བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་ཤིང་བརྐོས་སྒྱུ་རྩལ་དེ་ཡུལ་གྲུ་ཀུན་ལ་གྲགས་ཡོད་པ་དང་། ངག་རྒྱུན་ལྟར་ན་ལོ་ངོ300ལྷག་གི་ཡར་སྔོན་དུ། ཤིང་བརྐོས་སྒྱུ་རྩལ་པས་ནས་འབྲུའི་སྟེང་དུ་གསོན་ཉམས་དོད་པའི་ཤིག་བརྐོ་ཐུབ་པས། "ཤིག་བརྐོ"ཞེས་པའི་མཚན་སྙན་ཐོབ་ཡོད།
གྲ་ནང་རྫོང་གི་བཀྲ་ཤིས་རྟགས་བརྒྱད་ཀྱི་ཤིང་བརྐོས་བརྩམས་ཆོས།
གྲ་ནང་རྫོང་གི་ཤིང་བརྐོས་་ལག་རྩལ་དེ་ཧ་ཅང་ཞིབ་ཕྲ་ལྡན་པའི་ལག་བཟོས་སྒྱུ་རྩལ་ཞིག་ཡིན་ཏེ། རྒྱུ་ཆ་འདེམས་པ་ནས་སྐྱ་ཐིག་ཕབ་པ། རི་མོ་འབྲི་བ་བཅས་ནས་འོད་འདོན་པ། ཚོན་བྱུག་པའི་བར། གོ་རིམ་རེ་རེ་ཧ་ཅང་ཞིབ་ཆ་ལྡན་པ་ཞིག་ཡིན།
སྐྱ་ཐིག་ཕབ་པ་དང་སྤྱིའི་གྲུབ་ཚུལ།
སྐྱ་ཐིག་ལྟར་རི་མོའི་སྤྱིའི་དབྱིབས་དང་རྣམ་པ་དྲ་བ།
པད་མ་དགྲ་འདུལ་གྱི་གདོང་ལ་ཇ་མདོག་གི་མིག་ཤེལ་ཅིག་གྱོན་པ་དང་། ཤ་དྲེག་ཆགས་པའི་ལག་པས་ཤིང་བརྐོས་སྒྱུ་རྩལ་ལ་འཐམས་ནས་མི་ཚེའི་ཕྱེད་ཀ་འགོར་ཡོད། 1981ལོར། ལོ་ན12ཡིན་པའི་པད་མ་དགྲ་འདུལ་ཕུ་བོའི་རྗེས་འབྲངས་ནས་ཤིང་བརྐོས་ལག་རྩལ་སློབ་སྦྱོང་བྱས་ལ། གྲ་ནང་ཤིང་བརྐོས་སྒྱུ་རྩལ་གྱི་རྒྱུད་འཛིན་པ་མི་རབས་དྲུག་པར་གྱུར་པ་དང་། དུས་མཚུངས་སུ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲ་ནང་ཤིང་བརྐོས་གྱི་རྒྱུད་འཛིན་པར་ཡང་གྱུར་ཡོད།
པད་མ་དགྲ་འདུལ་གྱིས་ལག་རྩལ་ཁྲིད་བཞིན་པ།
བརྩམས་ཆོས་བརྐོ་བཞིན་པ།
1994ལོར། པད་མ་དགྲ་འདུལ་གྱིས་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་སུ་བོད་ལུགས་ཀྱི་ཁྱིམ་ཆས་བཟོ་གྲྭ་ཞིག་བཙུགས་པ་དང་། འདི་ནི་ཁོང་གིས་གྲ་ནང་ཤིས་བརྐོས་སྒྱུ་རྩལ་དེ་ཚོང་རར་ཁྱབ་གདལ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། 2012ལོར། ཁོ་རང་སླར་ཡང་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱས་ཏེ། གྲ་ནང་རྫོང་དུ་ཤིང་བརྐོས་ལག་བཟོས་སྒྱུ་རྩལ་གྱི་མཉམ་ལས་ཁང་བཙུགས་པ་རེད།
