
རང་རེའི་དྲ་བའི་འཕྲིན། ཆ་སྙོམས་ཀྱི་མཚོ་འཕགས་སྨི3600ཡོད་པའི་སྨར་ཁོག་གཙང་པོའི་ནགས་ཁུལ་དུ། མདོ་དབུས་མཐོ་སྒང་གི་ཆེས་མཚར་སྡུག་གི་སྟོན་ཁའི་ཡུལ་ལྗོངས་སྐུང་ཡོད་ལ། སྟོན་ཟླ་བཅུ་པར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་པད་མ་རྫོང་དུ་ཆེས་བཀྲག་མདངས་འཚེར་བའི་སྟོན་ལྗོངས་ཀྱི་རི་མོ་ཅིག་གྲུབ་ཡོད་དེ། མཁའ་དབྱིངས་ནས་མར་བལྟས་ཚེ། མཚོ་སྔོན་དང་སི་ཁྲོན་གྱི་འབྲེལ་མཚམས་སུ་གནས་པའི་གདོད་མའི་ནགས་ཁུལ་དེ་ནི་ས་གཞི་ཆེན་པོའི་སྟེང་ཕྲ་རུ་བརྒྱན་པའི་རིན་པོ་ཆེ་ཞིག་དང་འདྲ་བར་ཡིད་འོངས་ཀྱི་འོད་མདངས་ཤིག་འཚེར་བཞིན་ཡོད་ལ། ཀྱག་ཀྱོག་ཏུ་བཞུར་པའི་སྨར་ཁོག་གཙང་པོ་ནི་དྭངས་ཤིང་གསལ་ལམ་མེར་རི་ཀླུང་དང་ནགས་འདབས་བསྐོར་ནས་ཆལ་ཆིལ་དུ་འབབ་བཞིན་ཡོད།



