2025ལོའི་བོད་ཀྱི་ལོ་གསར་ལ་ངལ་གསོ་འཇོག་པའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་དོན་ཁང་གི་བརྡ་ཐོ།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

གྲོང་ཁྱེར་དུ་བཅའ་སྡོད་ཚན་པ་ཁག་ལ། 

    《རྒྱལ་ཡོངས་ཀྱི་དུས་ཆེན་དང་དྲན་གསོའི་ཉིན་མོར་ངལ་གསོ་འཇོག་དགོས་པའི་སྐོར་གྱི་བྱ་ཐབསཀྱི་དོན་ཚན་བཞི་པའིགྲངས་ཉུང་མི་རིགས་ཁག་གི་གོམས་སྲོལ་གྱི་དུས་ཆེན་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་གྱི་ས་གནས་མི་དམངས་སྲིད་གཞུང་གིས་མི་རིགས་དེའི་གོམས་སྲོལ་ལྟར་ངལ་གསོའི་དུས་ཚོད་གཏན་འབེབས་བྱེད་དགོསཞེས་པའི་གཏན་འབེབས་གཞིར་བཟུང་། ད་ལྟ་2025ལོའི་བོད་ཀྱི་ལོ་གསར་ལ་ངལ་གསོ་བཀོད་སྒྲིག་འདི་ལྟར་བྱ་རྒྱུ་གཤམ་གསལ། 

    2025ལོའི་བོད་ཀྱི་ལོ་གསར་ལ་ངལ་གསོ་འཇོག་པའི་དུས་ཚོད་ནི་ཟླ་2ཚེས་27ཉིན་ནས་ཟླ་3ཚེས་4ཉིན་བར་ཡིན་པ་དང་ཁྱོན་ཉིན་6ཡོད་པའི་ནང་ངལ་གསོ་ཉིན་4དང་གཟའ་མཇུག་གི་ཉིན་2འཁེལ་གྱི་ཡོད། 

      ངལ་གསོའི་རིང་གྲོང་མི་ཚོས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་རང་ངོས་འགོག་སྲུང་ལ་ཤུགས་སྣོན་རྒྱག་དགོས། ལས་ཁུངས་ཁག་གིས་ལས་རེས་དང་། བདེ་འཇགས། བདེ་སྲུང་སོགས་ཀྱི་ལས་དོན་བཀོད་སྒྲིག་ཡག་པོ་བྱེད་དགོས། ལས་རེས་འགོ་ཁྲིད་དང་ལས་རེས་མི་སྣའི་ལས་རེས་དང་ལས་རེས་སྣེ་ཁྲིད་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས། སྡོད་བྱ་ནས་རང་དགར་ཁ་བྲལ་བ་དང་ལས་རེས་བྱེད་མཁན་མེད་པ་སོགས་ཀྱི་གནས་ཚུལ་ཐོན་རྒྱུ་གཏན་འགོག་བྱེད་དགོས། གལ་སྲིད་ཐོལ་བྱུང་གི་དོན་རྐྱེན་ཚབས་ཆེན་འཕྲད་ཚེ། གཏན་འབེབས་ལྟར་དུས་ཐོག་ཏུ་སྙན་སེང་ཞུ་བ་དང་ཐག་གཅོད་འོས་འཚམ་བྱས་ནས། མི་དམངས་མང་ཚོགས་རྣམས་བདེ་འཇགས་དང་དགའ་སྤྲོའི་ངང་ལོ་གསར་གཏོང་ཐུབ་པར་འགན་ལེན་བྱེད་དགོས།

ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་དོན་ཁང་གིས།

2025ལོའི་ཟླ་2ཚེས་11ཉིན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།