ལས་འགན་གཙོ་བོ།
རྒྱལ་ཁབ་ཀྱི་འབྲེལ་ཡོད་རྒྱུ་སྤུས་ལག་རྩལ་ལྟ་སྐུལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་རྩ་འཛུགས་ལག་བསྟར་བྱེད་པ་དང་། སྲིད་འཛིན་ཁྲིམས་འཛིན་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་པ་དང་གཅིག
ཞིང་ཆེན་ཡོངས་ཀྱི་རྒྱུ་སྤུས་ལྟ་སྐུལ་བྱ་བར་འགན་འཁུར་བ། ཐོན་རྫས་རྒྱུ་སྤུས་འདུམ་གཅོད་ཀྱི་ཞིབ་དཔྱད་དང་གསལ་འབྱེད་ལ་དོ་དམ་བྱེད་པ། བཅའ་ཁྲིམས་ལྟར་ཐོན་སྐྱེད་དང་ཚོང་རྫས་རྫུན་མའི་བརྒྱུད་འཚོང་བྱ་འགུལ་ཁྲོད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྩ་འཛུགས་སྒོས་མཐུན་སྦྱོར་བྱས་ནས་ཞིབ་བཤེར་ཐག་གཅོད་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཐོན་རྫས་ཆེན་པོའི་སྤུས་ཚད་ལས་འཛོལ་གྱི་བརྟག་དཔྱད་ལ་རྩ་འཛུགས་འགན་འཁུར་བྱེད་པ་དང་གཉིས།
རང་ཞིང་གི་སྤུས་ཚད་ཆུ་ཚད་མཐོར་འདེགས་གཏོང་བའི་འཆར་གཞི་དང་བྱ་ཐབས་ལ་ཞིབ་འཇུག་འཆར་བཀོད་གཏན་འབེབས་དང་། སྔོན་ཐོན་སྤུས་ཚད་དོ་དམ་ཉམས་མྱོང་དང་བྱ་ཐབས་ལ་སྐུལ་འདེད་གཏོང་བ། བཟོ་གྲྭ་ཆེན་མོའི་སྒྲིག་ཆས་རྒྱུ་སྤུས་ཞིབ་བཤེར་ལམ་ལུགས་མཐུན་སྒྲིག་བྱེད་པ། ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཐོན་རྫས་ཐོན་སྐྱེད་ཆོག་མཆན་དཔང་ཡིག་དང་རྒྱུ་སྤུས་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱེད་པའི་བྱ་བར་དོ་དམ་བྱེད་པ་དང་གསུམ།
ཞིང་ཆེན་ཡོངས་ཚད་ལྡན་ཅན་དུ་བསྒྱུར་བའི་བྱ་བར་གཅིག་གྱུར་གྱིས་དོ་དམ་བྱེད་པ། རྒྱལ་ཁབ་ཚད་ལྡན་དང་ལས་རིགས་ཚད་ལྡན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ས་གནས་ཚད་གཞི་འམ་ལྟ་སྐུལ་སྒྲུབ་པར་རྩ་འཛུགས་གཏན་འབེབས་བྱེད་པ། ཁེ་ལས་རྒྱལ་སྤྱིའི་ཚད་གཞི་དང་ཁེ་ལས་ཐོན་རྫས་ཚད་གཞི་ལྟར་སྙན་སེང་བྱ་བར་དོ་དམ་དང་། ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་སྒྲིག་གཞི་ཚབ་རྟགས་དང་ཚོང་རྫས་ཨང་བྱང་བྱ་བར་དོ་དམ་བྱེད་པ་དང་བཞི།
