ཡིད་ཆེས་བརྟན་པོ་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ། རྨ་ལྷོའི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་དགོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཡིད་ཆེས་བརྟན་པོ་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ། རྨ་ལྷོའི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་དགོས།

— ཀྲུང་གུང་རྨ་ལྷོ་ཁུལ་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོགས་པར་བསུ་བ་ཞུ་བའི་འཕེལ་རྒྱས་གྲུབ་འབྲས་བསྡུས་བརྗོད།

རང་ཚགས་པར་གྱི་འཕྲིན། འདས་པའི་ལོ་ལྔ་ནི་རྨ་ལྷོའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ཤིང་དྲིན་གཟོ་ངར་སྐྱོད་བྱས་པའི་ལོ་ལྔ་རེད། ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་དང་ཞིང་ཆེན་ཏང་ཨུའི་མཐུན་སྒྲིལ་སྣེ་ཁྲིད་འོག ང་ཚོའི་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཡོངས་གོང་འཕེལ་ཁྲོད་རྨ་ལྷོའི་གནས་བབ་གལ་ཆེན་དམ་འཛིན་ནན་མོ་བྱས་ཤིང་། “ཆེ་གསུམ་ཆུང་གསུམ་དམིགས་བསལ་གསུམ”གྱི་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ། འཕེལ་རྒྱས་དང་བདེ་འཇགས་དོན་ཆེན་གཉིས་ལ་སྤྱི་འདོམས་སྒོས“ཁུལ་གསུམ་འཛུགས་སྐྲུན”ལ་སྤུས་ཚད་མཐོ་བའི་སྐུལ་འདེད་བཏང་ཞིང་། “རི་ཆུའི་རྨ་ལྷོ”ཕྱོགས་ཡོངས་ནས་བསྐྲུན་ཏེ། ཁུལ་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་གསུམ་པས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱུང་བ་དང་།  “ལྔ་བཅུ་བཞི་པ”ཕྱོགས་ཡོངས་ནས་མཇུག་བསྒྲིལ་ཞིང“ལྔ་བཅོ་ལྔ་པ”བདེ་བླག་ངང་མགོ་རྩོམ་པ་མངོན་འགྱུར་བྱུང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་གྱིས་འབད་པ་བྱས་ཏེ། ཏང་འཛུགས་རྨང་བརྟན་དང་སྐྱེ་ཁམས་སྲུང་སྐྱོང་། ཐོན་ལས་དར་སྤེལ། དམངས་ཚིས་ལེགས་བཅོས། ཤུགས་སྒྲིལ་མཉམ་ལས་སོགས་ལ་གཡུར་དུ་ཟ་བའི་འབྲས་བུ་བླངས་ཡོད།

ལྗང་མདོག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོས་གདན་བཏིངས་པ།

ལོ་ལྔའི་རིང་ལ། ང་ཚོས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། དེང་རབས་ཅན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་།

སྐྱེ་ཁམས་སྲུང་སྐྱོང་གི་རྨང་གཞི་རྒྱུན་མཐུད་སྒོས་བརྟན་པོ་བཏིངས་པ། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་དང་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས། རྒྱལ་ཁོངས་ལྗང་སྒྱུར་མུའུ་ཁྲི400ལེགས་འགྲུབ་བྱས་པ་དང་། ས་ཆུ་ཤོར་ཚད་ཁའི་སྤྱི་ལེ369བཅོས་སྐྱོང་བྱས་ཤིང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཚད70%ལ་སླེབས། འབབ་རྒྱུད་གཙོ་བོ་ནས་ཕྱིར་ཐོན་པའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིགསཡན་དུ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཁོར་སྲུང་ལྟ་ཞིབ་གནད་དོན་ལྡོག་སྐྱེལ་ལེགས་བཅོས་ལ་སྐུལ་འདེད་ཟབ་མོ་བཏང་བ་དང་། སྙིགས་རྫས་གཏེར་ཁ་ཉམས་གསོ་དང་ཆུ་གློག་ས་ཚིགས་ཆུང་གྲས་གཙང་སེལ་སྒྲིག་བཅོས་ཁྱོན་ཡོངས་ནས་ལེགས་འགྲུབ་དང་། ཆུ་བོའི་ནང་རྫོད་དངོས་འབུད་ས276ཚང་མ་སྒྲིག་བཅོས་ལེགས་འགྲུབ་བྱས། ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་ལ་ཆོག་མཆན་ཐོབ་པ་དང་། རྨ་ལྷོ་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་ཐོག་མ་རུ་བདམས། རྩེ་ཁོག་དང་ཧི་ནན་རྫོང་གཉིས་ཀྱིས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་རྫོང་གསར་འཛུགས་བྱས་ཤིང་། ཧི་ནན་རྫོང་རྒྱལ་ཡོངས“རི་གཉིས”ལག་ལེན་གསར་གཏོད་རྟེན་གཞིའི་ཁྲོད་ཚུད།

