་གྱུར་གྱི་རྩ་འཛུགས་བྱེད་དགོས།ཞིང་ཆེན་ཡོངས་ཀྱི་གཞི་རྩའི་བསྡོམས་རྩིས་དཔྱད་ཡིག་ཕྱོགས་བསྡུས་དང་ལེགས་སྒྲིག་བྱེད་དགོས།རྒྱལ་དམངས་དཔལ་འབྱོར་དང་།ཚན་རིག་ཡར་ཐོན།སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་བསྡོམས་རྩིས་དབྱེ་ཞིབ་དང་།བསྡོམས་རྩིས་སྔོན་འགོག བསྡོམས་རྩིས་ལྟ་སྐུལ་བྱས་པ།ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་།ཞིང་ཆེན་མི་དམངས་སྲིད་གཞུང་།འབྲེལ་ཡོད་ལས་ཁུངས་ཀྱི་བསྡོམས་རྩིས་ཆ་འཕྲིན་དང་བློ་འདྲི་བསམ་འཆར་འདོན་པ་དང་གསུམ།

  ཞིང་ཆེན་ཡོངས་ཀྱི་གཞི་རྩའི་བསྡོམ་རྩིས་དཔྱད་ཡིག་གཅིག་གྱུར་གཏན་འབེབས་ཆོག་མཆན་འགོད་པར་ཁྱབ་བསྒྲགས་བྱེད་པར་དོ་དམ་བྱེད་པ་དང་།ཞིང་ཆེན་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་གྱི་བསྡོམས་རྩིས་ཆ་འཕྲིན་དུས་བཀག་དུ་སྤྱི་ཚོགས་མང་ཚོགས་ཁྱབ་བསྒྲགས་བྱེད་པ་དང་བཞི།

  ཞིང་ཆེན་ཡོངས་ཀྱི་བསྡོམས་རྩིས་ཆ་འཕྲིན་རང་འགུལ་ཅན་མ་ལག་དང་ཞིང་ཆེན་ཡོངས་ཀྱི་་བསྡོམས་རྕིས་གཞི་གྲངས་མ་ལམ་འཐུས་ཚང་དུ་སྐྲུན་པར་དོ་དམ་བྱེད་པ་དང་།རྒྱལ་ཁབ་ཚད་ལྡན་དང་འཁོར་སྐྱོད་འགྲོ་ལུགས་ལ་གཏན་དགོས།ས་ཁུལ་སོ་སོར་དང་ལས་ཁུངས་སོ་སོའི་བསྡོམས་རྩིས་གཞི་གྲངས་མཛོད་བརྡ་གཏོང་གློག་ལམ་དྲ་བའི་སྟེང་གཅིག་གྱུར་དོ་དམ་བྱེད་པ་དང་ལྔ་།

  ཁུལ(ས་ཁུལ།)དང་།གྲོང་ཁྱེར་བསྡོམས་རྕིས་ཅུའུ་ཅུའུ་ཀྲང་།ཅུའུ་ཀྲང་གཞོན་པ་རོགས་རམ་བྱས་ནས་དོ་དམ་བྱེད་པ་དང་།བསྡོམས་རྕིས་ཆེད་ལས་ཐོབ་ཐང་རྒྱུགས་ལེན་དང་ལས་འགན་གདན་ཞུ་བྱ་བར་རྩ་འཛུགས་དོ་དམ་བྱེད་དགོས་པ་དང་།རྒྱལ་ཁབ་བསྡོམས་རྕིས་ཅུའུ་མཚོ་སྔོན་གྱི་ཐད་གཏོགས་ཞིབ་བཤེར་ལས་ཁུངས་དོ་དམ་བྱེད་པ་དང་དྲུག

  ཞིང་ཆེན་སྲིད་གཞུང་ཁང་གི་བསྒྲུབ་རྒྱུར་སྤྲོད་པའི་བྱ་བ་གཞན་དག་ལ་སྒྲུབ་འགན་ཁས་ལེན་དགོས་པ་བདུན།

རྩོམ་སྒྲིག་པ། སུང་ཆི།