《བོད་རྒྱ་ཤན་སྦྱར་ནང་བསྟན་ཚིག་མཛོད》དཔར་ཐེངས་གཉིས་པ་པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཨ་དཀོན་ནམ་ཐུབ་བསྟན་དཀོན་མཆོག་རྒྱལ་མཚན་གྱིས་སྒྲིག་རྩོམ་བྱས་ཤིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི《བོད་རྒྱ་ཤན་སྦྱར་ནང་བསྟན་ཚིག་མཛོད》ཀྱི་དཔར་ཐེངས་དང་པོ2024ལོའི་ཟླ1པོར་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། ད་བར་དུ་ལོ2ལྷག་རིང་བསྐྱར་ཞུས་བྱས་ཤིང་ཐ་སྙད་གསར་པ་སྐོར་ཅིག་ཁ་སྣོན་བགྱིས་ཏེ། ད་ལོ་སྟེ2026ལོའི་ཟླ6པར་དཔར་ཐེངས་གཉིས་པ་པར་སྐྲུན་འགྲེམ་སྤེལ་བྱས།

བོད་རྒྱ་ཤན་སྦྱར་ནང་བསྟན་ཚིག་མཛོད་འདི་ལ་ཁྱད་ཆོས་གཙོ་བོ་བཞི་ཡོད་དེ། གཅིག་ནི་མིང་ཚིག་མང་པ་དང་བསྡོམས་པས་ཐ་སྙད22000ལྷག་ཡོད། གཉིས་ནི་འགྱུར་དག་པ་དང་འགྱུར་གཞུང་པོ་ཏི60ལྷག་བཀླགས་ཏེ་སྒྲིག་རྩོམ་བྱས་ཡོད། གསུམ་ནི་མདོ་སྔགས་གཉིས་ཀྱི་ཐ་སྙད་ཡོད་དང་རྒྱུད་སྡེའི་སྐོར་གྱི་ཐ་སྙད་ཀྱང་མང་པོ་འདུས། བཞི་ནི་ཐ་སྙད་ཀྱི་ཁྱབ་ཁོངས་སྣ་མང་བ་སྟེ། འདོན་ཆོག་སྐོར་ལ་གསོལ་ཁ། སྨོན་ལམ། བཤགས་ཆོག་སོགས་དང་། དེ་ནས་མཆོད་ཆས་དང་མཆོད་རྫས། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན། རྒྱལ་བའི་གསུང་རབ་ཀྱི་མཚན་སོགས་བཀོད་ཡོད་དོ། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།