དངོས་སྒྲུབ་ལ་བརྟེན་ནས་མཆོང་བརྒལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་གསོག་འཇོག་བྱས་པ།

རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་དེང་རབས་ཐོན་ལས་གླིང་ཁུལ3དང་། རྒྱལ་ཁབ་ཀྱི་ཁྱད་ལྡན་ཐོན་ལས་འདུས་ཚོགས3 ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ2བཅས་གསར་འཛུགས་བྱས་ཏེ་ཐོན་ལས་ཀྱི་གྲུབ་ཚུལ་རྒྱུན་མཐུད་སྒོས་ལེགས་སྒྱུར་བྱས། རྨ་ལྷོའི་གོ་རེ་དང་། གཅན་ཚའི་འཐེན་ཐུག རེབ་གོང་ཐང་ག བོད་ལུགས་ཁྱིམ་ཆས་སོགས་ཀྱི་ཐོན་ལས་གཞི་རྩའི་ཆ་ནས“ཡོད་པ”ནས“ལེགས་པོའི”ཕྱོགས་སུ་སྐྱོད་བཞིན་ཡོད། Aརིམ་པའི་ལྗོངས་ཁུལ་གྱི་གྲངས་འབོར་ལྡབ་གཅིག་འཕར་བ་མངོན་འགྱུར་བྱུང་བ་དང་། ཡུལ་སྐོར་མི་ཐེངས་དང་འཛད་སྤྱོད་གྲོན་དངུལ་ལོ་རེར་ཆ་སྙོམས20%ཡན་འཕར་སྣོན་བྱུང་། རྨ་ལྷོའི་ཁྱད་ལྡན་ཕྱི་ཕྱོགས་དྲིལ་སྒྲོག་གི་ཟོང་རྟགས་བཏོད་དེ། “རྨ་ཀླུང་སྔོན་མོའི་ཡུལ་སྐོར་རྒྱུད”ནི་དམངས་ཕྱུག་ལས་དར་དང་མཚོ་སྔོན་དྲིལ་སྒྲོག་བྱེད་པའི་གསེར་གྱི་ཁྱམས་རིང་ལྟ་བུར་འགྱུར་བཞིན་ཡོད།

རྨང་གཞིའི་རྒྱབ་སྐྱོར་ཇེ་བརྟན་དུ་ཕྱིན་པ། རིམ་རྩིས་བྱས་ན་བརྟན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར278.9བཏང་བ་དང་། ས་ཁུལ་གྱི་ཐོན་སྐྱེད་སྤྱི་ཐང་སྒོར་དུང་ཕྱུར120ལས་བརྒལ་ཡོད། ཟི་ཁྲེང་ལྕགས་ལམ་དང་རེབ་གསེར་མྱུར་ལམ་སོགས་གཙོ་གནད་ལས་གཞི་ཁག་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས་རྫོང་དང་རྫོང་གི་བར་མྱུར་ལམ་ཤར་གཏོང་ཐུབ་པ་བྱུང་། “བཟང་བཞི་ཞིང་སྡེའི་ལམ”ཕྱོགས་ཡོངས་ནས་ཚད་གཞི་ལ་སླེབས་ཤིང་གཞུང་ལམ་སྤྱིའི་རིང་ཚད་སྤྱི་ལེ6097ལ་སླེབས་ཡོད། རེབ་གོང་གི་སྟོང་ཧྥུ330ཅན་དང་རྩེ་ཁོག་གི་གློག་གཏོང་སྒྱུར་ལས་གྲྭ་བསྐྲུན་ནས་བེད་སྤྱོད་བྱེད་མགོ་ཚུགས་ཡོད། བཙན་མོ་དང་གླིང་རྒྱ་ཆུ་མཛོད་གཉིས་ཀྱིས་ཕན་འབྲས་ཁྱོན་ཡོངས་ནས་འདོན་སྤེལ་བྱས།  ཞིང་སྡེ་རུ་རང་འབབ་ཆུ་ཁྱབ་གདལ་ཚད84%སླེབས་ཡོད། མཛེས་སྡུག་གི་མཁར་གྲོང་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་ཞིང་། མཁར་གྲོང་ཅན་དུ་འགྱུར་ཚད47.16%མཐོར་འདེགས་བྱུང་ཡོད།

