བོད་ལྗོངས་སུ་ཞིང་པའི་དཔྱིད་འདེབས་ཀྱི་མཛད་སྒོ་སྤེལ་བ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

པར་འདི་ནི་ཟླ3པའི་ཚེས16ཉིན་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་དུ་དཔྱིད་འདེབས་མཛད་སྒོ་སྤེལ་བའི་རྣམ་པ་རེད།

 བོད་ཀྱི་སྲོལ་རྒྱུན་གནམ་དཔྱད་ལི་ཐོ་འདེད་རྩིས་བྱས་པར་གཞིགས་ན། ཟླ3པའི་ཚེས16ཉིན་ཏེ་བོད་ཟླ1པོའི་ཚེས17ཉིན་བོད་ལྗོངས་ཀྱི་ས་གནས་ཁག་ཏུ་ཞིང་པའི་དཔྱིད་འདེབས་ཀྱི་མཛད་སྒོ་ཆེན་པོ་སྤེལ་བ་རེད། ལོ་ངོ་སྟོང་ཕྲག་རིང་རྒྱུན་འཛིན་བྱས་པའི་དཔྱིད་འདེབས་དམངས་སྲོལ་གཞིར་བཟུང་། ཞིང་པ་མང་ཚོགས་ཀྱིས་ལུས་སུ་གཟབ་མཆོར་སྤྲས་ཏེ་ཞིང་ཁར་ལས་ལ་བྲེལ་བ་དང་རེ་བའི་ས་བོན་ཞིང་ས་གཤིན་པོར་གཏོར་ནས་ཆར་ཆུ་དུས་སུ་འབབ་པ་དང་ཞིང་ལས་ལོ་ལེགས་ཡོང་བའི་སྨོན་འདུན་ཞུས། །

པར་འདི་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་དུ་དཔྱིད་འདེབས་མཛད་སྒོ་སྤེལ་བའི་རྣམ་པ་རེད།

པར་འདི་ནི་ཟླ3པའི་ཚེས16ཉིན་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་གི་ཞིང་པས་ལུས་སུ་གཟབ་མཆོར་སྤྲས་ནས་དཔྱིད་འདེབས་མཛད་སྒོར་ཞུགས་པའི་རྣམ་པ་རེད།

པར་འདི་ནི་ཟླ3པའི་ཚེས16ཉིན་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་གི་དཔྱིད་འདེབས་མཛད་སྒོའི་ཡུལ་དངོས་སུ་ནས་ཀྱི་ས་སོན་གཏོར་བའི་རྣམ་པ་རེད། 

པར་འདི་ནི་ཟླ3པའི་ཚེས16ཉིན་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་གི་དཔྱིད་འདེབས་མཛད་སྒོའི་ཡུལ་དངོས་རྣམ་པ་རེད།

པར་འདི་ནི་ཟླ3པའི་ཚེས16ཉིན་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་དུ་དཔྱིད་འདེབས་མཛད་སྒོ་སྤེལ་བའི་རྣམ་པ་རེད།

པར་འདི་ནི་ཟླ3པའི་ཚེས16ཉིན་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་དུ་དཔྱིད་འདེབས་མཛད་སྒོ་སྤེལ་བའི་རྣམ་པ་རེད།

པར་འདི་ནི་ཟླ3པའི་ཚེས16ཉིན་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་དུ་ཞིང་ལས་འཕྲུལ་ཆས་ཁ་ལོ་པས་ལུས་སུ་གཟབ་མཆོར་སྤྲས་ནས་དཔྱིད་འདེབས་མཛད་སྒོར་ཞུགས་པའི་རྣམ་པ་རེད།

པར་འདི་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་དུ་གླིང་གྲོང་ཚོའི་དཔྱིད་འདེབས་མཛད་སྒོའི་ཡུལ་དངོས་རྣམ་པ་རེད།

པར་གོང་མ་ནི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ6.8བྱུང་རྗེས་ཀྱི་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་དུ་གླིང་གྲོང་ཚོའ་གནོད་ཐེབས་མང་ཚོགས་ཡིན་ལ། པར་འོག་མ་ནི་ཟླ3པའི་ཚེས16ཉིན་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་དུ་གླིང་ཚོའི་གྲོང་མིས་དཔྱིད་འདེབས་མཛད་སྒོའི་ཐོག་ནས་ཀྱི་ས་བོན་ལ་ཞིབ་བཤེར་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཟླ3པའི་ཚེས16ཉིན་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་དུ་གླིང་ཚོའི་གྲོང་མིས་ལུས་སུ་གཟབ་མཆོར་སྤྲས་ནས་དཔྱིད་འདེབས་མཛད་སྒོར་ཞུགས་པའི་རྣམ་པ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།