ལས་འགན་གཙོ་བོ།
ཞིང་ཆེན་སྲིད་གཞུང་གི་འཚོགས་འདུའི་གྲ་སྒྲིག་བྱ་བར་འགན་ཁུར་བ་དང་ཞིང་ཆེན་སྲིད་གཞུང་འགོ་ཁྲིད་བློ་མཐུན་གྱིས་རྩ་འཛུགས་སྒོས་ཚོགས་འདུའི་ཐག་བཅད་ལས་དོན་ལག་བསྟར་བྱ་བ་ལ་མཐུན་འགྲིག་བྱེད་པ་དང་གཅིག
ཞིང་ཆེན་སྲིད་གཞུང་འགོ་ཁྲིད་བློ་མཐུན་གྱིས་རྩ་འཛུགས་སྒོས་འཆར་ཟིན་འགོད་པ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་མིང་ཐོག་ནས་སྤེལ་བའི་གཞུང་ཡིག་ཞིབ་བཤེར་གྱི་བྱ་བ་ལ་མཐུན་འགྲིག་བྱེད་པ་དང་གཉིས།
ཞིང་ཆེན་སྲིད་གཞུང་སྡེ་ཁག་སོ་སོ་དང་ཁུལ(གྲོང་ཁྱེར།ས་གནས)སྲིད་གཞུང(སྲིད་འཛིན་ཀུང་ཧྲུའུ)སོ་སོའི་ཞིང་ཆེན་སྲིད་གཞུང་ལ་ཡར་ཞུ་བྱས་པའི་ལས་དོན་དང་ཞིབ་བཤེར་བསམ་འཆར་འདོན་པ་དང་ཞིང་ཆེན་སྲིད་གཞུང་འགོ་ཁྲིད་ལ་ཕུལ་བའི་ཞིབ་བཤེར་ཆོག་མཆན་བྱ་བར་ཞིབ་འཇུག་བྱེད་པ་དང་གསུམ།
ཞིང་ཆེན་སྲིད་གཞུང་སྡེ་ཁག་སོ་སོ་དང་ཁུལ(གྲོང་ཁྱེར།ས་གནས)སྲིད་གཞུང(སྲིད་འཛིན་ཀུང་ཧྲུའུ)སོ་སོའི་ཞིང་ཆེན་སྲིད་གཞུང་གིས་ཐག་བཅད་ལས་དོན་དང་ཞིང་ཆེན་སྲིད་གཞུང་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་དོན་ཐོག་ཏུ་འཁྱོལ་བའི་གནས་ཚུལ་དང་དུས་ཐོག་ཏུ་ཞིང་ཆེན་སྲིད་གཞུང་འགོ་ཁྲིད་བློ་མཐུན་ལ་སྙན་ཞུའི་བྱ་བ་སྐུལ་འདེད་ཞིབ་བཤེར་བྱེད་པ་དང་བཞི།
ཞིང་ཆེན་སྲིད་གཞུང་གྱི་ལས་རེས་བྱ་བ་འགན་ཁུར་བ་དང་། དུས་ཐོག་ཏུ་གལ་ཆེའི་བྱ་བ་སྙན་ཞུ་བྱེད་པ། ཞིང་ཆེན་སྲིད་གཞུང་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་དོན་འཁྱོལ་བྱེད་པར་བརྒྱུད་བསྒྲགས་དང་སྐུལ་འདེད་བྱེད་པ་དང་ལྔ།
ཞིང་ཆེན་སྲིད་གཞུང་འགོ་ཁྲིད་བློ་མཐུན་གྱིས་ཞིང་ཆེན་སྲིད་གཞུང་གིས་ཐད་ཀར་ཐག་གཅོད་བྱས་བའི་ཐོལ་བྱུང་དོན་དག་གི་མཁོ་བསྟུན་བཀོད་སྒྲིག་བྱ་བ་ལ་མཐུན་འགྲིག་བྱེད་རྒྱུ་དང་དྲུག
ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་བརྡ་འཕྲིན་ཁྲོམ་བསྒྲགས་བྱ་བ་ལ་མཛུབ་སྟོན་དང་ལྟ་རྟོགས་བྱེད་རྒྱུ་དང་བདུན།
ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྲིད་གཞུང་འགོ་ཁྲིད་བློ་མཐུན་གྱིས་སྤྲད་པའི་ལས་དོན་གཞན་དག་འཁྱོངས་བར་བྱེད་རྒྱུ་དང་བརྒྱད།
