ལྟོ་བ་དང་ལྟོ་བ་གཙུབས་པ་ལས།
མེ་སྟག་མཆེད།
རྒས་གཉེར་གྱི་གཤོང་བུ་མིག་ཆུས་གང་བ་ལ།
ཟ་ཁ་ཅུང་ཟད་དར།
དེ་ལྟར་ནའང་དེ་ཉིད་ཁོ་ནས།
སེམས་ཅན་གྱི་ཁོག་པར།
བཤིག་ཏུ་མེད་པའི་སྐྲན་རྡོ་ཞིག་ཆགས།
ངུ་ཤུབ་དང་ཧབ་ཆ་སྒྲོག་བཞིན་པའི།
མགོ་རུས་མང་པོ་ཞིག
རླབས་རྩེར་དབང་མེད་འཕྱོ་ཞིང་།
ཆུ་འགྲམ་དུའང་རང་དགར་འདོར།
འདི་དག་ལས་གཞན་ཅི་ཡང་མེད་པར་ཐག་གིས་ཆོད་ཚེ།
འདི་དག་མ་ཡིན་པ་ཞིག་ཅིས་ཀྱང་འཚོལ་དགོས།