རིགས་སོ་སོའི་མང་ཚོགས་བདེ་ཞིང་སྐྱིད་པའི་ལྗོངས་རིས་གསར་པ་བྲིས་པ།

དམངས་ཚིས་ལེགས་བཅོས་ཀྱི་ཕན་འབྲས་བརྟན་ཐོག་ཡར་འཕེལ་བྱུང་བ། མཁར་གྲོང་དུ་མི་གྲངས7888གསར་དུ་ལས་ཞུགས་དང་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི 10.76གནས་སྤོ་ལས་ཞུགས་ཐུབ་ཡོད་ལ། མཁར་གྲོང་གི་ཐོ་འགོད་ལས་ཤོར་ཚད་ཆ་སྙོམས་ཀྱིས་ལོ་རེར1.8% ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད། ཐེན་མཚོ་མཐོ་རིམ་སློབ་འབྲིང་དང་ལས་རིགས་ལག་རྩལ་སློབ་གྲྭ། མཐོ་རིམ་སློབ་འབྲིང་བཞི་པ་སོགས་སློབ་གསོའི་ཐོན་ཁུངས་ལེགས་པོ་སྐོར་ཞིག་བསྐྲུན་པ་དང་། ཡུལ་གཞན་སློབ་སྒྲུབ་ཀྱིས་བསྡོམས་པས་སློབ་མ2337གསོ་སྐྱོང་བྱས་ཤིང་། མཐོ་རྒྱུགས་ཁྲོད་དངོས་ཚན་གྱི་རྒྱུགས་འཕྲོད་ཚད་རིམ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད། གཞུང་གཉེར་སྨན་ཁང9གནས་སྤོ་ལེགས་འགྲུབ་བྱུང་ཞིང་། ཁུལ་ཡོངས་ཀྱི་གཞུང་གཉེར་ཕྱོགས་བསྡུས་སྨན་ཁང་གི་ནད་ཐོག་མྱུར་སྐྱོབ“ལྟེ་གནས་ཆེན་པོ་ལྔ”ཡོངས་སུ་ཁྱབ་པར་བྱས་ཏེ། ས་ཁོངས་སྨན་བཅོས་ཞབས་ཞུ་དང་ནད་གཞི་ཚབས་ཆེན་གསོ་བཅོས་ཀྱི་ཆུ་ཚད་རྒྱུན་མཐུད་ཡར་རྒྱས་བྱུང་། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ75.3བར་དུ་མཐོ་རུ་བཏང་སྟེ། མང་ཚོགས་ཀྱི་ཐོབ་སྣང་སྔར་ལས་ཇེ་ཆེར་གྱུར།

