རང་རེའི་དྲ་བའི་འཕྲིན། ཀྲུང་གོའི་ནུབ་བྱང་གི་མཚོ་སྔོན་ཞིང་ཆེན་གྱི་རི་སྒང་དང་རྩྭ་ཐང་ཆེན་པོའི་དཀྱིལ་དབུས་སུ་ཕྲ་བཏབ་འདྲའི་ཡངས་ཤིང་རྒྱ་ཆེ་བའི་རིན་པོ་ཆེའི་མེ་ལོང་ཞིག་ཡོད་དེ། དེ་ནི་ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་དབུས་ཁུལ་གྱི་ཚྭ་ལྡན་མཚེའུ་སྟེ་མཚོ་སྔོན་པོ་ཡིན།
མཚོ་སྔོན་པོའམ་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་ནི་བོད་སྟོད་སྨད་བར་གསུམ་ལས་སྨད་ཨ་མདོ་ཙོང་ཁའི་ཡུལ་ཁམས་ཀྱི་སའི་ཆར་བཻཌཱུརྱའི་ཞུན་མའི་མདངས་ལྡན་འཆི་མེད་ལྷ་ཡི་ལམ་བཟང་ས་རུ་འཕོས་བ་བཞིན་ལྟ་བས་མཐའ་མི་དཔོག་པར་མེར་གྱིས་འཁྱིལ་ཡོད། མཚོ་སྔོན་པོ་ཞེས་ཐོགས་དོན་ནི་མཚོ་འདི་ཆགས་སའི་ཁོར་ཡུག་ལས་ཕལ་ཆེར་སྤང་རི་སྤང་ལྗོངས་ཀྱིས་བསྐོར་བས་ཆར་ཆུ་སོགས་ཅི་ལྟར་རྒོད་ཀྱང་རྙོག་པའི་དྲི་མས་མི་ཟིན་པར་ཟབ་ལ་དྭངས་པ་རྣམ་པ་ཐམས་ཅད་དུ་སྔོ་ཡུག་སེ་ཡོད་པའི་ཆ་ནས་མཚོ་སྔོན་པོ་ཞེས་བཏགས་པ་ཡིན་ཏོ། །
མཚོ་སྔོན་པོའི་རྣུ་ལྕེ་ལྗོངས་ཁུལ།
མཚོ་སྔོན་པོའི་རྣུ་ལྕེ་ལྗོངས་ཁུལ།
དར་གོས་ཀྱིས་བཀླུབས་པའི་མཚོ་སྔོན་པོ།
མཚོ་སྔོན་པོའི་རྣུ་ལྕེ་ལྗོངས་ཁུལ།
མཚོ་སྔོན་པོའི་རྣུ་ལྕེ་ལྗོངས་ཁུལ།
མཚོ་སྔོན་པོའི་བྱང་ངོགས་ཀྱི་ཟུར་ཞིག
མཁའ་དབྱིངས་ནས་པར་བསྐྱོན་པའི་མཚོ་དར།
མཚོ་སྔོན་པོའི་བྱང་ངོགས་སུ་བགྲོད་པའི་མེ་འཁོར།