འབྲུག་མོའི་ན་ཇ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

སློབ་དཔོན་པདྨ་འབྱུང་གནས་དུས་སུ་མཐའ་འཁོབ་བོད་ཡུལ་གདུལ་བྱར་དགོངས་ཏེ། སྙིགས་མ་ལྔ་བདོའི་དུས་མཐའི་རྒུད་པ་སེལ་ཆེད་ལྷག་པའི་སྨོན་ལམ་བཏབ་སྟེ།  སྐྱེ་འགྲོ་ཡོངས་ཀྱི་ལུས་བདེ་སེམས་སྐྱིད་ལ་སྨན་པ། འབྱུང་བཞི་གང་རུང་གི་གཟུགས་སུ་བསྒྱུར་ནུས་པའི་མེ་ཏོག་སེར་པོ་འདབ་མ་ལྷུག་པོར་གྲོལ་བ་སྟོང་ཉིད་ནམ་མཁར་གཏེར་དུ་སྦས་པ།  ཕྱིས་སུ་རྗེ་བཙུན་སྒྲོལ་མ་དཀར་མོའི་རྣམ་སྤྲུལ།  གླིང་བཟའ་སེང་ལྕམ་འབྲུག་མོ་དང་ཨ་མ་འགོག་མོ་རྣམ་གཉིས་བོད་ཀྱི་སྤེན་ནེ་རི་ལ་ལྷ་རྟ་རྐྱང་རྒོད་འཕེར་བོ་འཛིན་དུ་ཆས་ཉིན།  འདེབ་ཇ་མེད་པ་དུས་དང་བསྐལ་བའི་གནད་ལ་སྨིན།  རྟགས་དང་རྟེན་འབྲེལ་ལེགས་པར་འགྲིག་སྟེ། གཏེར་དུ་བཞེས་པ་ད་ལྟའི་འབྲུག་མོའི་ན་ཇ་འམ་ཨྱོན་གཏེར་ཇ་འདི་ཉིན་དེ་ནས་གླིང་ཡུལ་སྟོད་བར་གསུམ་དུ་འཐུང་འགོ་ཚུགས་ནས་ད་ལྟ་ལོ་སྟོང་ལ་ཉེ་བར་འཁུམ།སྐྱེ་སའི་གནས། ཇ་འདི་མཚོ་འཕགས་སྨི5000ལ་ཉེ་བའི་འཛམ་གླིང་སྒལ་ཚིགས་ཀྱི་མདོ་དབུས་མཐོ་སྒང་ས་མཐོ་རི་གཙང་གི་དག་ཞིང་དུ། དབྱར་བདུན་པའི་མེ་ཏོག་གི་རྒྱ་མཚོའི་ཁྲོད་མ་པང་བུ་འཇུག་གི་ཚུལ་དུ་ལེགས་པར་བཞད་པ།    

རོ་དང་བྲོ་བ།    མངར་ལ་ཅུང་ཟད་བསྐ་བ།   བསིལ་ཞིང་འཇམ་པ།

ཕན་ནུས།      རྒྱུན་དུ་བཏུང་ན་ཁྲག་རླུང་འཇོམས་ཤིང་དང་ག་འབྱེད།  སྐོམ་པ་སེལ་ཞིང་སེམས་ཁམས་དྭངས།  ལུས་ཟུངས་གསོ་བར་མཆོག་ཏུ་ཕན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།