
བྱང་ཐང་གི་རྩྭ་ཐང་།
སྔོ་ཞིང་སངས་བའི་ནམ་མཁའ་རུ་སྤྲིན་དཀར་གྱི་འདབ་མ་ལང་ལོང་དུ་གཡོ་ཞིང་། གངས་རི་དང་སྤང་ཐང་། མཚོ་མོ་བཅས་ཀྱིས་ཕན་ཚུན་ལ་མཛེས་སྡུག་འགྲན་བཞིན་འདུག དབྱར་ཟླ་དྲུག་པའི་བྱང་ཐང་རྩྭ་ཐང་དུ་གངས་འཁྱགས་བཞུ་མགོ་བརྩམས་པ་དང་སྐྱེ་དངོས་དག་སླར་གསོ་བྱུང་ཡོད་ལ། རྩྭ་ཐང་གི་ལྗང་མདོག་དང་གནའ་བོའི་གངས་རི་མཉམ་དུ་གནས་པའི་མཛེས་ལྗོངས་ཤིག་གྲུབ་ཡོད།
ས་གཞིའི་སྟེང་ལྗང་མདོག་གི་ས་གདན་ཆེན་མོ་ཞིག་བཏིང་ཡོད་པ་དང་འདྲ་ལ། དེའི་བར་དུ་ཀྱག་ཀྱོག་ཏུ་བརྒྱུད་བཞིན་པའི་ཆུ་མོ་ནི་དར་གོས་སྔོན་པོ་ཞིག་དང་འདྲ་བར་མཐོ་སྒང་གི་གཡུ་ཡི་མཎྜལ་དང་འདྲ་བའི་མཚེའུ་དག་སྦྲེལ་འདུག བྱང་ཐང་རྩྭ་ཐང་གི་མཛེས་སྡུག་ནི་རྒྱུན་ཆད་མེད་པར་འགུལ་བཞིན་པའི་རི་མོ་ཆེན་པོ་ཞིག་དང་འདྲ་ལ། གསང་བའི་ཡུལ་འདིས་འདྲ་བཤུས་བྱེད་མི་ཐུབ་པའི་མཛེས་སྡུག་གིས་འཛམ་གླིང་གི་མིག་དབང་འཕྲོག་བཞིན་ཡོད་པ་དང་། སྐྱེ་ཁམས་ཡུལ་སྐོར་དང་རོལ་མྱོང་གཏིང་ཟབ་བྱེད་ཐུབ་པའི་དམིགས་ཡུལ་ཡག་ཤོས་ཤིག་ཏུ་གྱུར་ཡོད། །

མཚེའུ་ནི་རྩྭ་ཐང་སྟེང་གཏོར་བའི་གཡུ་སྔོན་པོ་ཞིག་དང་འདྲ།

གནམ་སྔོན་པོ་དང་སྤྲིན་དཀར། གངས་རི་བཅས་ཀྱིས་ཕན་ཚུན་གྱི་མཛེས་སྡུག་མངོན་བཞིན་པ།

བརྗིད་ཆགས་པའི་གངས་རི་གནམ་ས་གཉིས་ཀྱི་བར་དུ་འགྱིང་ངེར་གནས་པ།

བྱང་ཐང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱིས་འཛམ་གླིང་གི་མིག་དབང་འཕྲོག་པ།

རྩྭ་ཐང་གི་ལྗང་མདོག་དང་གནའ་བོའི་གངས་རི་མཉམ་དུ་གནས་པ།

ལྗོངས་རྒྱུ་ལ་དགའ་མོས་ཅན་རྣམས་བྱང་ཐང་རྩྭ་ཐང་དུ་བསྐྱོད་བཞིན་པ།

རི་མོ་བཞིན་མཛེས་པའི་བྱང་ཐང་གི་རྩྭ་ཐང་།

བྱང་ཐང་རྩྭ་ཐང་གི་མཛེས་སྡུག་ནི་རྒྱུན་ཆད་མེད་པར་འགུལ་བཞིན་པའི་རི་མོ་ཞིག་དང་འདྲ།