ཁམས་རའི་རྨ་ཀླུང་སྔོན་མོ་བྲག་དམར་འདབས་རོལ་བརྒྱུད་དེ་ལྷུང་ལྷུང་དུ་འབབ་བཞིན་མཆིས།
ཉེ་ལམ། ཁམས་ར་སྤྱི་གླིང་གི་སྒོ་དངོས་སུ་ཕྱེ་སྟེ་ཡུལ་སྐོར་པ་བསུ་མགོ་བརྩམས་པ་དང་ཁམས་ར་ཡང་མཚོ་སྔོན་ནས་རྒྱལ་ཡོངས་སུ་བསྐྱོད་མགོ་བརྩམས།
ཁམས་ར་ལྗོངས་ཁུལ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་ཆགས་ཡོད། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གཏན་འབེབས་བྱས་པའི་འཛམ་གླིང་ས་གཤིས་སྤྱི་གླིང་གྲས་སུ་གཏོགས་པས་རྒྱལ་ཁབ་རིམ་པའི་རིག་གནས་ཡུལ་སྐོར་གྱི་མཚན་སྙན་ལྡན། ལྗོངས་ཁུལ་དུ་བྲག་དམར་ས་གཤིས་དང་རྨ་ཆུའི་ཆུ་ཁོངས། གདོད་མའི་ནགས་ཚལ་བཅས་གཞི་གཅིག་ཏུ་འདྲེས་ཡོད་སྟབས། ནུབ་བྱང་བྲག་དམར་ས་གཤིས་ཀྱི་དཔེ་མཚོན་ཏུ་གྱུར་ཡོད་པ་མ་ཟད། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལྟེ་གནས་ཁུལ་དུ་གྱུར་ཡོད། གཞན་ད་དུང“རྨ་ཆུ་སྔོན་མོའི”རིག་གནས་ཡུལ་སྐོར་ཟོང་རྟགས་ལྟེ་གནས་ཀྱི་ཁྱབ་ཁོངས་སུ་གཏོགས་ཤིང་། མཛེས་ཤིང་བརྗིད་ཉམས་ལྡན་པའི་བྲག་དམར་དང་ནགས་ཚལ་སོགས་རི་ཀླུང་གི་བཀོད་པ་སྣ་ཚོགས་ཀྱིས་བརྒྱན་ཡོད་སྐད“རི་ཆུའི་གནས་མཆོག བྲག་དམར་གསང་ཡུལ”ཅེས་པའི་མཚན་བཟང་བསྩལ་ཡོད་དོ། །

ཁམས་ར་ལྗོངས་ཁུལ་དུ་ཡུལ་སྐོར་པས་ལྗོངས་རྒྱུ་བྱེད་བཞིན་པའི་ཚུལ།

ཁམས་ར་ལྗོངས་ཁུལ་གྱི་འདབས་རོལ།

ཁམས་ར་ལྗོངས་ཁུལ་དུ་ཡུལ་སྐོར་པས་ལྗོངས་རྒྱུ་བྱེད་བཞིན་པའི་ཚུལ།

ཁམས་ར་ལྗོངས་ཁུལ་གྱི་མཛེས་ལྗོངས།

ཁམས་ར་ལྗོངས་ཁུལ་དུ་བསྐྱོད་པའི་མཚོ་གྲུ།

ཁམས་ར་ལྗོངས་ཁུལ་དུ་བསྐྱོད་པའི་མཚོ་གྲུ་ཆུང་ཆུང་།

ཁམས་ར་ལྗོངས་ཁུལ་གྱི་གྲུ་ཁ།

ཁམས་ར་ལྗོངས་ཁུལ་གྱི་མཛེས་ལྗོངས།