ཕོ་བྲང་པོ་ཏ་ལ་གནས་སྐབས་སུ་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱུ་མ་རེད།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཉེ་སྔོན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ནས་ཤེས་གསལ་ལྟར་ན། ལྷ་ས་གྲོང་ཁྱེར་ལ་རྒྱུན་ཆད་མེད་པར་ཁ་བ་བབས་པའི་དབང་གིས་ཕོ་བྲང་པོ་ཏ་ལ་གནས་སྐབས་སུ་སྒོ་འབྱེད་པའི་ཆ་རྐྱེན་མི་འཛོམས་པས། ཕོ་བྲང་པོ་ཏ་ལའི་ལས་སྒྲུབ་མི་སྣ་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུས་ཁ་བ་གཙང་སེལ་བྱེད་བཞིན་ཡོད་ལ། ཡུལ་སྐོར་བའི་བདེ་འཇགས་འགན་ལེན་བྱ་ཆེད་གནས་སྐབས་སུ་སྒོ་རྒྱག་རྒྱུའི་ཐག་བཅད་ཅིང་། བདེ་འཇགས་དམིགས་ཚད་ཚང་མ་སྒོ་འབྱེད་ཀྱི་ཆ་རྐྱེན་དང་མཐུན་ཚེ་ཡང་བསྐྱར་སྒོ་འབྱེད་རྒྱུ་རེད།

འདི་ནི་ཁ་བ་བབས་རྗེས་ཀྱི་ཕོ་བྲང་པོ་ཏ་ལ་ཡིན། 

འདི་ནི་ཁ་བ་བབས་རྗེས་ཀྱི་ཕོ་བྲང་པོ་ཏ་ལ་ཡིན། 

ཕོ་བྲང་པོ་ཏ་ལ་ནི་བོད་ལྗོངས་ལྷ་སར་གནས་པ་དང་། ཕོ་བྲང་དང་དགོན་པ། མཁར་རྫོང་བཅས་བདག་ཉིད་གཅིག་ཅན་གྱི་བཟོ་བཀོད་ཁྱད་དུ་འཕགས་པ་ཞིག་ཡིན། བོད་ཀྱི་གཞི་ཁྱོན་ཆེ་ཤོས་དང་གཟི་བརྗིད་ཆེ་ཤོས་ཀྱི་བྲག་རིའི་སྟེང་བཞེངས་པའི་ཕོ་བྲང་ཡིན་ལ། ཀྲུང་གོའི་བོད་རིགས་བཟོ་སྐྲུན་ལག་རྩལ་གྱི་ཕུལ་དུ་བྱུང་བའི་འཐུས་ཚབ་ཀྱང་ཡིན། ཕོ་བྲང་འདི་ནི་སྤྱི་ལོ་དུས་རབས7པར་བཞེངས་མགོ་ཚུགས་པ་དང་། དུས་རབས17པར་བསྐྱར་སྐྲུན་བྱས་ནས1994ལོར《འཛམ་གླིང་ཤུལ་བཞག་རིག་གནས་ཀྱི་མིང་ཐོ》ཁྲོད་བདམས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།