མཚོ་སྔོན་པོའི་བྱང་རྒྱུད་དུ་ཉ་མོ་ཕྱིར་རྐྱལ་བའི་དུས་ཚིགས་བསུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཟླ6པའི་ཚེས9ཉིན། མཚོ་སྔོན་པོའི་ལྷ་ཆབ་ཁུགས་ལྗོངས་ཁུལ་དུ་གསེར་ཉ་ཕྱིར་རྐྱལ་བའི་དུས་ཚིགས་བསུས། ལྷ་ཆབ་ཁུགས་ལྗོངས་ཁུལ་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་ཡོད་ཅིང་། ལོ་རེའི་ཟླ5པའི་ཟླ་སྨད་ནས་ཟླ8པའི་ཟླ་མགོར། གསེར་ཉ་ཁྱུ་དང་ཁྱུ་བྱས་ཏེ་མཚོ་སྔོན་པོར་འབབ་པའི་ཆུ་ལག་ནང་དུ་ཕྱིར་རྐྱལ་ནས། གཙང་པའི་སྟོད་རྒྱུད་ཀྱི་ཚྭ་མེད་ཆུའི་ནང་དུ་ཉ་སྒོང་གཏོང་བའི་ལས་ལ་བྲེལ་བཞིན་མཆིས། རྒྱུ་ཆ་ལས་མངོན་པ་ལྟར་ན། མཚོ་སྔོན་པོའི་མཐའ་འཁོར་གྱི་འོམ་ཆུ་གཙང་པོ་དང་མཚོ་འཁྱིལ་གཙང་པོ། བེའུ་ཧ་གཙང་པོ། དེ་མིན་རྟ་ནག་མ་གཙང་པོ་བཅས་ནི་ཉ་མོ་ཕྱིར་རྐྱལ་ནས་སྒོ་ང་གཏང་སའི་ཆུ་བོ་གཙོ་བོ་ཡིན།

ལྷ་ཆབ་ཁུགས་ཀྱི་ཉ་ཁྱུ།

ལྷ་ཆབ་ཁུགས་ལྗོངས་ཁུལ་གྱི་གསེར་ཉ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།