ལས་འགན་གཙོ་བོ།
མི་དམངས་མཁའ་ཟོན་གྱི་ཁྲིམས་ལུགས་ཁྲིམས་སྲོལ་ལག་བསྟར་བྱེད་པར་ལྟ་སྐུལ་དང་།མི་དམངས་མཁའ་ཟོན་ལས་དོན་འཕེལ་རྒྱས་སྐོར་གྱི་འཆར་གཞི་འཆར་ཟིན་གཏན་འབེབ་བྱེད་པ་དང་།མི་དམངས་མཁའ་ཟོན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་འཆར་ཟིན་འབྲི་དགོས་པ་མ་ཟད།ལག་བསྟར་བྱེད་དགོས་པ་དང་གཅིག།
མི་དམངས་མཁའ་ཟོན་གྱི་རྩ་འཛུགས་བཀའ་འདོམས་འགན་སྲུང་བྱ་བ་ལ་འགན་ལེན་དང་།གྲོང་ཁྱེར་མཁའ་ཟོན་འཇབ་རྒོལ་སྔོན་འགོག་བྱེད་པའི་ཇུས་གཞི་དང་འགན་སྲུང་ཇུས་གཞི་སོ་སོ་དངོས་འབེབས་བྱེད་པར་ལྟ་སྐུལ་བྱེད་པ།མང་ཚོགས་ཀྱི་མཁའ་ཟོན་རྩ་འཛུགས་ཀྱི་སྦྱོང་བརྡར་རྩ་གནད་དང་སྦྱོང་བརྡར་འཆར་གཞི་བཟོ་འགོད།མང་ཚོགས་ཀྱི་མཁའ་ཟོན་རྩ་འཛུགས་འཛུགས་སྐྲུན་དང་སྦྱོང་བརྡར་བྱ་བར་མཛུབ་སྟོན་བྱེད་དགོས་པ་དང་གཉིས།
མི་དམངས་མཁའ་ཟོན་དང་འཐབ་འཁྲུག་གྲ་སྒྲིག་བྱེད་པ་གཞི་བྱས་ཏེ་སྤྱི་ཚོགས་ལ་ཞབ་འདེགས་ཞུ་བ་དང་མང་ཚོགས་ལ་ཕན་བདེ་བསྐྲུན་པར་ཟུང་འབྲེལ་འཕེལ་རྒྱས་སྐོར་གྱི་འཆར་འགོད་བཟོ་བ་དང་།འཐབ་འཁྲུག་གྲ་སྒྲིག་བྱེད་པ་གཞི་བྱས་ཏེ་སྤྱི་ཚོགས་ལ་ཞབ་འདེགས་ཞུ་བ་དང་མང་ཚོགས་ལ་ཕན་བདེ་བསྐྲུན་པའི་ཟུང་འབྲེལ་བྱ་བ་ཞིབ་བཤེར་བྱེད་པར་མཛུབ་སྟོན་དང་སྐུལ་འདེད་བྱེད་དགོས།ཞིང་ཆེན་མི་དམངས་མཁའ་ཟོན་བཟོ་འགོད(དམངས་སྤྱོད་བཟོ་སྐྲུན་དང་སྦྲེལ་བའི་འཐབ་འཁྲུག་སྐབས་སུ་སྤྱོད་པའི་ས་འོག་གི་ཁང་པ་ནང་དུ་འདུས་པ)འཛུགས་སྐྲུན་ལག་བསྟར་བྱེད་པའི་འཆར་གཞི་དང་།ལག་རྩལ།དེ་མིན་རྒྱུ་སྤུས་བཅས་ལ་དོ་དམ་བྱེད་དགོས་པ་དང་གསུམ།
མི་དམངས་མཁའ་ཟོན་གྱི་གྲོན་དངུལ་དང་དངོས་རྫས་ལ་དོ་དམ་བྱེད་དགོས་པ་མ་ཟད།བཀོལ་སྤྱོད་བྱེད་པའི་གནས་ཚུལ་ལྟ་སྐུལ་ལ་དང་ཞིབ་བཤེར་བྱེད་དགོས་པ་དང་བཞི།
འཐབ་འཁྲུག་སྐབས་སུ་མི་དམངས་མང་ཚོགས་རྩ་འཛུགས་བྱས་ཏེ་འཇབ་རྒོལ་སྔོན་འགོག་བྱེད་པ་དང་།གྲོང་ཁྱེར་ནང་འགོག་སྲུང་བྱེད་པ་དང་།གནད་སའི་མཁའ་ཟོན་འཐབ་འཁྲུག་བྱེད་པར་་རམ་འདེགས་ཞུ་དགོས།འབྲེལ་ཡོད་སྡེ་ཁག་ལ་རོགས་སྐྱོར་བྱས་ནས་བར་ནང་ནས་འཇབ་རྒོལ་བྱེད་པའི་མཇུག་འབྲས་སེལ་བ།ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་དགོས་བ་དང་ལྔ།
ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷུན་ཁང་གིས་སྤྲད་པའི་བྱ་བ་གཞན་དག་ལ་འགན་ལེན་བྱེད་དགོས་པ་དང་དྲུག།