རེབ་གོང་སྒོ་དམར་གནའ་མཁར། གནའ་བོའི་ཤེས་རིག་གི་ཉམས་འགྱུར།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ས་ལས་བྱས་པའི་མཁར་གྱང་དང་རིང་ཞིང་དོག་པའི་སྲང་ལམ། ལོ་ཟླའི་ཚོས་མདོག་བབས་པའི་བོད་ལུགས་ཤིང་སྒོ་སོགས་ཀྱིས་བརྒྱན་པའི་གནས་འདི་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གཉན་ཐོག་ཞང་གི་སྒོ་དམར་སྡེ་བའི་སྒོ་དམར་གནའ་མཁར་ཡིན། གནའ་མཁར་འདིའི་ལོ་རྒྱུས་ནི་སྤྱི་ལོ་དུས་རབས7པར་དེད་ཆོག་ལ། སྔོན་ཆད་འདི་ནི་མཐའ་མཚམས་སྲུང་བའི་དམག་གི་དམར་སྒར་ཞིག་ཡིན་པར་བརྗོད། འདི་ལ་ཀྲུང་གོའི་ལོ་ངོ་སྟོང་ཕྲག་གཉིས་རིང་གི་དམག་སྡོད་ས་སློག་གིས་མཐའ་མཚམས་སྲུང་བའི་ལོ་རྒྱུས་ཀྱི“འགྱུར་རྡོ་གསོན་པོ”ཞེས་པའི་མཚན་སྙན་ཡོད། མཐོ་སྒང་གི་ཞོགས་སྲོད་ནི་གནའ་མཁར་འདིའི་གྱང་སྲུབས་དང་རྡོ་གཅལ་ངོས་སུ་སྙིགས་ཏེ། དམག་རྟའི་ཡོ་ལང་རྒོད་པའི་རྒྱང་བཞུད་ཀྱི་ལོ་ཟླ་དེ་ཟིན་ཐོར་འགོད་བཞིན་ཡོད།       སྒོ་དམར་གནའ་མཁར་ནི་མཚོ་སྔོན་ཞིང་ཆེན་གྱི་ལོ་རབས་ཆེས་སྔ་བ་དང་རྒྱལ་ནང་གི་ཉར་ཚགས་བྱས་པ་ཆེས་ཆ་ཚང་བའི་གནའ་མཁར་ཞིག་ཡིན་ལ། 2006ལོར་ཀྲུང་གོའི་ལོ་རྒྱུས་རིག་གནས་གནའ་སྡེའི་མཚན་སྙན་ཐོབ་ཅིང་། མཚོ་སྔོན་གྱི་མཚན་སྙན་འདི་ཐོབ་པའི་སྲིད་འཛིན་སྡེ་བ་གཅིག་པུའང་ཡིན།       གནའ་མཁར་ནི་ས་ལས་བྱས་པའི་གྲུ་བཞི་ནར་མོའི་དབྱིབས་ཀྱི་མཁར་རྫོང་ཞིག་ཡིན་ལ། ནང་དུ་ཤར་སྒོ་དང་ནུབ་སྒོ། ལྷོ་སྒོ་བཅས་སྒོ་གསུམ་ཡོད། ཤར་སྒོ་ནི་སྡེ་བའི་ནང་ལ་འགྲོ་སའི་ལམ་དུ་ཡོད་ཅིང་། གནའ་མཁར་དང་ཕྱི་རོལ་བར་གྱི་འགྲོ་འོང་བྱེད་སའི་སྒོ་གཙོ་བོ་ཡིན་པར་མ་ཟད། གནའ་བོའི་དུས་སུ་དེ་བས་ཀྱང་འགྲིམ་འགྲུལ་བགྲོད་ལམ་གཙོ་བོ་སྲུང་བའི་བྱེད་ནུས་འདོན་བཞིན་ཡོད། གནའ་མཁར་ནང་གི་ལམ་ནི་རིང་ཞིང་དོག་ལ་གྱ་གྱུ་ཆེ་བ་དང་། སྲང་ལམ་གྱི་ཞེང་ཚད་ཆེས་ཆེ་སར་སྨི3དང་ཆེས་དོག་སར་མི་གཅིག་མ་གཏོགས་བགྲོད་མི་ཐུབ། སྒྲིག་འགོད་རྙོག་འཛིང་ཆེ་བའི་ཁར། མཐོ་ཞིང་བརྗིད་པའི་ས་གྱང་ལ་ར་སྐོར་གྱི་འཛུལ་སྒོ་མ་གཏོགས་སྒེའུ་ཁུང་ཞིག་ཀྱང་མེད་པས། མགོ་འཁོར་ཕོ་བྲང་ཞིག་དང་འདྲ།