གཉིས། ནང་ཁུལ་སྒྲིག་གཞི་དང་ལས་འགན།
(གཅིག) དྲུང་ཡིག་ཁང་གཅིག་པ།
ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཚོགས་འདུ། ཞིང་ཆེན་སྲིད་གཞུང་ཚང་འཛོམས་གྲོས་ཚོགས། རྒྱུན་ཨུའི་ཚོགས་འདུ་སོགས་ཀྱི་ཚོགས་དོན་ཞབས་ཞུའི་བྱ་བ་སྒྲུབ་པ་དང་ཞིང་ཆེན་སྲིད་གཞུང་འགོ་ཁྲིད་བློ་མཐུན་གྱི་ནང་ཁུལ་དོན་དག་བྱ་འགུལ་ལ་བཀོད་སྒྲིག་མཐུན་སྒྲིག་བྱ་རྒྱུ་དང་། ཞིང་ཆེན་སྲིད་གཞུང་དང་གཞུང་སྒྲུབ་ཐིན་གྱི་སྣ་མང་དྲུང་ཡིག་བྱ་བ་སྒྲུབ་པ། དམངས་ཆེན་འཐུས་མིའི་བསམ་འཆར་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞིར་སྐུལ་འདེད་སྒྲུབ་རྒྱུ།
(གཉིས) དྲུང་ཡིག་ཁང་གཉིས་པ།
ཞིང་ཆེན་སྲིད་གཞུང་དང་གཞུང་སྒྲུབ་ཐིན་གྱི་ཡིག་ཆ་སྣ་ཚོགས་དང་འཕྲིན་ཡིག་ཕར་སྐྱེལ་ཚུར་ལེན། ཐམ་ཀ་དང་ཡིག་ཚང་དོ་དམ། གཞུང་ཡིག་བསྐྱར་བཤེར། ཡིག་དཔར། གསང་གནད་འཕྲིན་གཏོང་དང་གསང་གནད་ཡིག་ཆ་བརྗེ་རེས། ཞིང་ཆེན་ཡོངས་ཀྱི་ཁྲིམས་བཀོད་དུས་ཆེན་གྱི་ངལ་གསོའི་དུས་ཚོད་བཀོད་སྒྲིག་དང་གཞུང་སྒྲུབ་ཐིན་གྱི་གསང་བ། ཚགས་པར་སྔོན་མངག་སོགས་ཀྱི་ཕྱོགས་སོ་སོའི་བྱ་བ་སྒྲུབ་པ་དང་། ཞིང་ཆེན་སྲིད་གཞུང་ཡོངས་ཀྱི་མ་ལག་གཞུང་ཡིག་གོ་སྒྲིག་བྱ་བ་མཛུབ་སྟོན་བྱེད་རྒྱུ།
(གསུམ) དྲུང་ཡིག་ཁང་གསུམ་པ།
ནོར་དོན། ཁྲལ་དོན། དམངས་སྲིད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། སྲིད་ཁྲིམས། མི་རིགས་ཆོས་ལུགས། ཁོར་ཡུག་སྲུང་སྐྱོབ། འཕྲོད་བསྟེན། མི་གྲངས་འཆར་ལྡན་བུ་སྐྱེས་སོགས་ཀྱི་ཕྱོགས་སོ་སོའི་ཡིག་གློག ཚོགས་དོན་ཞབས་ཞུ་དང་ཞིབ་འཇུག་བརྟག་དཔྱད། ལྟ་སྐུལ་བྱ་བ་སྒྲུབ་རྒྱུ།
(བཞི) དྲུང་ཡིག་ཁང་བཞི་པ།
སློབ་གསོ་དང་ཚན་རྩལ། རིག་གནས་དང་གསར་འགྱུར་འགྲེམ་སྤེལ། ཤེས་ཡོན་ཐོན་དངོས་བདག་དབང་། རྒྱང་སྒྲོག་བརྙན་འཕྲིན། ལུས་རྩལ། ཡུལ་སྐོར། དངུལ་རྩ། ས་འགུལ། མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་བཀོལ་སྤྱོད་དོ་དམ་སོགས་ཀྱི་ཕྱོགས་སོ་སོའི་ཡིག་གློག ཚོགས་དོན་ཞབས་ཞུ་དང་ཞིབ་འཇུག་བརྟག་དཔྱད། ལྟ་སྐུལ་བྱ་བ་སྒྲུབ་རྒྱུ།