པད་མ་དགྲ་འདུལ་གྱིས་ཤིང་བརྐོ་བྱེད་བཞིན་པ།
2015ལོར། པད་མ་དགྲ་འདུལ་དང་རྫོང་སྲིད་གཞུང་། རྫོང་ལས་རིགས་སློབ་ཁྲིད་ལྟེ་གནས་བཅས་ཀྱིས་མཉམ་འབྲེལ་བྱས་ཏེ། “ཁེ་ལས+སློབ་གྲྭ+རྟེན་གཞི”ཡི་རྣམ་པ་ལྟར། “སློབ་གྲྭ་དང་ཁེ་ལས་ཕན་ཚུན་རོགས་སྐྱོར་དང་ཕན་ཚུན་སྐུལ་སྤེལ། གཉིས་ཕན་མཉམ་རྒྱལ”གྱི་རྩ་དོན་ལ་གཞིགས་ནས་ཤིང་བརྐོས་ལག་བཟོས་གླིང་གསར་འཛུགས་བྱས་ལ། 2016ལོར་དངོས་སུ་བེད་སྤྱོད་བྱེད་མགོ་རྩམས། 2020ལོར། ཁོ་རང་བོད་རང་སྐྱོང་ལྗོངས་རིམ་པའི་ལག་བཟོས་ཤིང་བརྐོས་སྒྱུ་རྩལ་པའི་རྒྱུད་འཛིན་པར་བདམས། 2015ལོའི་ཟླ5པར། གྲ་ནང་གི་ཤིང་བརྐོས་དེ་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མིང་མཛོད་དུ་བདམས།
2021ལོའི་ཟླ5པར་གྲ་ནང་གི་ཤིང་བརྐོས་དེ་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མིང་མཛོད་དུ་བདམས་པ།
པད་མ་དགྲ་འདུལ་གྱི་མཉམ་ལས་ཁང་དུ་ཤིང་བརྐོས་གསོ་སྦྱོང་འཛིན་གྲྭ་བཙུགས་ཤིང། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ལས་སྒུག་ན་གཞོན་བསྡུ་ལེན་བྱ་ཡུལ་དུ་བཟུང་ཡོད་པ་དང་། གསོ་སྦྱོང་འཛིན་གྲྭའི་ནང་ཕྱེད་ཀ་ཡན་གྱི་སློབ་མ་ནི་རྫོང་གི་དབུལ་ཕོངས་ཁྱིམ་ཚང་ཡིན། པད་མ་དགྲ་འདུལ་གྱིས་རིན་མེད་ངང་ཟ་མ་དང་སྡོད་ས་མཁོ་འདོན་བྱས་ཏེ་ལག་རྩལ་ཁྲིད་པ་དང་། ལག་རྩལ་ཚད་མཐུན་ཡིན་ཚེ་ལས་བཟོ་པར་བསྒྱུར་ནས་དེ་བསྟུན་གྱི་ཟླ་ཕོགས་སྟེར་བཞིན་ཡོད།
སློབ་མས་ཤིང་ལེབ་སྟེང་སྐྱ་ཐིག་ཕབ་བཞིན་པ།
བོད་ལུགས་ཁྱིམ་ཆས་སྟེང་གི་ལག་བཟོས་ཤིང་བརྐོས་རི་མོ།
བོད་ལུགས་ཁྱིམ་ཆས་སྟེང་གི་ངོ་མཚར་བའི་གྲ་ནང་ཤིང་བརྐོས།
བོད་ལུགས་ཁྱིམ་ཆས་སྟེང་གི་ངོ་མཚར་བའི་གྲ་ནང་ཤིང་བརྐོས།
ད་ལྟ། གྲ་ནང་ཤིང་བརྐོས་ལག་རྩལ་དེ་རྒྱུད་འཛིན་ཁྲོད་གསོན་ཤུགས་རྒྱས་ནས། ས་གནས་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་བསྣན་ཡོད། །