མཐའ་སྐྱོང་འགན་སྲུང་གི་ནུས་པ་རྒྱུན་མཐུད་ཇེ་དྲག་ཏུ་བཏང་བ། མཁར་ཤང་གི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཡོངས་སུ་ཁྱབ་ཐུབ་པར་བྱས་ཤིང་། “1+5+N”གྱི་རོགས་སྐྱོབ་ཆེན་པོའི་རྣམ་པ་བསྐྲུན་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་ཁྲི34.5ལ་རོགས་སྐྱོར་བྱས།  རྫོང་དང་ཤང་། སྡེ་བ་བཅས་རིམ་པ་གསུམ་གྱི་ཞབས་ཞུའི་དྲ་བ་འཐུས་ཚང་དུ་བཏང་ཞིང་། རྒན་རྒོན་ཞབས་ཞུའི་སྒྲིག་བཀོད་དང་སྡེ་བ་རིམ་པའི་རོགས་རེས་རྒན་གསོ་ཁང་སོགས་རྒན་གསོ་ཞབས་ཞུའི་སྒྲིག་བཀོད136གསར་སྐྲུན་དང་རིམ་སྤོར་ལེགས་སྒྱུར་བྱས་ལ། བཅོལ་གནས1023གསར་དུ་བསྣན་ཏེ། “རྒན་གཅིག་གཞོན་གཅིག”གི་ཞབས་ཞུ་མཁོ་སྤྲོད་སྔར་ལས་ཀུན་ཕན་ཅན་དུ་གྱུར། ཁུལ་ཡོངས་སུ་སྤྱི་སྤྱོད་གླ་གཏོང་ཁང་པ10405ཡོད་པ་དང་། སྤྱི་སྤྱོད་རླངས་འཁོར་འཇོག་ས7325གསར་དུ་བསྣན། མཁར་ཤང་གི་སྤྱི་པའི་སྤྱོད་ཁང་གི་སྒྲིག་བཀོད་ཇེ་ལེགས་སུ་བཏང་ལ། སྡོད་ཁུལ་རྙིང་པ14དང་དུད་ཚང1636གི་བརྟན་ནོར་ཐོ་འགོད་བྱ་དཀའ་བ་སོགས་ལོ་རྒྱུས་ཀྱི་ལྷག་ལུས་གནད་དོན་ཐག་བཅད། དམིགས་བསལ་ཅན་གྱི་གནམ་གཤིས་དང་འཕྲད་སྐབས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ཏེ། ཐོན་སྐྱེད་བདེ་འཇགས་ཀྱི་གནས་བབ་རྒྱུན་མཐུད་ཇེ་ལེགས་སུ་འགྲོ་བཞིན་ཡོད།

རིག་གནས་དར་རྒྱས་གོང་འཕེལ་གྱི་གྲུབ་འབྲས་འབུར་དུ་ཐོན་པ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྲོལ་ཡིགཁྱབ་བསྒྲགས་ལག་བསྟར་བྱས་ཤིང་། རེབ་གོང་སྒྱུ་རྩལ་ནི་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་ཐོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་མིང་ཐོ་རུ་དུས་མཉམ་དུ་བདམས་ཐོན་བྱུང་བ་གཅིག་པུ་རེད། རེབ་གོང་རིག་གནས་ཀུན་འདུས དངརྨ་ལྷོའི་གཟུགས་མེད་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོབ(དེབ་ཕྲེང་ལྔ)》སོགས་རིག་གནས་ལོ་རྒྱུས་ཀྱི་རྒྱུ་ཆ་དཔེ་སྐྲུན་བྱས་ཤིང་། ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་གསུང་འབུམསོགས་མི་རིགས་དཔེ་རྙིང་གཅེས་བསྡུས་གླེགས་བམ་དྲུག་ཅུ་ལེགས་སྒྲིག་བྱས་ཏེ། མྱུར་སྐྱོབ་ལས་དོན་སྤེལ་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། རྣམ་ཐར་ཟློས་གརགྱིམ་ཤིང་ཀོང་ཇོལ་ཝུན་ཧྭ་བྱ་དགའི་མིང་འདོན་འཁྲབ་ཚན་དང་འཁྲབ་སྟོན་བྱ་དགའ་ཐོབ་པ་དང་། སྲོང་བཙན་སྒམ་པོདངཡིད་འཕྲོག་ལྷ་མོསོགས་ཐེངས་བརྒྱ་ལྷག་ལ་སྐོར་སྐྱོད་འཁྲབ་སྟོན་བྱས། ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་ཚན་རྩལ་ཁང་། ལུས་རྩལ་ར་བ་བཅས་སྤྱི་སྤྱོད་རིག་གནས་སྒྲིག་བཀོད་སྐོར་ཞིག་ལེགས་འགྲུབ་བྱུང་ནས་བེད་སྤྱོད་བྱེད་བཞིན་ཡོད། གཅན་ཚ་རྫོང་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན་གྲོང་ཁྱེར་དུ་བདམས་པ་དང་། རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་བན་དེ་རྒྱ་མཚོ་ཡི་སྔོན་ཐོན་བྱས་རྗེས་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་དྲིལ་སྒྲོག་དཔེ་མཚོན་དུ་བདམས་ལ། ཆིན་ཁའོ་ལ་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་འོས་མིའི་མཚན་སྙན་ཐོབ། ལས་ཁུངས་དང་ཁྱིམ་ཚང31ལ་རྒྱལ་ཁབ་རིམ་པའི་དཔལ་ཡོན་གཟི་བརྗིད་མཚན་སྙན་ཐོབ་པ་སོགས་སྤྱོད་བཟང་གོང་བཀུར་དང་ཡ་རབས་ཚུལ་ལྡན་གྱི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཆགས་ཡོད།

