
ཉེ་ཆར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《གངས་ལྗོངས་ཤེས་རིག་ཉིང་བཅུད་དཔེ་ཚོགས》(དེབ་ཕྲེང་བཞི་པ)པར་སྐྲུན་འགྲེམས་སྤེལ་བྱས།
དཔེ་ཚོགས་འདིའི་ནང་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་དེ་བསྟན་བཅོས་གྲགས་ཅན་སྐོར་ཞིག་བདམས་ཡོད་དེ། དེབ་གཟུགས་ཆུང་ཞིང་ཀློག་བདེ་བ།སྤྱོད་སྒོ་ཡངས་པའི་ཁྱད་ཆོས་འབུར་དུ་ཐོན་འདུགཐེངས་འདིའི 《གངས་ལྗོངས་ཤེས་རིག་ཉིང་བཅུད་དཔེ་ཚོགས》(དེབ་ཕྲེང་བཞི་པ)ནང་དུ། ཀོང་པོ་ཡེ་ཤེས་བརྩོན་འགྲུས་ཀྱིས་མཛད་པའི《ལམ་རིམ་བདུད་རྩི་སྙིང་པོ》བཙུན་པ་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི《རིག་གནས་ལྔའི་རྣམ་གཞག》རྗེ་བོ་དཔལ་དགའ་བའི་ལྷས་མཛད་ཅིང་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར་བའི《ཀླུ་ཀུན་ཏུ་དགའ་བའི་ཟློས་གར》སློབ་དཔོན་ཀླུ་སྒྲུབ་དང་འདུལ་བ་འཛིན་པས་མཛད་པའི《སྐྱེ་བོ་གསོ་ཐིགས་དང་དེའི་རྣམ་བཤད》དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི《ལག་ལེན་གཅེས་བཏུས་ཀུན་གསལ་སྣང་མཛོད》རྗེ་ཙོང་ཁ་པས་མཛད་པའི《རྗེ་ཙོང་ཁ་པའི་སྙན་རྩོམ་གཅེས་བསྡུས》སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་མཛད་པའི《འབུམ་ཆུང་གསལ་སྒྲོན》བཙན་པོ་ངག་དབང་འཕྲིན་ལས་ཀྱིས་མཛད་པའི《བཙན་པོ་བསྡུས་གྲྭ》འདར་སྟོད་དགྲ་འདུལ་དབང་པོས་མཛད་པའི《རྗེ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས》བཅས་ཡོད་དོ། །

གངས་ལྗོངས་ཤེས་རིག་ཉིང་བཅུད་དཔེ་ཚོགས། དེབ་ཕྲེང་དང་པོ་ནི།
མཁས་པ་འཇུག་པའི་སྒོ། ཆག་ལོ་ཙཱ་བའི་རྣམ་ཐར། བྱང་ཆུབ་ལམ་སྒྲོན་གྱི་འགྲེལ་པ། གྲུབ་མཐའ་རིན་ཆེན་ཕྲེང་བ་དང་ས་ལམ་རྣམ་གཞག རྒྱལ་པོ་ར་མ་ཎིའི་གཏམ་རྒྱུད་ཀྱི་འགྲེལ་པ། མིང་གི་རྣམ་གྲངས། ཀོང་སྤྲུལ་ཟིན་ཏིག རྟེན་འབྲེལ་བསྟོད་པའི་རྩ་འགྲེལ། ལམ་རིམ་ཚིགས་བཅད་མ། ཀླུ་སྒྲུབ་དགོངས་རྒྱན་བཅས་དང་།
གངས་ལྗོངས་ཤེས་རིག་ཉིང་བཅུད་དཔེ་ཚོགས། དེབ་ཕྲེང་གཉིས་པ་ནི།
ལྡེའུ་ཆོས་འབྱུང། སྨྲ་སྒོ་མཚོན་ཆའི་རྩ་འགྲེལ། དཔེ་ཆོས་དང་བེའུ་བུམ་སྔོན་པོ། གཅེས་བསྡུས་འཆི་མེད་ནོར་ཕྲེང། བཟོ་གནས་ཉེར་མཁོ་གཅེས་བསྡུས། ཐུན་མོང་རིག་གནས་ཀྱི་རྣམ་བཞག། བཤེས་པའི་སྤྲིངས་ཡིག་གི་རྩ་འགྲེལ། སྔགས་ཀྱི་བཀླག་ཐབས་གཅེས་བསྡུས། སྐར་རྩིས་ཀྱི་མན་ངག་རིགས་ལྡན་སྙིང་ཐིག། མངོན་བརྗོད་ཀྱི་བསྟན་བཅོས་མཁས་པའི་རྣ་རྒྱན་བཅས་དང་།
གངས་ལྗོངས་ཤེས་རིག་ཉིང་བཅུད་དཔེ་ཚོགས། དེབ་ཕྲེང་གསུམ་པ་ནི།
རོལ་མོའི་བསྟན་བཅོས་དང་དེའི་རྣམ་བཤད། མངོན་བརྗོད་འཆི་མེད་མཛོད། རྒྱན་འཇུག་གཉིས་དང་བསྟོད་ཆེན་བཞིའི་རྩ་བ། སློབ་སྤྲིངས་རྩ་འགྲེལ། པྲ་ཏིའི་སུམ་རྟགས་དགོངས་འགྲེལ། དེབ་ཐེར་དཀར་པོ། སྙན་ངག་གི་དོགས་དཔྱོད། ནད་རྟགས་གསལ་སྟོན། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ། ཀུན་མཁྱེན་བློ་རྟགས་བཅས་སོ། །