(ལྔ) དྲུང་ཡིག་ཁང་ལྔ་པ།
འཕེལ་རྒྱས་བཅོས་སྒྱུར་དང་རྒྱལ་ཁོངས་ཐོན་ཁུངས །ལྟ་ཞིབ། རྩིས་བཤེར། སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན། བསྡོམས་རྩིས། སྒྲིག་ཁོངས་མི་གྲངས། རྒྱལ་སྲུང་སྐུལ་སློང་། ཡི་གེ་ངོ་གཏུགས། ས་གཤིས་གཏེར་རྫས། ཐིག་ལེན་རིས་འབྲི། དངོས་རྫས་གསོག་འཇོག ཡུལ་བཤད། ཚན་ཧྲི། གསར་འགྱུར་གཞུང་སྒྲུབ། སྲིད་འཛིན་སློབ་གླིང་སོགས་ཕྱོགས་སོ་སོའི་ཡིག་གློག ཚོགས་དོན་ཞབས་ཞུ་དང་ཞིབ་འཇུག་བརྟག་དཔྱད། ལྟ་སྐུལ་བྱ་བ་སྒྲུབ་རྒྱུ།
(དྲུག) དྲུང་ཡིག་ཁང་དྲུག་པ།
ཞིང་ལས། ནགས་ལས། ཕྱུགས་ལས། ཆུ་བེད། དབུལ་སྐྱོར། མཁོ་འཚོང་། གནམ་གཤིས། སྐྱེ་ཁམས་འཛུགས་སྐྲུན་སོགས་ཀྱི་ཕྱོགས་སོ་སོའི་ཡིག་གློག ཚོགས་དོན་ཞབས་ཞུ་དང་ཞིབ་འཇུག་བརྟག་དཔྱད། ལྟ་སྐུལ་བྱ་བ་སྒྲུབ་རྒྱུ།
(བདུན) དྲུང་ཡིག་ཁང་བདུན་པ།
བཟོ་ལས། འགྲིམ་འགྲུལ་སྐྱེལ་འདྲེན། ཁེ་ལས་བཅོས་སྒྱུར། རྒྱུ་ནོར་དོ་དམ་ལྟ་སྐུལ། ཐོན་སྐྱེད་བདེ་འཇགས། དཔལ་འབྱོར་མཉམ་སྒྲུབ། ཕྱི་འབྲེལ་མི་དོན། ཚོང་དོན། བཟོ་ཚོང་དོ་དམ། རྒྱུ་སྤུས་ལྟ་ཞིབ། སྲིད་གཞུང་ཁྲིམས་ལུགས། སྦྲགས་སྲིད། གློག་འཕྲིན། དམངས་སྤྱོད་མཁའ་འགྲུལ། ལྕགས་ལམ། གློག་ཤུགས། སྒོ་ཁྲལ་ལས་ཁུངས། འགོས་ནད་ཞིབ་བཤེར། དུ་བ་ཆེད་འཚོང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱངས་ཁེ་ལས་པ་སོགས་ཀྱི་ཕྱོགས་སོ་སོའི་ཡིག་གློག ཚོགས་དོན་ཞབས་ཞུ་དང་ཞིབ་འཇུག་བརྟག་དཔྱད། ལྟ་སྐུལ་བྱ་བ་སྒྲུབ་རྒྱུ།
(བརྒྱད) ཞིང་ཆེན་སྲིད་གཞུང་མཁོ་བསྟུན་དོ་དམ་གཞུང་སྒྲུབ་ཁང་།(ཞིང་ཆེན་སྲིད་གཞུང་སྤྱིའི་ལས་རེས་ཁང)
ཞིང་ཆེན་སྲིད་གཞུང་སྤྱིའི་ལས་རེས་བྱ་བ་དང་གལ་ཆེའི་དོན་དག་དུས་ཐོག་སྙན་ཞུ། ཞིང་ཆེན་སྲིད་གཞུང་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་བརྒྱུད་བསྒྲགས་དང་སྐུལ་འདེད་ལ་འགན་ཁུར་བ། ཞིང་ཆེན་སྲིད་གཞུང་དང་གཞུང་སྒྲུབ་ཐིན་གསང་གྲངས་གློག་འཕྲིན་གྱི་དང་ལེན། ཐོ་འགོད། དཔྱད་མཆན་འགོད་པ། བརྒྱུད་བསྐུར་དང་གསལ་གཏོང་གློག་འཕྲིན་གྱི་གཏོང་ལེན་བྱ་བར་འགན་ཁུར་དང་། ཞིང་ཆེན་སྲིད་གཞུང་