“སྐལ་བཟང”རྟགས་མའི་དུས་རབས་གསར་པའི་དྲ་རྒྱའི་དམངས་གླུ་འགྲན་སྡུར་གྱི་བརྡ་ཐོ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་དང་། དུས་རབས་གསར་པའི་བསམ་བློ་གསར་པ་ལ་བསྟོད་གླུ་འབུལ་པ་བརྗོད་དོན་དུ་བཟུང་ནས། བོད་འབྲེལ་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏང་ཆེད། ཟླ10པའི་ཚེས15ནས་ཟླ12པའི་ཚེས15བར“སྐལ་བཟང”རྟགས་མའི་དུས་རབས་གསར་པའི་དྲ་རྒྱའི་དམངས་གླུ་འགྲན་སྡུར་ཞིག་སྤེལ་འཆར་ཡོད་པས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཐད་ཀར་དྲ་ཐོག་ནས་འགྲན་སྡུར་ནང་ཞུགས་ཆོག  

དང་པོ། དུས་ཚོད་བཀོད་སྒྲིག

1.བརྩམས་ཆོས་བསྡུ་བའི་དུས་ཚོད། 2026ལོའི་ཟླ10ཚེས15ཉིན་ནས་ཟླ12ཚེས15ཉིན་བར་ཡིན།

2.ཆེད་ལས་དཔྱད་འདེམ་དུས་རིམ། 2026ལོའི་ཟླ12པའི་ཚེས15དང2027ལོའི་ཟླ1པའི་བར་ཡིན།

3.མཇུག་འབྲས་ཁྱབ་སྒྲོག་དང་བྱ་དགའ་སྤྲོད་པའི་དུས་ཚོད། 2027ལོའི་ཟླ2པའི་ནང་ཡིན།

གཉིས་པ། བརྩམས་ཆོས་ཀྱི་ཚད་གཞི་དང་བླང་བྱ།

1. བརྩམས་ཆོས་ཀྱི་བརྙན་གཟུགས་ནིMP4, FLV, MOVཁོ་ན་ཡིན་དགོས་ཤིང་། འཕྲེད་གཞུང་གང་རུང་གིས་ཕབ་ཆོག

2. བརྙན་གཟུགས་ཀྱི་གསལ་ཚད1920×1080ལས་དམའ་མི་རུང་བ་མ་ཟད། པར་རིས་ཆ་ཚང་བ། སྒྲ་གསལ་བ། བརྙན་ཁེགས་ཐོགས་མེད་པ།བརྙན་ནང་དུ་ཐམ་རྟགས(水印)བཞག་མེད་པ་བཅས་ཡིན་དགོས།

3. འགྲན་སྡུར་ནང་ཞུགས་པའི་བརྩམས་ཆོས་ཆ་ཚང་དགོས་པ་དང་། རྩོམ་པ་པོའི་རུས་མིང་དང་བརྩམས་ཆོས་ཀྱི་མིང་། འབྲེལ་གཏུག་བྱེད་སྟངས་བཅས་ཚང་མ་མཁོ་འདོན་བྱེད་དགོས།

གསུམ་པ། བརྩམས་ཆོས་སྐུར་སྟངས་དང་བླང་བྱ་གཞན་དག

1.སྐུར་ཐབས་གོ་རིམ།

འགྲན་ཞུགས་པས“སྐལ་བཟང་སྤྲིན་སྟེགས”ཕབ་ལེན་དང་ཐོ་འགོད་བྱ་དགོས།

སྟེགས་བུར་ཐོ་འགོད་བྱས་རྗེས།“འོས་སྦྱོར”ལེ་ཚན་དུ་ཞུགས་ནས། ཁ་པར་གཡས་ཟུར་གྱི་པར་ཆས་ནང་འཛུལ་ནས་བརྩམས་ཆོས་ཡར་སྤྲོད་བྱ་དགོས།

2.ཁ་བྱང་འགོད་སྟངས།

[སྐལ་བཟང་རྟགས་མ]+བརྩམས་ཆོས་ཀྱི་མིང།

དཔེར་ན། [སྐལ་བཟང་རྟགས་མ]གླུ་ད་རེབ་མི་ལེན་ནམ་ཞིག་ལེན། ལྟ་བུའོ།།

བཞི་པ། འགྲན་སྡུར་གོ་རིམ་དང་དཔྱད་འདེམ་ལམ་ལུགས།

1.ཞིབ་བཤེར་བྱས་ཟིན་པའི་བརྩམས་ཆོས་ཚང་མ། སྐལ་བཟང་སྤྲིན་སྟེགས་སྟེང་གཟིགས་འབུལ་བྱ་རྒྱུ།

2.རྩ་འཛུགས་པས་དཔྱད་འདེམས་ཚོགས་པ་བཙུགས་ཏེ། སྐད་ངག་དང་གླུ་ཚིག ཉམས་འགྱུར་སོགས་ཕྱོགས་མང་པོ་ནས་སྐར་མ་སྤྲོད་རྒྱུ་ཡིན།

ལྔ་པ། བྱ་དགའི་རིམ་པ།

1. བྱ་དགའ་ཨང་དང་པོ་གསུམ། མི་རེར་སྒོར3000དང་དཔང་ཡིག

2. བྱ་དགའ་ཨང་གཉིས་པ་དྲུག  མི་རེར་སྒོར2000དང་དཔང་ཡིག

3. བྱ་དགའ་ཨང་གསུམ་པ་བཅུ། མི་རེར་སྒོར1000དང་དཔང་ཡིག

4. ཕུལ་བྱུང་བྱ་དགའ་སུམ་ཅུ། མི་རེར་སྒོར500དང་དཔང་ཡིག

དྲུག་པ།  འགྲན་ཞུགས་ཆ་རྐྱེན།

1.ནང་དོན་གྱི་བླང་བྱ། འགྲན་ཞུགས་གླུ་གཞས་ཀྱི་ནང་དོན་ནི་བདེ་ཐང་ཡིན་པ། དུས་རབས་གསར་པའི་ཉམས་ལྡན་པ། མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་མཚོན་པ་བཅས་ཡིན་དགོས།

2.ལེན་སྲོལ། འགྲན་ཞུགས་བརྩམས་ཆོས་རྐྱང་ལེན་ཡིན་དགོས་ཤིང་། མི་རིགས་ཀྱི་ལེན་སྟངས་དང་དར་སྲོལ་ཆེ་བའི་ལེན་སྟངས་གང་ཡང་རུང་།

བདུན་པ། འགན་འཁུར་པ་དང་འབྲེལ་གཏུག་བྱ་ཡུལ།

ཤ་མོ་མཚོ། 13299801112

ཀླུ་མོ། 18297177707

སྐལ་བཟང་སྤྲིན་སྟེགས་ཀྱི་བཤེར་རིས།

མཚོ་སྔོན་ཞིང་ཆེན་སྦྲེལ་དྲ་གསར་འགྱུར་ལྟེ་གནས།

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས།

2026ལོའི་ཟླ10པའི་ཚེས15ཉིན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།