མཚོ་སྐྱོར་མཉམ་ལས་ཀྱི་གཙང་ཆབ་ཀྱིས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གསོས་པ།

ཉེ་བའི་ལོ་ལྔའི་རིང་ལ། ཐེན་ཅིན་གྱི་ཁ་གཏད་རོགས་སྐྱོར་དང་ཅང་སུའུ་ཡི་ཤར་ནུབ་རྒྱུད་མཉམ་ལས། ཀྲུང་དབྱང་ལས་ཁུངས་བཅས་ཀྱིས་བསྡོམས་པས་མཚོ་སྔོན་ལ་རོགས་སྐྱོར་ལས་བྱེད་པ་མི426མངགས་པ་དང་། ཁུལ་ཡོངས་ཀྱི་ལས་བྱེད་པ32ལས་གནས་བརྗེ་རེས་སུ་གདན་འདྲེན་ཞུས་ཤིང་། རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར14.25བཏང་སྟེ་རྣམ་གྲངས589ལག་བསྟར་བྱས། “ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལ་བརྟེན་ནས་སློབ་གསོ་དང་སྨན་བཅོས། ཐོན་ལས་ལག་རྩལ་སོགས་འགག་གནད་དཀའ་གནད་མང་པོ་སེལ་ཏེ། རྨ་ལྷོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཐད་ནུས་པ་བཟང་པོ་བཏོན། ལྷག་པར་དུ་ཡུལ་གཞན་སློབ་སྒྲུབ་ཀྱིས་སློབ་མ་སྟོང་ཕྲག་མང་པོས་སྤུས་ལེགས་སློབ་གསོའི་གོ་སྐབས་མཉམ་སྤྱོད་དང་མི་ཚེའི་ཕུགས་འདུན་མངོན་འགྱུར་ཡོང་བར་སྐུལ་མ་ཐེབས།  

ལོ་ལྔའི་རིང་ལ་འབད་པ་ལྷོད་མེད་བྱས། ལོ་ལྔའི་རིང་ལ་གཡུར་ཟའི་འབྲས་བུ་སྨིན། ཁུལ་ཏང་འཐུས་ཚོགས་ཆེན་བསུ་བའི་གནད་འགག་གི་དུས་སྐབས་གསར་པ་འདིར། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ལོ་ངོ་ལྔ་ཡི་འཕེལ་རྒྱས་གྲུབ་འབྲས་སྤོབས་པར་བསྒྱུར་ཏེ། གོ་སྐབས་དམ་འཛིན་དང་འབད་བརྩོན་ལྷོད་མེད་སྒོས“རི་ཆུའི་རྨ་ལྷོ”རྒྱུན་མཐུད་འཛུགས་སྐྲུན་བྱེད་པ་དང་། རྨ་ལྷོའི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་འབད་པས་རྩོམ་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།