དང་གཞུང་སྒྲུབ་ཐིན་འགོ་ཁྲིད་ཀྱི་བྱ་འགུལ་ཉིན་རེའི་ལས་རིམ་དང་དུས་ཆེན་ངལ་གསོའི་ལས་རེས་པ་གོ་སྒྲིག་བྱ་བ་འགན་ཁུར་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཁུལ(གྲོང་ཁྱེར།ས་གནས)མི་དམངས་སྲིད་གཞུང་(སྲིད་འཛིན་ཀུང་ཧྲུའུ)དེར་མ་ཟད་ཞིང་ཆེན་ཕྱི་ཡི་གྲོང་ཁྱེར་དང་ས་ཁུལ་གྱི་མཁོ་བསྟུན་དོ་དམ་བྱ་བ་ལ་འབྲེལ་གཏུགས་ཀྱི་འགན་ཁུར་དང་། མཁོ་བསྟུན་མ་ལག་འཛུགས་སྐྲུན་རྩ་འཛུགས་བྱས་ནས་སྤེལ་བ། ཞིང་ཆེན་སྲིད་གཞུང་འགོ་ཁྲིད་བློ་མཐུན་གྱི་འབྲེལ་ཡོད་མཁོ་བསྟུན་བཀོད་སྒྲིག་བྱ་བ་ལ་མཐུན་འགྲིག ཞིང་ཆེན་སྲིད་གཞུང་མཁོ་བསྟུན་དོ་དམ་ཕྱོགས་ཀྱི་ཆེད་སྒྲིགས་ཡིག་གློག ཚོགས་དོན་ཞབས་ཞུ་དང་ཞིབ་འཇུག་བརྟག་དཔྱད། ལྟ་སྐུལ་བྱ་བ་སྒྲུབ་རྒྱུ།
(དགུ) མི་དོན་ཁང་།
ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་སྡེ་ཁག་དང་འབྲེལ་ཡོད་ལས་ཁུངས་ཀྱི་མི་དོན་དོ་དམ། སྒྲིག་ཁོངས་མི་གྲངས། སློབ་གསོའི་གསོ་སྦྱོང་དང་གཞུང་དོན་ཆེད་དུ་ཕྱི་རྒྱལ་ལ་བདམས་མངགས་བྱེད་པའི་མི་སྣའི་ཕྱོགས་ཀྱི་བྱ་བར་འགན་ཁུར་བ་དང་། གཞུང་སྒྲུབ་ཐིན་ཏང་ཙུའུ་ཚོགས་འདུ་ཡི་ཚོགས་དོན་ཞབས་ཞུ་དང་འབྲེལ་བའི་གྲོས་ཆོད་ཀྱི་སྐུལ་འདེད་བྱ་བར་འགན་ཁུར་རྒྱུ།
(བཅུ) སྲིད་འཛིན་ཁང་།(བདེ་སྲུང་ཁང)
ཞིང་ཆེན་སྲིད་གཞུང་འགོ་ཁྲིད་བློ་མཐུན་གྱི་ཞབས་ཞུའི་ལས་དོན་དང་སྲིད་འཛིན་སྡེ་ཁག སྤྱི་དོན་དོ་དམ། བདེ་འཇགས་སྲུང་སྐྱོབ་བྱ་བར་འགན་ཁུར་དང་། སྡེ་ཁག་ནོར་དོན། རླངས་འཁོར་སོགས་ཀྱི་ཕྱོགས་སོ་སོའི་མ་རྩ་དོ་དམ་དང་ཐིན་གྱི་ཐད་གཏོགས་ནོར་དོན་རང་ཚུགས་ཡིན་པའི་ལས་ཁུངས་ཀྱི་ནོར་དོན་བྱ་བར་མཛུབ་སྟོན་དང་ཞིབ་དཔྱོད། ལྟ་སྐུལ་གྱི་བྱ་བར་འགན་ཁུར་རྒྱུ།
(བཅུ་གཅིག) ཏང་ཨུའུ་སྡེ་ཁག
སྡེ་ཁག་དང་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཚོགས་བྱ་བར་འགན་ཁུར་རྒྱུ།
(བཅུ་གཉིས) ལས་འཁྱེར་ངལ་གསོ་ལས་བྱེད་ཁང་།
སྡེ་ཁག་གི་ལས་འཁྱེར་ངལ་གསོ་ལས་བྱེད་བྱ་བར་འགན་ཁུར་དང་ཐད་གཏོགས་ལས་ཁུངས་ཀྱི་ལས་འཁྱེར་ངལ་གསོ་ལས་བྱེད་མི་སྣའི་བྱ་བར་མཛུབ་སྟོན་བྱེད་རྒྱུ།
ལོ་ཙཱ་བ གཅོད་པ།