ཞིང་ཆེན་ཡོངས་ཀྱི་ཚད་འཇལ་བྱ་བར་གཅིག་གྱུར་གྱིས་དོ་དམ་བྱེད་པ། ཁྲིམས་བཀོད་ཚད་འཇལ་སྡེ་ཁག་དང་རྒྱལ་ཁབ་ཚད་འཇལ་ལམ་ལུགས་ལ་སྐུལ་འདེད་གཏོང་བ། ས་གནས་ཚད་གཞི་ཞིབ་བཤེར་སྒྲིག་སྲོལ་གཏན་འབེབས་དང་ཚད་གཞི་ལག་རྩལ་ཚད་ལྡན་གཏན་འབེབས་དང་། ཞིང་ཆེན་ཡོངས་ཀྱི་ཚད་གཞིའི་རིན་ཐང་རྩ་འཛུགས་བརྒྱུད་སྤྲོད་བྱེད་པ། ཚོང་རྫས་གྲངས་ཀྱི་ཚད་འཇལ་བྱ་སྤྱོད་ཚད་ལྡན་དང་ལྟ་སྐུལ་བྱེད་པ། སྤུས་ཚད་ཉམས་མྱོང་སྒྲིག་གཞིའི་དབང་བཅོལ་དང་ལྟ་སྐུལ་དོ་དམ་ལ་ཁྲིམས་ཀྱིས་འགན་འཁུར་བ་དང་ལྔ།
ཁྲོ་ཐབ་དང་། གནོན་ཤུགས་སྣོད་སྤྱད། གློག་སྐས། འབར་གས་སྔོན་འགོག་གློག་ཆས་སོགས་ཀྱི་ཐུན་མོང་མ་ཡིན་པའི་སྒྲིག་ཆས་གྱི་བདེ་འཇགས་ཞིབ་བཤེར་ལྟ་སྐུལ་བྱ་བར་ཕྱོགས་ཡོངས་དོ་དམ་དང་། ལམ་ལུགས་དང་རྩ་འཛུགས་ལག་བསྟར་གཏན་འབེབས་དོ་དམ་བྱེད་པ། ཁྲོ་ཐབ་དང་གནོན་ཤུགས་སྣོད་སྤྱད། རྒྱུ་སྤུས་སོགས་ཀྱི་ཕྱི་ནང་འདྲེན་གྱི་ལག་བསྟར་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པ་དང་དྲུག
ཞིང་ཆེན་ཡོངས་ཀྱི་རྒྱུ་སྤུས་ལག་རྩལ་ལྟ་སྐུལ་ལས་དོན་འཕེལ་རྒྱས་འཆར་གཞི་རྩ་འཛུགས་གཏན་འབེབས་བྱེད་པ། མཐུན་འགྲིག་བྱ་སྤྱོད་དང་ཆེད་ལས་གྱི་སྤུས་ཚད་ལག་རྩལ་ལྟ་སྐུལ་བྱ་བར་རྩ་འཛུགས་བྱེད་པ། དྲིལ་བསྒྲགས་དང་། སློབ་གསོ། སྦྱོང་བརྡར། བརྡ་འཕྲིན་བཅས་ཀྱི་བྱ་བར་རྩ་འཛུགས་དོ་དམ་རྒྱུ་སྤུས་ལག་རྩལ་ལྟ་ཞིབ་བྱེད་པ། འབྲེལ་ཡོད་ཆེད་ལས་ཀྱི་ལས་རིགས་ལག་རྟགས་བྱ་བར་རྩ་འཛུགས་ལག་བསྟར་བྱེད་པ། རྒྱུ་སྤུས་ལག་རྩལ་ལྟ་ཞིབ་དང་འབྲེལ་བའི་སྤྱི་ཚོགས་བར་སྦྱོར་རྩ་འཛུགས་ལག་བསྟར་ལག་རྟགས་ཁས་ལེན་དང་ལྟ་སྐུལ་དོ་དམ་བྱེད་པ་དང་བདུན།
ཞིང་ཆེན་ཡོངས་ཀྱི་སྤུས་ཚད་ལག་རྩལ་ལྟ་སྐུལ་མ་ལག་གི་མི་དོན་དང་། ངལ་རྩོལ། སྒྲིག་གཞི་སྒྲིག་པའི་བྱ་བར་དོ་དམ་བྱེད་པ། ཁུལ་དང་གྲོང་ཁྱེར་རིམ་པའི་སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུའུ་ཀྲང་དང་ཅུའུ་ཀྲང་གཞོན་པ། ད་དུང་རིམ་པ་གཞན་པའི་ལས་བྱེད་དག་ལ་དོ་དམ་བྱེད་པ་དང་བརྒྱད།
ཞིང་ཆེན་སྲིད་གཞུང་དང་རྒྱལ་ཁབ་རྒྱུ་བཤེར་གྱིས་སྤྲད་པའི་ལས་ཚན་གཞན་དག་ལ་སྒྲུབ་འགན་ཁས་ལེན་པ་དང་དགུ།