ཞིང་ཆེན་ལུས་རྩལ་ཅུའུ།

ཡོང་ཁུངས། སྲིད་གཞུང་དྲ་བ།

  ལས་འགན་གཙོ་བོ།

  ལུས་རྩལ་ལས་དོན་འཕེལ་རྒྱས་འཆར་འགོད་བཟོ་བཀོད་བྱེད་དགོས་པ་མ་ཟད་མཛུབ་སྟོན་བྱེད་དགོས།ལུས་རྩལ་ལས་དོན་འཕེལ་རྒྱས་འཆར་གཞི་བཟོ་འགོད་དང་།ས་ཁོངས་རང་བཞིན་གྱི་ལུས་རྩལ་འཕེལ་རྒྱས་བྱ་བར་མཐུན་སྦྱོར།རིག་གནས་སྣ་མང་ཅན་གྱི་ལུས་རྩལ་ཞབས་ཕྱི་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་དང་།ལུས་རྩལ་གྱི་སྤྱི་བའི་ཞབས་ཕྱི་དང་སྒྲིག་གཞིའི་བཅོས་བསྒྱུར་སྐུལ་འདེད་བྱེད་དགོས་པ་དང་གཅིག།

  ཞིང་ཆེན་ཡོངས་ཀྱི་མང་ཚོགས་ལུས་རྩལ་འཕེལ་རྒྱས་འཆར་གཞི་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས་ཤིང་།མང་ཚོགས་ཡོངས་ཀྱིས་ལུས་ཕུང་སྦྱོང་བརྡར་བྱེད་པའི་འཆར་གཞི་ཁྱབ་གདལ་དུ་གཏོང་བར་འགན་འཁུར་དང་།མང་ཚོགས་རང་བཞིན་གྱི་ལུས་རྩལ་བྱ་འགུལ་སྤེལ་བ།རྒྱལ་ཁབ་གྱི་ལུས་རྩལ་སྦྱོང་བརྡར་ཚད་གཞི་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་དགོས།རྒྱལ་དམངས་གྱི་གཟུགས་གཞི་ལྟ་ཞིབ་ཚད་ལེན་དང་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་བྱ་བར་སྐུལ་འདེད་གཏོང་དགོས་པ་མ་ཟད།སྤྱི་པའི་ལུས་རྩལ་མཁོ་ཆས་ལ་ལྟ་སྐུལ་དང་དོ་དམ་བྱེད་པར་འགན་ལེན་དགོས་པ་གཉིས།

  རྩལ་འགྲན་ལུས་རྩལ་འཕེལ་རྒྱས་སུ་གཏོང་བར་གཅིག་གྱུར་གྱིས་འཆར་འགོད། རྒྱལ་སྤྱི་དང་རྒྱལ་ནང་ལུས་རྩལ་འགྲན་བསྡུར་ལ་ཞུགས་པར་རྩ་འཛུགས་བྱེད་དགོས།ཞིང་ཆེན་ནང་གི་རྒྱལ་སྤྱི་དང་རྒྱལ་ནང་ལུས་རྩལ་འགྲན་བསྡུར་ལ་མཛུབ་སྟོན་དང་མཐུན་སྦྱོར་བྱེད་དགོས།ཞིང་ཆེན་ཡོངས་ཀྱི་ལུས་རྩལ་བྱ་འགུལ་བཀོད་སྒྲིག་དང་ལུས་རྩལ་རུ་ཁག་འཛུགས་སྐྲུན་བྱེད་པའི་ཐད་འཆར་གཞི་འགོད་པ།ལུས་རྩལ་གྱི་ཚན་རིག་ཞིབ་འཇུག་རྩ་འཛུགས་དང་ལག་བསྟར་བྱེད་དགོས་ཤིང་།ལུས་རྩལ་གྱི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཁྱབ་གདལ་དུ་གཏོང་དགོས་པ་དང་གསུམ།

  གཞོན་ནུ་དང་ལོ་ཆུང་ལུས་རྩལ་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་།གཞོན་ནུ་དང་ལོ་ཆུང་གི་ལུས་རྩལ་བྱ་བར་མཛུབ་སྟོན་དང་སྐུལ་འདེད་བྱེད་དགོས་པ་དང་བཞི།

  ལུས་རྩལ་ཐོན་ལས་འཕེལ་རྒྱས་འཆར་གཞི་དང་སྲིད་ཇུས་འཆར་འགོད་དང་།ཞིང་ཆེན་ཡོངས་ཀྱི་ལུས་རྩལ་ཐོན་ལས་གསར་སྤེལ་ལ་མཛུབ་སྟོན་བྱེད་པ།ལུས་རྩལ་གྱི་བྱ་དགའ་འཛིན་ཤོག་གི་ལྟ་སྐུལ་དང་དོ་དམ་བྱ་བར་འགན་ཁུར་དགོས་པ་ལྔ་།

  ལུས་རྩལ་ཕྱི་འབྲེལ་ལས་དོན་བྱ་བར་མཛུབ་སྟོན་དང་དོ་དམ་བྱེད་དགོས་པ་དང་། རྒྱལ་སྤྱི་དང་ཞང་ཀང་།ཨའོ་མོན།ཐའེ་ཝན་བཅས་བར་ལུས་རྩལ་བརྗེ་སྤེལ་དང་མཉམ་ལས་བྱེད་པར་རྩ་འཛུགས་བྱེད་པ་དང་།ཞིང་ཆེན་ཡོངས་ཀྱི་ལུས་རྩལ་ཚོགས་པའི་ཐོབ་ཐང་ཞིབ་དཔྱོད་བྱེད་པར་འགན་ལེན་དགོས་པ་དང་དྲུག།

  ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་དོན་དག་གཞན་དག་འགན་འཁུར་དགོས་པ་དང་བདུན།

རྩོམ་སྒྲིག་པ། སུང་ཆི།