ཉེ་བའི་ལོ་འདི་དག་ལ། གནའ་མཁར་ནང་གི་གནའ་ཁང་མི་ཉུང་བར་ཞིག་གསོ་དང་སྲུང་སྐྱོབ་སྒོས་ལེགས་སྒྱུར་བེད་སྤྱོད་བྱས་ཏེ། ཁོ་ཧྥེ་ཁང་དང་འཆར་འགོད་ལས་སྒྲུབ་ཁང་། བཤམས་སྟོན་ཁང་ཆུང་ངུ་སོགས་སུ་སྤྱད་པས། “རིག་རྩལ་གྱི་ཉམས་འགྱུར”ཡོངས་སུ་རྫོགས་འདུག ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་ཡུལ་སྐོར་བ་རྣམས་དཀོན་མཆོག་བཀྲ་ཤིས་ཚང་གི་ཁྱིམ་ཚང་མགྲོན་ཁང་དུ་བསྡད་དེ། རིག་གནས་ཀྱི་ཁྱད་པར་གླེང་ཞིང་བོད་ཇའི་བྲོ་བར་མྱོང་། སྒོ་དམར་བསྟན་འབིགས་ཀྱི་གནའ་ཁང་ནང་གི་ཀ་བ་དང་གདུང་མའི་བར་དུ། ཡུལ་སྐོར་བའི་བརྙན་མིག་དང་ལོ་རྒྱུས་ཀྱི་ཚོས་མདོག་གཞི་གཅིག་ཏུ་འདྲེས་ཏེ། ཡུལ་སྐོར་བའི་མཐོང་རྒྱ་དང་ནང་སེམས་ཡོངས་སུ་གཏམས་པར་བྱས་ཡོད།

སྒོ་དམར་གནའ་མཁར་གྱི་བཟོ་བཀོད་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཏེ། ཤར་ནུབ་ཀྱི་རིང་ཚད་ལ་སྨི220དང་། ལྷོ་བྱང་གི་ཞེང་ལ་སྨི180ཡོད་པའི་ས་ལས་བྱས་པའི་གྲུ་བཞི་ནར་མོའི་དབྱིབས་ཀྱི་མཁར་རྫོང་ཞིག་ཡིན། ཀྲང་ལི་དབྱང་གིས་པར་བླངས།

གནའ་མཁར་ནང་རོལ་གྱི་རྡོ་གཅལ་ལམ་གྱི་ཞེང་ཆེས་ཆེ་སར་སྨི3ཙམ་ཡོད་ལ། ཆེས་དོག་སར་མི་གཅིག་མ་གཏོགས་བགྲོད་མི་ཐུབ། ལམ་འགྲམ་གཉིས་སུ་མཐོ་ཞིང་བརྗིད་པའི་ས་གྱང་ཡོད། ཀྲང་ལི་དབྱང་གིས་པར་བླངས།

གྱང་མཐོན་པོས་བསྐོར་བའི་སྲང་ལམ་ནི་གྱ་གྱུ་ཆེ་ལ། ས་དང་ཤིང་གི་གྲུབ་ཚུལ་ལ་བོད་ལུགས་བཟོ་བཀོད་ཀྱི་ཁྱད་ཆོས་མངོན་པར་གསལ། ཀྲང་ལི་དབྱང་གིས་པར་བླངས།

དཀོན་མཆོག་བཀྲ་ཤིས་ཀྱིས་རང་ཁྱིམ་དུ་གཉེར་བའི་སྒོ་དམར་སྒྱུ་རྩལ་བཤམས་སྟོན་ཁང་ཆུང་ངུ་། ཀྲང་ལི་དབྱང་གིས་པར་བླངས།

སྒོ་དམར་བསྟན་འབིགས་ཀྱི་གནའ་ཁང་ནི་སྒོ་དམར་སྡེ་བའི་ཉར་ཚགས་བྱས་པ་ཆེས་ཆ་ཚང་བའི་གནའ་ཁང་ཞིག་ཡིན་ལ། ད་ལྟའི་བར་དུ་ལོ་ངོ600ལྷག་གི་ལོ་རྒྱུས་ཡོད། དབྱང་ཆི་ཧུང་གིས་པར་བླངས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།