ཁམས་པའི་རིག་གནས་བགྲོ་གླེང་ཚོགས་འདུ་སྐབས་བཅུ་གསུམ་པ་དར་མདོ་གྲོང་ཁྱེར་དུ་འཚོགས།

ཡོང་ཁུངས། དཀར་མཛེས་སྨྱན་སྦྱོར།

ཉེ་སྔོན། ཏང་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོག་པར་དགའ་བསུ་ཞུ་བའི་སྐབས་འདིར། སི་ཁྲོན་མི་རིགས་སློབ་ཆེན་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཆང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་གཙོ་དོན་བྱས་པའི་ཁམས་པའི་རིག་གནས་བགྲོ་གླེང་ཚོགས་འདུ་སྐབས་བཅུ་གསུམ་པ་དར་མདོ་གྲོང་ཁྱེར་གུ་དྲག་གྲོང་རྡལ་སི་ཁྲོན་མི་རིགས་སློབ་གླིང་དུ་འཚོགས་པ་རེད།

ཚོགས་འདུར་ནན་ཁའེ་སློབ་ཆེན་དང་། སི་ཁྲོན་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། བོད་ལྗོངས་སློབ་ཆེན་སོགས་མཐོ་སློབ་གྲགས་ཅན་མང་པོ་ནས་ཡོང་བའི་ཆེད་མཁས་པ་དང་དེ་བཞིན་ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་རིག་གནས་སྡེ་ཁག་དང་། གསར་འགྱུར་ལས་ཁུངས། སློབ་གྲྭའི་དགེ་སློབ་བཅས་མཉམ་འཛོམས་བྱས་ནས་གྲོས་བསྡུར་གཏིང་ཟབ་བྱས།       འགོ་ཚུགས་མཛད་སྒོར་སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ཚོགས་པའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཧོང་ཅིན་གྱིས་ཤིས་ཚིག་ཕུལ་བའི་སྐབས། སི་ཁྲོན་མི་རིགས་སློབ་ཆེན་གྱིས་ཁམས་པའི་རིག་གནས་ཞིབ་འཇུག་ཁྱབ་ཁོངས་སུ་ཡུན་རིང་བྱས་རྗེས་བཞག་པར་ཁས་ལེན་བྱས་པ་དང་། དེའི་ཞིབ་འཇུག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཆང་བར་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། ཞིབ་འཇུག་རྟེན་གཞི་དེར་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏང་རྒྱུ་ཡིན་ཞེས་བཤད་པ་རེད།

དཀར་མཛེས་ཁུལ་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡིའུ་ཞང་ཧྥེས་ཤིས་ཚིག་ཕུལ་སྐབས་སི་ཁྲོན་མི་རིགས་སློབ་གླིང་ལ་བླང་བྱ་བཞི་བཏོན་པ་སྟེ། གཅིག་ནི་སློབ་གསོའི་རྟེན་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་གཏིང་ཟབ་ཏུ་བཏང་ནས་དཀར་མཛེས་ཁུལ་འཕེལ་རྒྱས་གཏོང་བར་རིག་སྟོབས་ཀྱིས་རྒྱབ་སྐྱོར་བྱ་དགོས་པ་དང་། གཉིས་ནི་འབྲེལ་གཏུག་ཟམ་པ་བསྐྲུན་ནས་སྣ་མང་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་དཀར་མཛེས་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ། ཁམས་པའི་རིག་གནས་བརྒྱུད་འཛིན་ལ་སྐུལ་འདེད་གཏོང་བ། གསུམ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་རྒྱུར་རོགས་རམ་བྱས་ཏེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འབྲེལ་ཡོད་འཆར་འགོད་བཟོ་འགོད་དུ་ཞུགས་པ། བཞི་ནི་ཤེས་ལྡན་མི་སྣའི་བློ་གྲོས་གཅིག་ཏུ་བསྡུས་ནས་འཐབ་ཇུས་ཞིབ་འཇུག་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་སྒུལ་ཤུགས་གསར་པ་བསྣན་དགོས་ཞེས་བསྟན་ཡོད།

སི་ཁྲོན་མི་རིགས་སློབ་གླིང་ཏང་ཨུའི་ཧྲུའུ་ཅི་ཀོན་ཡུང་ལིན་གྱིས་འགོ་ཚུགས་གཏམ་བཤད་ཁྲོད་དུ་སློབ་གྲྭའི་སློབ་གཉེར་དང་ཚན་རིག་ཞིབ་འཇུག་གི་གནས་ཚུལ་མདོར་བསྡུས་ངོ་སྤྲོད་བྱས་པར་མ་ཟད། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུའི་གོ་སྐབས་ལ་བརྟེན་ནས་ཁམས་པའི་རིག་གནས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ལ་རིག་གནས་ཀྱི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།       གཙོ་དོན་གཏམ་བཤད་ལ་སློབ་གསོ་པུའུ་ཡི་ཁྲང་ཅང་དང་དགེ་རྒན་ཆེ་མོ་བ་ཡེ་ཤེས་འོད་གསལ་ཨ་ཚོགས་དང་། ཀྲོའུ་རུན་ནན། ནོར་བུ་སོགས་མཁས་དབང་གྲགས་ཅན་བཅུ་ལྷག་གདན་ཞུ་བྱས་ཡོད་ལ། ཁོ་ཚོས་ལོ་རྒྱུས་ཀྱི་ཡིག་ཆ་དང་། མི་རིགས་བར་གྱི་འབྲེལ་བ། སྒྱུ་རྩལ་གསར་གཏོད། རིག་གནས་སྤེལ་རེས་སོགས་ཕྱོགས་མང་པོའི་ཐད་ནས་སྙན་སེང་ཕུལ་ཞིང་རིག་ཚན་མང་པོའི་ཐོག་ནས་ཁམས་པའི་རིག་གནས་ལ་ཕྱོགས་ཡོངས་དང་གཏིང་ཟབ་པའི་སྒོ་ནས་དབྱེ་ཞིབ་བྱས་ཡོད།

ཉིན་དེའི་ཕྱི་དྲོའི་ཚོགས་འདུར་རིག་ཚན་འཛུགས་སྐྱོང་དང་ཆེད་ལས་འཛུགས་སྐྲུན་སྐོར་གྱི་གླེང་སྟེགས་བཙུགས་ནས་ཆེད་དོན་གྲོས་བསྡུར་བྱས་པ་རེད། ཚོགས་ཞུགས་ཆེད་མཁས་པས་བོད་རིག་པའི་རིག་ཚན་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་། སློབ་ཚན་ལེགས་སུ་གཏོང་བ། མཉམ་འདུས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་གྲོས་གཞི་གཙོ་བོའི་ཐད་ཐུན་མོང་གི་ངོས་འཛིན་མང་པོ་བྱུང་ནས་བོད་རིག་པའི་སློབ་གླིང་གི་འབྱུང་འགྱུར་འཕེལ་རྒྱས་ལ་བསམ་ཕྱོགས་རྩ་ཆེན་མཁོ་འདོན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཁམས་པའི་རིག་གནས་བགྲོ་གླེང་ཚོགས་འདུ་དེ2011ལོར་བཙུགས་པ་ནས་བཟུང་བསྟུད་མར་སྐབས་བཅུ་གསུམ་འཚོགས་པ་དང་སློབ་གྲྭ་རིམ་པའི་ཚོགས་འདུ་ཞིག་ནས་ཞིང་ཆེན་ཕྱི་ནང་དུ་ཤུགས་རྐྱེན་ལྡན་པའི་རིག་གཞུང་སྤུས་རྟགས་ཤིག་ཏུ་རིམ་བཞིན་འཕེལ་རྒྱས་ཕྱིན་ནས་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོན་ནས་ཁམས་པའི་རིག་གནས་ཀྱི་རིག་གཞུང་ཞིབ་འཇུག་དང་བརྒྱུད་འཛིན་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་དང་གཏོང་བཞིན་ཡོད་པ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།